དེ་ རིང་ ཕྱི་ དྲོར་ དགུ་ བཅུ་ གསུམ་ གྱིས་ འདན་ མ་ ཁུལ་ གྱི་ ཛ་ དྲག་ གནས་ སྟངས་ ཐད་ གདུང་ སེམས་ མཉམ་ སྐྱེད་ ཀྱི་ མར་ མེའི་ ཁྲོམ་ སྐོར་ ཞིག་ གོ་ སྒྲིག་ བྱས་ ཏེ། གངས་ ལྗོངས་ ས་ མཐོའི་ སྟེང་ སླར་ ཡང་ རིག་ གསར་ གྱི་ རླུང་ འཚུབ་ ལངས་ པ་ ཞེས་ པའི་ བསྒྲཊ་ གཏམ་ སྤེལ་ སོང་ །
དེ་ རིང་ ཕྱི་ དྲོའི་ ཆུ་ ཚོད་ ༦ པ་ ཡོལ་ ཙམ་ ལ། དྷ་ ས་ མེག་ གྷན་ དུ་ བོད་ ཀྱི་ དགུ་ བཅུ་ གསུམ་ ལས་ འགུལ་ ཚོགས་ པའི་ གོ་ སྒྲིག་ འོག
འདན་
ཚོགས་ གཙོ་ པ་ སངས་ ཚེ་ རིང་ ལགས་ ཀྱིས། རྒྱ་ གཞུང་ གིས་ ༡༩༥༩ ལོར་ བོད་ ས་ ཡོངས་ རྫོགས་ བཙན་ བཟུང་ བྱས་ ཏེ། བོད་ ཀྱི་ སྣོད་ བཅུད་ གཉིས་ ལ་ གཏོར་ སྐྱོན་ ཚབས་ ཆེན་ བཟོས་ དང་ བཟོ་ བཞིན་ པའི་ སྐོར་ འགྲེལ་ བརྗོད་ དང་ འབྲེལ། ཡིག་ ཐོག་ ནས་ བསྒྲགས་ གཏམ་ སྒྲོག་ སྦྱངས་ གནང་ བའི་ ནང་ ། ཐེངས་ འདིའི་ རྒྱ་ ནག་ གུང་ ཁྲན་ ཏང་ གི་ གདུག་ རྩུབ་ ཅན་ གྱི་ བྱ་ སྤྱོད་ ལ་ འཛམ་ གླིང་ མཉམ་ འབྲེལ་ རྒྱལ་ ཚོགས་ ཀྱི་ གཙོས་ འགྲོ་ བ་ མིའི་ ཐོབ་ ཐང་ ལས་ ཁུངས་ ཁག་ དང་ ། དྲང་ བདེན་ དང་ ཞི་ བདེར་ དད་ པའི་ འཛམ་ གླིང་ མི་ མང་ རྣམས་ ཀྱིས། ད་ ལྟའི་ བོད་ ནང་ གི་ ཛ་ དྲག་ གནས་ སྟངས་ དེ་ དག་ ལས་ མྱུར་ དུ་ གྲོལ་ ཐུབ་ པར་ རྒྱབ་ སྐྱོར་ གྱིས་ རྒྱ་ ནག་ གུང་ ཁྲན་ ཏང་ གཞུང་ ལ་ གནོན་ ཤུགས་ སྤྲོད་ གནང་ ཡོང་ བ་ དང་ ། ལྷག་ པར་ རྒྱ་ ནག་ གུང་ ཁྲན་ ཏང་ གི་ དཔོན་ རིགས་ ཚོས་ བོད་ ཚུད་ པའི་ གྲངས་ ཉུང་ མི་ རིགས་ སྟེང་ བཟུང་ བའི་ གདུག་ རྩུབ་ ཆེ་ བའི་ བྱ་ སྤྱོད་ དེ་ དག་ ཕྲལ་ དུ་ མཚམས་ འཇོག་ དགོས་ པ་ དང་ ། སེར་ ཤུལ་ རྫོང་ འདན་ མ་ ཡུལ་ ཚོའི་ སྡེ་ དཔོན་ དབང་ གྲགས་ ཀྱི་ གཙོས་ ཉེས་ མེད་ འཛིན་ བཟུང་ བྱས་ པའི་ ཡུལ་ མི་ རྣམས་ འཕྲལ་ དུ་ ཀློད་ གྲོལ་ དགོས། རྨས་ སྐྱོན་ ཕོག་ པའི་ རྨས་ མ་ ཚོར་ མྱུར་ དུ་ སྨན་ བཅོས་ མཐུན་ རྐྱེན་ ཆ་ ཚང་ བསྐྲུན་ དགོས་ ཞེས་ འབོད་ སྐུལ་ གྱི་ བསྒྲགས་ གཏམ་ འདི་ སྤེལ། ཞེས་ བཀོད་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།