ཁ་ སང་ ཉི་ ཧོང་ གཞུང་ གིས་ ཧིན་ དྷུ་ ནི་ ཤི་ ཡའི་ རྒྱལ་ སར་ སྲིད་ བློན་ ཤིང་ ཛོ་ ཨ་ བྷེ་ དང་ ཞི་ ཅིན་ ཕིན་ ཐུག་ སྟེ་ རྒྱལ་ ཁབ་ གཉིས་ ཀྱི་ ཐབས་ ཇུས་ འབྲེལ་ ལམ་ གོང་ འཕེལ་ གཏོང་ ཐབས་ སྐོར་ ལ་ གྲོས་ མོལ་ གནང་ རྒྱུ་ ཡིན་ སྐོར་ བརྗོད་ འདུག
ཁ་ སང་ ཉི་ ཧོང་ གི་ གཞུང་ འབྲེལ་ བརྙན་ འཕྲིན་ བརྒྱུད་ ལམ་ (NHK) ཞེས་ པའི་ ཐོག
་ གནས་ ཚུལ་ ཐོན་ པ་ ལྟར་ ན། དེ་ རིང་ དང་ སང་ ཉིན་ ཉིན་ གཉིས་ རིང་ ཧིན་ དྷུ་ ནི་ ཤི་ཡའི་ རྒྱལ་ ས་ ཇཱ་ ཀཱར་ ཌར་ (Jakarta) དཔལ་ འབྱོར་ ཡར་ རྒྱས་ འགྲོ་ བཞིན་ པའི་ ཨེ་ ཤ་ ཡ་ དང་ ཨ་ ཧྥི་ རི་ ཁའི་ རྒྱལ་ ཁབ་ ༨༠ ཡི་ མགོ་ ཁྲིད་ ལྷན་ ཚོགས་ དང་ བསྟུན་ ཏེ། ཉི་ ཧོང་ གི་ སྲིད་ བློན་ ཤིང་ ཛོ་ ཨ་ བྷེ་ ཡིས་ རྒྱ་ ནག་ གི་ སྲིད་ འཛིན་ ཞི་ ཅིན་ ཕིན་ ལ་ ཐུག་ སྟེ། རྒྱལ་ ཁབ་ གཉིས་ བར་ གྱི་ ཐབས་ ཇུས་ འབྲེལ་ ལམ་ གོང་ མཐོར་ གཏོང་ ཐབས་ སྐོར་ ལ་ གྲོས་ མོལ་ གནང་ རྒྱུ་ ཡིན་ སྐོར་ བཀོད་ འདུག
་
འདིའི་ ཐད་ ཉི་ ཧོང་ གཞུང་ གི་ སྤྱི་ ཁྱབ་ དྲུང་ ཆེ་ སུ་ གྷ་ (Yasuhide Suga)ཡིས་ རྒྱལ་ སྤྱིའི་ བརྒྱུད་ ལམ་ ཁག་ ཏུ་ “ད་ ཐེངས་ ཧིན་ དྷུ་ ནི་ ཤི་ ཡའི་ རྒྱལ་ སར་ སྲིད་ བློན་ ཤིང་ ཛོ་ ཨ་ བྷེ་ དང་ རྒྱ་ ནག་ གི་ སྲིད་ འཛིན་ ཞི་ ཅིན་ ཕིན་ རྣམ་ གཉིས་ ཐུག་ རྒྱུ་ ཡིན་ ཡང་ ། ད་ ལྟ་ ག་ དུས་ ཐུག་ མིན་ དང་ གནད་ དོན་ གང་ གི་ ཐོག་ གྲོས་ མོལ་ བྱ་ རྒྱུ་ ཡིན་ མིན་ ཐག་ གཅོད་ གང་ ཡང་ བྱས་ མེད།”ཅེས་ དང་ ། རྒྱ་ ནག་ ཕྱི་ སྲིད་ ལྷན་ ཁང་ གི་ མགྲིན་ ཚབ་ པས། “བཙན་ འཛུལ་ བྱེད་ མཁན་ རྒྱལ་ ཁབ་ ཀྱིས་ ལོ་ རྒྱུས་ ལ་ ཕྱི་ མིག་ བལྟས་ ཏེ། ད་ ལྟ་ རྒྱལ་ ཁབ་ གཉིས་ བར་ འཕྲད་ བཞིན་ པའི་ དཀའ་ རྙོག་ སེལ་ ནས་ ཨེ་ ཤ་ ཡ་ དང་ རྒྱལ་ སྤྱིའི་ རྒྱལ་ ཁབ་ ཁག་ གིས་ ཡིད་ ཆེས་ ཐོབ་ པ་ ཡིན་ ན། མ་ འོངས་ པར་ ཕྱོགས་ གཉིས་ ཀྱི་ འབྲེལ་ ལམ་ འཕེལ་ རྒྱས་ ཡོང་ རྒྱུར་ ཕན་ ཐོགས་ ཆེན་ པོ་ ཡོད།”ཅེས་ བརྗོད་ འདུག
དེ་ རིང་ ཉི་ ཧོང་ གི་ རྒྱལ་ སྤྱིའི་ གནད་ དོན་ ཆེད་ མཁས་ པ་ ཁཱེ་ མོ་ ཤི་ ཀེ་ མེ་ ཡིས་ ཉི་ ཧོང་ དུས་ བབ་ ཐོག རྒྱ་ ནག་ དང་ ཉི་ ཧོང་ ནི་ ནི་ སྟོབས་ ཆེན་ རྒྱལ་ ཁབ་ ཡིན་ པ་ མ་ ཟད་ ཁྱིམ་ མཚེས་ ཀྱང་ ཡིན་ སྟབས། ད་ ཐེངས་ རྒྱལ་ ཁབ་ གཉིས་ པོའི་ མགོ་ ཁྲིད་ ཀྱིས་ ཐུན་ མོང་ གི་ ཁེ་ ཕན་ ལ་ བསམ་ ཤེས་ བྱས་ ནས་ འབྲེལ་ ལམ་ བསྐྱར་ གསོ་ ཐུབ་ པ་ བྱས་ ཏེ། གཅིག་ ཕན་ གཅིག་ གྲོགས་ བྱེད་ དགོས་ པ་ ལས་ ཁྱོད་ ཤི་ ང་ གསོན་ གྱི་ འཐབ་ རྩོད་ བྱས་ ན་ ཕན་ ཐོགས་ གང་ ཡང་ ཡོད་ མ་ རེད་ ཅེས་ བརྗོད་ འདུག
ཐེངས་ འདིའི་ ཧིན་ དྷུ་ ནི་ ཤི་ ཡའི་ ལྷན་ ཚོགས་ འདི་ ནི་ ༡༩༥༥ ལོར་ ཨེ་ ཤ་ ཡ་ དང་ ཨ་ ཧྥི་ རི་ ཀའི་ རྒྱལ་ ཁབ་ བར་ བྷན་ ཏུང་ ལྷན་ ཚོགས་ (Bandung Conference)ཞེས་ པ་ བསྐོངས་ ནས་ ལོ་ ༦༠ འཁོར་ བའི་ དུས་ དྲན་ ཉིན་ དང་ བསྟུན་ ནས་ ཚོགས་ བཞིན་ ཡོད་ པ་ མ་ ཟད། སྐབས་ དེར་ ཤིང་ ཛོ་ ཨ་ བྷེ་ ཡིས་ ཉི་ ཧོང་ གཞུང་ གིས་ ཨེ་ ཤ་ ཡ་ དང་ ཨ་ ཧྥི་ རི་ ཀའི་ བརྟན་ ལྷིང་ སྲུང་ སྐྱོབ་ ཆེད་ ལེགས་ སྐྱེས་ འབུལ་ ཕྱོགས་ དང་ ། འཛམ་ གླིང་ དམག་ ཆེན་ གཉིས་ པའི་ སྐབས་ ཀྱི་ གནད་ དོན་ སྐོར་ ལ་ གཏམ་ བཤད་ དང་ ། ཞི་ ཅིན་ ཕིན་ གྱིས་ རྒྱལ་ སྤྱིའི་ ཡར་ ཐོན་ དང་ ཡར་ རྒྱས་ འགྲོ་ བཞིན་ རྒྱལ་ ཁབ་ བར་ གྱི་ དཔལ་ འབྱོར་ འཕེལ་ རིམ་ དང་ ། རྒྱ་ ནག་ གཞུང་ གིས་ གྲོས་ འཆར་ བཏོན་ པའི་ དར་ གོས་ ལམ་ བུ་ དང་ འཛུགས་ སྐྲུན་ དངུལ་ ཁང་ གསར་ འཛུགས་ ཐད་ ཨེ་ ཤ་ ཡ་ དང་ ཨ་ ཧྥི་ རི་ ཁའི་ རྒྱལ་ ཁབ་ ཁག་ གིས་ ནུས་ པ་ འདོན་ སྤེལ་ བྱེད་ ཕྱོགས་ སྐོར་ ལ་ གཏམ་ བཤད་ བྱ་ རྒྱུ་ ཡིན་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་ནས་

