རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བལ་བོའི་ས་ཡོམ་ཁྲོད་རྐྱེན་ཤོར་མི་གྲངས༡༨༩༦ལ་འཕར་བ་དང་། མི་གྲངས༤༧༡༨ལ་རྨས་སྐྱོན་ཐེབས་འདུག

སྤེལ་དུས། 2015-04-26   ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  གཡང་སྒློལ
 ཀྲུང་གོའི་གསར་འགྱུར་དྲ་བའི་ཟླ༤པའི་ཚེས༢༦ཉིན་གྱི་གློག་འཕྲིན་དུ། དབྱིན་ཇིའི《ཝེ་ཚགས》ཀྱིས་བཀོད་པར་ལྟར་ན།རྒྱལ་ཁབ་དེ་གའི་ཚད་རིམ༨.༡གི་ས་ཡོམ་གྱི་རྐྱེན་ཤོར་མི་གྲངས༡༨༩༦ལ་འཕར་ཡོད་པ་དང་། གཞན་མི་གྲངས༤༧༡༨ལ་རྨས་སྐྱོན་ཐེབས་འདུག
  བལ་བོའི་ཚད་རིམ༨ཀྱི་ས་ཡོམ་དྲག་པོས། མི་གྲངས༢༠༠༠ལ་ཉེ་བ་རྐྱེན་ལམ་དུ་ཤོར་ཡོད་པ་དང་། རྒྱལ་ཁབ་དེ་གས་རྒྱལ་
ཁབ་ཁག་གིས་རོགས་སྐྱོར་བྱེད་པར་རེ་སྐུལ་བྱེད་ཀྱིན་འདུག་ལ། ས་གནས་སྨན་ཁང་དུ་རྨས་མས་ཁེངས་ནས་སྨན་པ་དག་ལས་བྲེལ་གྱི་དབང་དུ་གྱུར་ཡོད་པ་རེད། བལ་བོར་མི་གྲངས་ཁྲི༢༨༠༠ཡོད་དེ། ས་ཡོམ་གྱི་གནོད་འཚེ་ཐེབས་རྗེས་ས་གནས་ཁག་གི་སྨན་ཁང་གིས་རྨས་མ་མང་པོར་སྨན་བཅོས་བྱེད་དཀའ་བར་གྱུར་འདུག་པ་མ་ཟད། གནོད་སེལ་འཕྲུལ་ཆས་དཀོན་པའི་དབང་གིས་ཚེ་སྲོག་མྱུར་སྐྱོབ་བྱེད་ཐད་དཀའ་ངལ་ལ་འཕྲད་ཡོད་པ་རེད།
  སྨན་པ་ཁྲོ་རྡུ་ཧ་རེ(Dinesh Chaudhary)ན་རེ། རྒྱལ་ས་ཀ་ཏ་མན་རྡུར་གྱི་པི་ཨར་སྨན་ཁང་དུ་མིག་སྔར་རྨས་པ་ལྕི་མོ༣༠༠ནས༣༥༠ལ་སྨན་བཅོས་བྱེད་ཀྱི་ཡོད་མོད། དེ་ལས་མང་ཤོས་ལ་སྨན་བཅོས་བྱེད་ཁག་པོ་འདུག་ཟེར།
  ཁོས། སྨན་ཁང་གི་སྨན་བཀོལ་ཚར་པས་སྨན་ཁང་ཕྱི་ནས་ཉོ་བ་ལས་ཐབས་མི་འདུག “སང་ཉིན་ནད་པ་དེ་ལས་མང་པོ་ཡོད་སྲིད་པས། དེ་ལས་ཀྱང་ཁག་པོ་འདུག”ཟེར།
  གསར་ལམ་དུ་བཀོད་པ་ལྟར་ན། མིག་སྔར་བལ་བོའི་རྒྱལ་ས་ཀ་ཏ་མན་རྡུའི་སྨན་ཁང་དག་ཏུ་རྨས་མས་ཁེངས་ཤིང་། ངེས་མཁོའི་དངོས་ཟོག་ཀྱང་དཀོན་པར་གྱུར་པ་དང་། རྨས་མ་ཁ་ཤས་ལ་ཁྲོམ་གཞུང་དུ་སྨན་བཅོས་བྱེད་ཀྱི་འདུག གསར་ལམ་ཁ་ཤས་ལྟར་ན། ས་གནས་དེ་གའི་སྨན་ཁང་གི་མྱུར་སྤྱོད་སྨན་རྫས་བྱེད་སྤྱད་བཏང་ཚར་པས། དམག་དོན་དུ་ཉར་པ་སྤྱོད་དགོས་ཀྱང་སྲིད།
  དེ་དང་ཆབས་ཅིག ས་གནས་དེ་གར་ཤུལ་ཡོམ་རྒྱུན་ཆད་མེད་པས། མང་ཚོགས་ཤུལ་ཡོམ་ལ་དོགས་ནས་སྔར་བཞིན་ཕྱི་རུ་བསྡད་འདུག
  ཀ་ཏ་མན་རྡུའི་གྲོང་མཐའི་པ་ཁུ་ཐ་ཕུར་སྨན་ཁང་གི་སྨན་པས། སྨན་ཁང་ཕྱི་རུ་བེམ་པོ༥༠ལྷག་བཞག་ཡོད། སྨན་པ་རྣམས་ཀྱིས་གཙོ་བོ་སྨན་ཁང་འགྲམ་གྱི་སྦྲ་གུར་དུ་སྨན་བཅོས་བྱེད་སྒང་ཡིན་ལ། ལས་བྲེལ་ཆེ་དྲགས་པས་འདས་པོའི་མིང་འགོད་རྒྱུར་ཡང་ཁོམ་པ་མེད་པར་གྱུར་ཡོད་ཟེར།
     ཁ་བྱང་ཕྱི་མོ། བལ་བོའི་ས་ཡོམ་ཁྲོད་རྐྱེན་ཤོར་མི་གྲངས༡༨༩༦ལ་འཕར་བ་དང་། མི་གྲངས༤༧༡༨ལ་རྨས་སྐྱོན་ཐེབས་འདུག
(རྩོམ་འགན་པ། ལྷ་དབང)