དེ་ཡང་ཉིན་དེའི་ཉིན་གུང་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭའི་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ཀྱི་གོ་སྒྲིག་འོག རྟེན་འབྲེལ་མཚོན་ཆེན་དུ་འཁྲུངས་སྐོར་སྲུང་བརྩི་བྱས་པ་དང་། ཁོང་བཙོན་ཁང་ནས་གློད་གྲོལ་བཏང་བའི་མ་འོངས་འཆར་སྣང་འཁྲབ་སྟོན་བྱས་ཡོད་པ་རེད།
དེ་བཞིན་ཉིན་དེར་ལས་འགུལ་གོ་སྒྲི་བྱེད་མཁན་ཚོགས་པ་རྣམས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་པཎ་ཆེན་རིན་ཆེའི་སྐོར་ལ་རྟོགས་ཞིབ་དགོས་པ་དང་། ཁོང་གང་མགྱོགས་གློད་གྲོལ་ཡོང་ཐབས་དགོས་པའི་སྙན་ཞུ་ཕུལ་བ་དང་། འཁྲུངས་སྐར་གྱི་ཉིན་དེར་ཁོང་གི་སྐུ་པར་ལ་ཁ་བཏག་འཐེན་པ་དང་། མངར་ཟས་རིགས་སློབ་ཕྲུག་ཚོ་དང་མི་མང་ལ་སྤྲད་པ། རྩེད་རིགས་ཁག་ཅིག་ཀྱང་གོ་སྒྲིག་བྱས་ཡོད་པ་རེད།
པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་༧གོང་ས་མཆོག་གིས་པཎ་ཆེན་སྐུ་ཕྲེང་༡༠ པའི་ཡང་སྲིད་དུ་ངོས་འཛིན་གནང་བ་དང་། རྒྱ་ནག་གཞུང་གིས་ཁོང་དང་ཁོང་གི་ནང་མི་བཅས་གསང་ཐོག་བཙན་ཁྲིད་བྱས་པ་མ་ཟད། རྒྱ་ནག་གཞུང་གི་བོད་ཀྱི་ཕྲུ་གུ་གཞན་ཞིག་པཎ་ཆེན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་བྱས་ཏེ། ད་ལྟ་པཎ་ཆེན་རྒྱལ་མཚན་ནོར་བུ་ཆགས་ཡོད་པ་རེད། པཎ་ཆེན་རིན་པོ་ཆེ་དགུང་ལོ་དྲུག་ཐོག་འཛིན་བཟུང་བྱས་པ་ཡིན་པས། འཛམ་གླིང་ནང་ཆབ་སྲིད་བཙོན་པ་ཆུང་ཤོས་དེ་ཆགས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
གསར་འགོད་པ་ཆོས་ཉིད་འོད་ཟེར།
བང་ཆེན་དྲ་བ་ནས།།
