རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གསར་འགོད་སྤེལ་སྐབས།བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་གཙོ་འཛིན་པདྨ་འཕྲིན་ལས་ཀྱིས་བོད་ཞི་བའི་བཅིངས་འགྲོལ་ཐོབ་ནས་ལོ་ངོ༦༠འཁོར་བའི་གནས་སྟངས་དང་གྲུབ་འབྲས་སྐོར་བཤད་སྐབས་ཁོས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་པར་གཤམ་གསལ།
ཏཱ་ལའི་བླ་མ་རྒས་ཡོལ་སོང་ཡང་རུང་རྒས་ཡོལ་མ་སོང་ནའང་རུང་།ཡང་ན་ཡུལ་ག་བར་རྒས་ཡོལ་སོང་ཡང་ངས་བཤད་ཕོད་པ་ཞིག་ནི་༼བགྲེས་ཡོལ་ཕེབས་པའི་གནས་ཚུལ་དེས༽ཤུགས་རྐྱེན་ཐེབས་ངེས་རེད་ལ།༼ངས༽ཤུགས་རྐྱེན་ཐེབས་ཀྱི་མ་རེད་ཅེས་བཤད་ན་འགྲིག་གི་མ་རེད།འོན་ཀྱང་ཤུགས་རྐྱེན་དེ་ག་རེ་རེད་ཟེར་ན།༼ངས་འདིར།༽དབུ་འཁྲིད་རྒན་པ་ཞིག་གིས་སྐད་ཆ་བེད་སྤྱོད་དེ་བཤད་ན་༼༸རྒྱལ་བ་རིན་པོ་ཆེ་བགྲེས་ཡོང་ཕེབས་པའི་གནས་ཚུལ་༽དེ་ནི་ཁྲོམ་པའི་ནང་གི་ཆུའི་རྦ་རླབས་ལྟར་གནམ་གཤིས་༼ཁྱོན་ཡོངས་ལ།༽ལ་འགྱུར་ལྡོག་གཏོང་ཐུབ་པའི་ནུས་པ་མེད། དེར་ཧ་ལས་དགོས་པ་གང་ཡང་ཡོད་མ་རེད།
བོད་ལ་མཐར་ཐུག་གི་ལྷིང་འཇགས་དགོས་ཤིང་འཕེལ་རྒྱས་ཀྱང་འགྲོ་དགོས་པར་བརྟེན།གནས་ཚུལ་འདིའི་སྐོར་ཁྱོད་ཚོ༼གསར་འགོད་པར་གོ་དགོས།༽བློ་བདེ་པོ་ངང་ནས་བསྡད་ན་འགྲིག་གི་རེད། ང་ཚོའི་བོད་རང་སྐྱོང་ལྗོངས་ཡིན་ནའང་འདྲ། བོད་མི་མང་ཡིན་ནའང་འདྲ།སྤྱི་ཚོགས་བདེ་འཇགས་དང་མུ་མཐུད་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སེམས་ཤུགས་དང་ནུས་པ་ཡོད། དེ་ནི་ང་ཚོའི་ཚང་མའི་ཕུག་བསམ་དང། ང་ཚོའི་ཚང་མའི་དམིགས་ཡུལ་ཡིན།
གལ་ཏེ་ཏྰ་ལའི་བླ་མས་སྒེར་གྱིས་བཤད་པ་ལྟར་དངོས་གནས་རྒས་ཡོལ་ཞུས་རྗེས་མེས་རྒྱལ་ཁ་བྲལ་གྱི་ལས་འགུལ་ནང་མ་བཞུགས་པ་དང།བོད་ཀྱི་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གཏོར་བཤིག་མ་གཏོང་བར་ཁ་བྲལ་གྱི་ལས་འགུལ་མཚམས་འཇོག་སྟེ་སེམས་པ་ཞི་ལྷོད་ཀྱི་ངང་ནས་ནང་པའི་ཆོས་པ་ཞིག་བྱེད་ན་།ངས་བསམ་པར་དེ་ནི་བོད་ལ་མཚོན་ན་གནས་ཚུལ་བཟང་པོ་ཞིག་རེད།འོན་ཀྱང་ཏཱ་ལས་དེ་ལྟར་བྱེད་ཐུབ་ཀྱི་རེད་དམ།དུས་ཚོད་འབྱུང་ན་གསར་འགོད་པའི་གྲོགས་པོ་ལྷན་རྒྱས་ཀྱིས་ཁོ་རང་སྒེར་ལ་དེའི་སྐོར་དྲི་བ་བཀོད་པའི་རེ་བ་ཡོད།
ཏཱ་ལའི་བླ་མས་ཁོའི་རྒྱུན་འཛིན་པ་གཏན་འབེབས་བྱས་ཚར་བ་རེད།གནད་དོན་དེས་ཏཱ་ལ་དང་དབུས་གཞུང་དབར་གྱི་འབྲེལ་མཐུད་ཐད་ཤུགས་རྐྱེན་གང་ཡང་ཐེབས་ཐུབ་ཀྱི་མ་རེད།༼རྒྱ་ནག་གཞུང་ངོས་ནས།༽ཏཱ་ལའི་སྒེར་དང་ཁོའི་ཉེ་ཕྱོགས་ཀྱི་མི་སྣ་ཚོའི་མདུན་ལམ་ཐོག་གླེང་རྒྱུ་ལས་བཙན་བྱོལ་བོད་གཞུང་ཟེར་བའི་སྐོར་བཤད་ཀྱི་ཡོད་པ་མ་རེད་ལ།ཏྰ་ལའི་བླ་མར་ང་ཚོའི་སྐོར་གནས་ཚུལ་གང་ཡིན་ཡང་གླེང་སློང་བྱ་བའི་ཐོབ་ཐང་མེད།བཙན་བྱོལ་སྲིད་གཞུང་ཟེར་བ་དེ་ཁྲིམས་འགལ་གྱི་སྒྲིག་འཛུགས་ཤིག་རེད།༡༩༥༩ལོའི་ཟླ་༣ཚེས་༢༨ཉིན་རྒྱ་ནག་དབུས་གཞུང་ངོས་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་བྲན་གཡོག་ལམ་ལུགས་རྩ་མེད་བཟོས་ནས་བོད་རང་སྐྱོངས་ལྗོངས་གྲ་སྒྲིག་ལྷན་ཁང་གསར་འཛུགས་བྱས། ༡༩༦༥ལོར་བོད་རང་སྐྱོང་ལྗོངས་གསར་འཛུགས་བྱས་ཡོད།
ཏཱ་ལའི་བླ་མས་རྗེས་འཛིན་པར་གདམ་ཐོན་བྱུང་བའི་༼གང་ཟག་དེ།༽སུའི་རྗེས་འཛིན་པ་རེད། རྗེས་འཛིན་ག་རེ་བྱེད་ཀྱི་རེད། ང་ནི་བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་འགོ་འཁྲིད་ཡིན། ༡༩༦༥ལོར་བོད་རང་སྐྱོང་ལྗོངས་བཙུགས་ནས་ད་བར་བོད་རང་སྐྱོངས་ལྗོངས་སྲིད་གཞུང་འདི་བོད་མི་དམངས་ཀྱིས་འོས་འདེམས་བྱས་པའི་ཁྲིམས་མཐུན་གྱི་སྲིད་གཞུང་ཁོ་ན་དེ་རེད་ལ།བོད་མི་མང་གི་རྩ་བའི་ཁེ་ཕན་དང་བོད་མི་མང་ལ་ཞབས་འདེབས་ཞུ་མཁན་གྱི་སྲིད་གཞུང་ཁོ་ན་ཞིག་རེད།
ཏཱ་ལའི་བླ་མས་ཕྱི་རྒྱལ་ཡུལ་ནས་སྲིད་གཞུང་འོས་འདེམས་བྱས་པ་རེད་ཟེར། སྲིད་གཞུང་ག་རེ་རེད། རྒྱལ་སྤྱིའི་ཐོག་ནས་རྒྱལ་ཁབ་སུའི་བཙན་བྱོལ་བོད་གཞུང་ཞེས་པ་ཞིག་ངོས་ལེན་བྱེད་ཀྱི་ཡོད་དམ། འདིར་ངས་བཤད་འདོད་པ་དེ་ནི་ཏཱ་ལའི་བླ་མས་མི་སུ་འདྲ་ཞིག་ལ་དབང་ཆ་གང་འདྲ་ཞིག་ཏུ་གདམ་ཐོན་བྱས་ཀྱང་རྒྱ་བོད་འབྲེལ་མཐུད་སྐོར་ལ་ཤུགས་རྐྱེན་གང་ཡང་ཐེབས་ཐུབ་ཀྱི་མ་རེད།
