རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བོད་ཀྱི་དུས་བབ་གསར་ཁང་ནས།


བཀའ་བློན་ཁྲི་ཟུར་འཇུ་ཆེན་མཆོག་སྐུ་གཤེཊ་འདུག


བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་མདང་ནུབ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་སྐུ་གཤེགས་ཡོད་འདུག
བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་ལ་སྔོན་མ་ནས་ཁྲག་ཤེད་ཀྱི་སྙུང་གཞི་ཞིག་ཡོད་པ་དང་། ཉེ་ལམ་ཇེ་སྡུག་ཏུ་ཕྱིན་ཏེ་ཛ་དྲག་གི་ཐོག་ལྡི་ལིར་སྨན་ཁང་དུ་ཕེབས་ཡོད་ཀྱང་། དྲག་སྐྱེད་མ་བྱུང་བར་མདང་ནུབ་དགོངས་པ་རྫོགས་ཡོད་འདུག་ལ། དམ་པ་ཁོང་ལ་གུས་འདུད་མཚོན་ཕྱིར་དེ་རིང་ཉིན་རྒྱབ་བཙན་བྱོལ་བོད་གཞུང་གི་སྲི་ཞུ་ལས་བྱེད་ཡོངས་ཀྱིས་ཆུ་ཚོད་གཅིག་རིང་བསྔོ་སྨོན་ཞལ་འདོན་སྐྱོར་རྗེས་ལས་ཁུངས་ཡོངས་ཀྱིས་ལས་མཚམས་བཞག་སྟེ་མྱ་ངན་ཞུ་རྒྱུ་ཡིན་འདུག 
བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་ནི་ཁམས་སྡེ་དགེ་རྨེ་ཤོད་དུ་སྐུ་འཁྲུངས་ཤིང་ད་ལོ་དགུང་གྲངས་ ༨༢ ཡིན་འདུག ང་དགུ་ལོར་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་རྗེས་མདོ་སྟོད་སྤྱི་འཐུས་ནས་སྤྱི་འཐུས་ཚོགས་གཙོ་དང་། བཀའ་བློན་ནས་བཀའ་བློན་ཁྲི་པ་བཅས་ཀྱི་ཐུགས་འགན་བཞེས་ཏེ་བཀའ་བློན་གྱི་ཕྱག་ལས་རྒྱུན་རིང་ཤོས་གནང་མཁན་དེ་ཆགས་ཡོད་ལ། ཕྱི་ལོ་ ༡༩༧༩ ལོར་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཚོགས་པ་ཐེངས་དང་པོ་རྒྱ་ནག་པེ་ཅིན་དུ་ཕེབས་སྐབས་ཚོགས་མིའི་གྲས་སུ་བཞུགས་ཡོད།