རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

དྲ་ཚིགས་ཀློག་མཁན་འབུམ་ ༣༥ ཡོད།


ད་ནངས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་ཚིགས་ (www.tibet.net) ཞེས་པ་དབུ་འབྱེད་གནང་སྟེ། དྲ་རྒྱའི་བརྒྱུད་ལམ་ནས་རྒྱལ་སྤྱི་དང་རྒྱ་ནག་ནང་བོད་དོན་དྲིལ་བསྒྲགས་དགོས་པའི་འབོད་སྐུལ་གནང་ཡོད།   
དེ་རིང་ཕྱི་ཚེས་ ༡༤  ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ།བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཉེ་ལམ་བསྐྱར་བཟོ་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་ཚིགས་(www.tibet.net) ཞེས་པ་དབུ་འབྱེད་གནང་སོང་ལ།མཛད་སྒོའི་ཐོག་བཀའ་ཁྲི་བློ་བཟང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་བསྐྱར་བཟོ་བྱེད་མཁན་དང་འབྲེལ་ཡོད་ལས་བྱེད་ཚོར་བསྔགས་བརྗོད་དང་འབྲེལ། དྲ་ཚིགས་བསྐྱར་བཟོ་དགོས་དོན་དང་དྲ་ཚིགས་ཀྱི་གལ་ཆེའི་རང་བཞིན་སྐོར་ངོ་སྤྲོད་གནང་སྟེ། “ ད་ཆར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་ཚིགས་ཀློག་མཁན་ཟླ་རེར་འཛམ་གླིང་རྒྱལ་ཁབ་ཁག་ ༡༤༥ ཙམ་ནས་མི་  ༣༥༠༠༠༠༠ ཙམ་ཡོད་ཅིང་། དེ་དག་ཁྲོད་ཀློག་མཁན་མང་ཤོས་ཀྱི་རྒྱལ་ཁབ་ཨ་རི་དང་རྒྱ་གར། ཁེ་ན་ཌ། ཡུ་རོབ། རྒྱ་ནག་བཅས་ཡིན་སྟབས། གཞུང་འབྲེལ་དྲ་རྒྱ་འདི་ལ་བོད་དང་རྒྱ་ནག་ས་ཁུལ་ཁག་ཏུ་ལྟ་ཀློག་བྱེད་བཞིན་པ་ཧ་ཅང་གསལ་པོ་རེད། མ་འོངས་པར་དྲ་རྒྱ་འདི་ཡར་རྒྱས་བཏང་སྟེ་ཟླ་རེར་ཀློག་མཁན་མི་ས་ཡ་ ༦ ཙམ་བྱུང་ན་བོད་མི་ས་ཡ་ ༦ ཡོད་སྟབས་རྟེན་འབྲེལ་ཡག་པོ་ཞིག་ཏུ་མཐོང་གི་ཡོད། འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་དྲ་རྒྱ་འདི་གལ་ཆེན་ཡིན་པ་མ་ཟད།བོད་མིའི་ཆབ་སྲིད་དང་སྤྱི་ཚོགས་ལའང་དྲ་རྒྱ་འདི་གལ་ཆེན་ཆགས་ཡོད་དུས། ང་ཚོས་མུ་མཐུད་དུ་བོད་ཡིག་དང་རྒྱ་ཡིག་དྲ་རྒྱ་གཉིས་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་ ” ཞེས་གསུངས་སོང་
བཀའ་དྲུང་ཡིག་ཚང་གི་ལས་བྱེད་བསྟན་འཛིན་ལེགས་བཤད་ཀྱིས་ངོ་སྤྲོད་བྱས་དོན་ལྟར་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་ཚིགས་འདི་ཕྱི་ལོ་ ༢༠༠༡ ལོར (TCRC) གློག་ཀླད་སྡེ་ཚན་གྱིས་གསར་བཟོ་གནང་བ་ཞིག་ཡིན་ཞིང་ དུས་ཀྱི་དགོས་མཁོ་དང་བསྟུན་ཏེ་ཉེ་ཆར་བསྐྱར་བཟོ་བྱས་པ་ཞིག་ཡིན་འདུག དྲ་ཚིགས་དེའི་ཇུས་འགོད་ཐོག་སྔར་དང་མི་འདྲ་བར་གསར་གཏོད་ཀྱི་རྣམ་པའི་ཐོག་བསྐྱར་བཟོ་བྱས་ཡོད་པ་མ་ཟད། ངོ་དེབ་ (facebook) དང་ ཡོ་ཊོ་བྷི་(youtube)  ཟིན་བྲིས་(blog) ཊེ་ཊེར་(twitter)  (social network )སོགས་ལེ་ཚན་ཁ་ཤསགསར་དུ་ཁ་སྣོན་བརྒྱབ་ཡོད་འདུག གཞན་དྲ་ཚིགས་དེར་གསར་འགྱུར་གྱི་པར་དང་དུས་དེབ་(Tibetan Bulletin)། དཔེ་དེབ། གལ་ཆེའི་ཡིག་ཆ་སོགས་ནང་འཇུག་དང་ གནས་ཚུལ་དང་གསར་འགྱུར་རིགས་ལ་ཐོ་འགོད་བྱས་ཏེ་རང་ཉིད་ཀྱི་མཆན་སོགས་བཏབ་ཆོག་པ་བཟོས་འདུག ལྷག་པར་དུ་བོད་ནང་ཛ་དྲག་གི་གནས་ཚུལ་སོགས་བྱུང་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དྲ་ཚིགས་བེད་སྤྱོད་གཏོང་མཁན་ཚོའི་(Email) གློག་འཕྲིན་ཁ་བྱང་ཐོག་གནས་ཚུལ་ངོ་སྤྲོད་ཞུ་རྒྱུ་ཡིན་ལ། དྲ་ཚིགས་དེའི་ངོ་དེབ་སྟེང་བཀའ་བློན་ཁྲི་པ་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་རྣམས་ཕྱོགས་བསྐྱོད་སྐབས་ཀྱི་གནས་ཚུལ་དང་ བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་ཚུལ་སོགས་ཞིབ་ཕྲར་འགོད་རྒྱུ་ཡིན་འདུག  
སྐུ་ཞབས་བསྟན་འཛིན་ལེགས་བཤད་ལགས་ཀྱིས་བརྗོད་དོན། “ ང་ཚོས་དྲ་རྒྱ་འདི་འདྲ་ཞིག་བཟོ་དགོས་པའི་དམིགས་ཡུལ་ནི་དྲ་རྒྱ་འདི་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱ་ཆགས་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་བདུན་དང་ རང་དབང་ཅན་གྱི་སྡེ་ཚན་གསུམ། བོད་མི་མང་སྤྱི་འཐུས་ལྷན་ཁང་ ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་ཀྱི་གནས་སྟངས་རྣམས་མང་ཚོགས་ལ་གསལ་བཤད་གནང་རྒྱུ་དང་ བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་དུས་ཐོག་རྒྱལ་སྤྱིའི་སྟེང་ངོ་སྤྲོད་དང་དྲིལ་བསྒྲགས། རྒྱལ་སྤྱིའི་ངོས་ནས་བོད་མིའི་སྒྲིག་འཛུགས་དང་བོད་དོན་ལ་དོ་སྣང་ཡོང་ཐབས་སུ་འབད་བརྩོན་ཞུ་རྒྱུ་བཅས་ཡིན ” ཞེས་བརྗོད་སོང་
དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་ཚིགས་དེ་བོད་ཡིག་དང་དབྱིན་ཡིག རྒྱ་ཡིག་བཅས་སྐད་ཡིག་གསུམ་ནང་བཀོད་སྤྱོད་བྱེད་ཀྱི་ཡོད་པ་དང་ ད་ཆར་གཞུང་འབྲེལ་དྲ་ཚིགས་འདི་འཛམ་གླིང་རྒྱལ་ཁབ་ཁག་ ༡༤༥ ནང་ལྟ་ཀློག་བྱེད་ཀྱི་ཡོད་འདུག  
གསར་འགོད་པ། དཔལ་ལྡན།
དུས་བབ་དྲ་བ།