རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

གྲྭ་བཀྲ་བྷེའི་གནས་སྟངས།


རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པའི་ཀིརྟི་དགོན་པའི་གྲྭ་བཀྲ་བྷེ་ལགས་འབར་ཁམས་ཀྱི་དམག་མིའི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་ཀྱི་ཡོད་འདུག
རྩོམ་པ་པོ་འོད་ཟེར་ལགས་ཀྱི་དྲ་རྒྱའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ༢༠༠༩ ལོའི་ཕྱི་ཟླ་ ༢ པའི་ཚེས་ ༢༧ ཉིན་རྔ་པ་རྫོང་ཐོག་ཏུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བཀྲ་བྷེ་ལགས།རྒྱ་ནག་ཉེན་རྟོག་དམག་མིས་མེ་མདའ་བརྒྱབ་ཏེ་རྨས་སྐྱོན་བཟོས་རྗེས་འཛིན་བཟུང་བྱས་ཏེ། ད་བར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་བྱུང་མེད་ཀྱང་། ཉེ་ཆར་གྲྭ་བཀྲ་བྷེ་ལགས་ཁོང་གི་ཨ་མ་དང་མཉམ་དུ་རྔ་པ་བོད་རིགས་རང་སྐྱོང་ཁུལ་འབར་ཁམས་ཀྱི་དམག་མིའི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་ཀྱི་ཡོད་འདུག་ལ། ཉེ་བའི་དུས་སུ་ཁོང་གི་ཨ་མའི་སྤུན་མཆེད་ལས་གཞན་ནང་མི་གཉེན་སུ་གཅིག་ཀྱང་ཐུག་འཕྲད་བྱས་བཅུག་མེད་པར་དམ་དྲག་ནན་མོ་བྱེད་ཀྱི་ཡོད་འདུག
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་གྲྭ་བཀྲ་བྷེ་ལགས་འཛིན་བཟུང་སྐབས་ཁོང་གི་ལག་པ་དང་རྐང་པ་གཡས་པ་གཉིས་ལ་མེ་མདའ་ཕོག་སྟེ་རྐང་པ་འཕྲོ་བརླག་ཏུ་ཕྱིན་ཡོད་པ་མ་ཟད། ཉེས་རྡུང་དེའི་ཁྲོད་ལག་གཡས་པ་ཡང་འགུལ་མི་ཐུབ་པའི་གནས་སུ་བསྐྱལ་ཡོད་འདུག་ལ། རང་ལུས་མེར་བསྲེག་སྐབས་ཁོང་གི་གདོང་དང་ལུས་པོ་གཉིས་མེས་འཚིག་སྟེ་ད་ཆར་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་འདུག
གསར་འགོད་པ། དོན་གོ
དུས་བབ་དྲ་བ།