རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བཀའ་ཁྲི་བློ་བཟང་སེང་གེ་མཆོག་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཀེན་བྷེར་རར་གྲོས་ཚོགས་འཐུས་མི་དང་ཆབ་སྲིད་ཚོགས་པའི་འཐུས་མི་དང་མཇལ་འཕྲད་གསུང་བཤད་གནང་བ།


༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༧ བཀའ་ཁྲི་བློ་བཟང་སེང་གེ་མཆོག་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཀེན་བྷེར་རར་ཕེབས་འབྱོར་སྐབས་ས་གནས་བོད་རིགས་མང་ཚོགས་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ཁུལ་དེར་བཀའ་ཁྲི་མཆོག་གིས་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་རླུང་འཕྲིན་ཨེ་བྷི་སི་ ABC ཞེས་པའི་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད།

ཉིན་རྒྱབ་ཏུ་ཨོ་སོ་ཊོ་ལི་ཡའི་གྲོས་ཚོགས་སུ་ཕེབས་ཏེ་གྲོས་ཚོགས་འཐུས་མི་ཁག་གཅིག་མཇལ་འཕྲད་གནང་ཁོངས་ནས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མེ་ཁལ་ཌེན་བྷེ་མཆོག་ (Michael Danby) དང་མཇལ་འཕྲད་སྐབས་བོད་དོན་ཐོག་གྲོས་ཚོགས་འཐུས་མི་རྣམས་ཀྱི་ལས་འགུལ་སྔར་ལྷག་གོང་འཕེལ་གཏོང་ཐབས་སྐོར་བགྲོ་གླེང་ལྷུག་པོ་བྱུང་ཡོད། ཕྱེད་ཡོལ་བཀའ་ཁྲི་མཆོག་གིས་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་དང་བདེ་སྲུང།
ཚོང་དོན་བཅས་ཀྱི་རྒྱུན་ལས་འཐུས་མི་ཚང་འཛོམས་ཐོག་གསུང་བཤད་གནང་སྐབས་གྲོས་ཚོགས་ནང་གི་ཆབ་སྲིད་ཚོགས་པ་གཉིས་ཀྱི་འཐུས་མི་ ༡༨ མཉམ་ཞུགས་གནང་ཡོད་པ་མ་ཟད། འཐུས་མི་རྒན་གྲས་ཁག་གཅིག་ཀྱང་ཕེབས་ཡོད། བཀའ་ཁྲི་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གལ་གནད་དང་། དེ་བཞིན་ཨོ་སི་ཊོ་ལི་ཡ་དང་རྒྱ༌ནག་དབར་གྱི་འབྲེལ་ལམ་བཅས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་བཅས།


བོད་གཞུང་དྲ་བ།