རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

༸གོང་ས་མཆོག་རྒྱ་གར་ལྷོ་ཕྱོཊ་ཁུལ་དུ་ཆིབས་བསྒྱུར།


ཟླ་འདིའི་ཕྱི་ཚེས་ ༢༣ ནས་འཆར་ཟླའི་ཚེས་ ༡༣ བར་༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་སྐྱོང་རྒྱུ་ཡིན་འདུག 
ཟླ་འདིའི་ཕྱི་ཚེས་ ༢༠ ནས་ཉིན་གཉིས་རིང་༸གོང་ས་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དུ་སོག་པོའི་དད་ལྡན་ཆོས་ཞུ་བ་གཙོསརྒྱལ་ཁབ་ཁག་ ༥༢ ལྷག་གི་དད་ལྡན་པ་ ༤༠༠༠ བརྒལ་བར་ ༸རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོས་མཛད་པའི་ལམ་རིམ་གསེར་གྱི་ཡང་ཞུན་མ་བཀའ་ཁྲིད་དང་གསང་བདག་ཕྱག་ན་རྡོ་རྗེའི་
བཀའ་དབང་བཅས་གནང་གྲུབ་ཏེ།  དེ་རིང་ཕྱི་ཚེས་ ༢༢  ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡།༠༠ ཡས་མས་སུ་བོད་མིའི་སྒྲིག་འཛུགས་བདེ་སྲུང་དྲུང་ཆེ་གཙོས་པའི་ལས་བྱེད་དང་བཞུགས་སྒར་སེར་སྐྱ་མི་མང་གི་ཕེབས་སྐྱེལ་ཁྲོད་བཞུགས་སྒར་ནས་ལྡི་ལིར་ཆིབས་བསྒྱུར་གནང་ཡོད།
ཕྱི་ཚེས་ ༢༣ ཉིན་༸གོང་ས་མཆོག་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀེ་རེ་ལཱར་ (Kerala) ཆིབས་བསྒྱུར་གནང་སྟེ། ཕྱི་ཚེས་ ༢༤ ཉིན་དེར་ཡོད་ཧིན་རྡུའི་དགོན་ཆེན་གྱི་ལོ་ ༨༠ འཁོར་བའི་དུས་དྲན་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་གྱིས་བཀའ་སློབ་གསུང་བཤད་གནང་རྒྱུ་དང་། ཕྱི་ཚེས་ ༢༥ ཉིན་ཡུ་ཤུའི་ཆོས་ལུགས་ཀྱི་མཛད་སྒོར་ཆིབས་བསྒྱུར་གྱིས་བཀའ་སློབ་གནང་རྒྱུ། ཕྱི་ཚེས་ ༢༦ ཉིན་ཀོ་ཅི་ (Kochi) ས་གནས་སུ་སྒྱུ་རྩལ་འགྲེམས་སྟོན་གྱི་མཛད་སྒོར་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་དང་།  ཕྱི་ཚེས་ ༢༧ ནས་ ༢༩ བར་༸གོང་ས་མཆོག་གིས་ཀཱ་ཎ་ཊ་ཀའི་ཌོན་གྷོར་གཙུག་ལག་སློབ་ཆེན་ (Tumkur University) གྱི་ཕུལ་བའི་སློབ་དཔོན་གྱི་ཕྱག་འཁྱེར་འབུལ་བཞེས་དང་། དེར་ཡོད་དགེ་སློབ་དང་མི་མང་ལ་འཛམ་གླིང་ཞི་བདེ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་དང་། མོན་བྷེ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་སྲོག་ཆགས་སྲུང་སྐྱོབ་ཚོགས་པའི་ ( Humane Society for International) ༢༠༡༢ ལོའི་བྱམས་སྙིང་རྗེ་ཉིན་མོ་སྲུང་གཙིའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་གྱིས་བཀའ་སློབ་གསུང་བཤད་བཅས་མཛད་འཕྲིན་ཁག་སྐྱོང་རྒྱུ་ཡིན་འདུག
ཕྱི་ཟླ་ ༡༡ ཚེས་ ༣༠ ནས་ཕྱི་ཟླ་ ༡༢ ཚེས་ ༡༣ བར་གླིང་བླ་བྲང་དང་དགའ་ལྡན་གཙོས་དད་ལྡན་པ་རྣམས་ཀྱིས་ཇི་ལྟར་གསོལ་འདེས་ཞུས་དོན་ལྟར། ༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཆེན་མོ་འབྲས་སྤུངས་དང་དགའ་ལྡན་བཅས་སུ་ལམ་རིམ་ཁྲིད་ཆེན་བརྒྱད་གཙོ་བོ་གྱུར་བའི་ལམ་རིམ་རྩ་འགྲེལ་བཅོ་བརྒྱད་ཀྱི་སྒོ་ནས་གསུང་ཆོས་གནང་རྒྱུ་ཡིན་འདུག
གསར་འགོད་པ། དོན་གོ
དུས་བབ་དྲ་བ་ནས།