འདས་
དྲི་ བ། ཁྱེད་ རང་ སྐྱེས་ ས་ གང་ ཡིན། ད་ ལྟའི་ བར་ གྱི་ སོ་ སོའི་ འཚར་ ལོངས་ དང་ སློབ་ སྦྱོང་ གི་ བརྒྱུད་ རིམ་ ངོ་ སྤྲོད་ ཅིག་ གནང་ རོགས།
ལན། ངའི་ མིང་ ལ་ ཧཱ་ ནའེ་ ཧྥའེ་ ཟེར། ངའི་ ཕ་ མ་ གཉིས་ ནི་ སྔོན་ མ་ ལྷ་ ས་ ནས་ ཕེབས་ པའི་ བོད་ པ་ ཁ་ ཆེ་ རེད། ང་ རང་ རྒྱ་ གར་ ཀ་ ཤི་ མུར་ བོད་ པ་ ཁ་ ཆེ་ གཞིས་ ཆགས་ ནང་ སྐྱེས་ པ་ རེད། ང་ རང་ ཆུང་ དུས་ ཤཱ་ འེན་ རྒྱ་ གར་ གཏན་ སློབ་ (shine public School)ནང་ སློབ་ སྦྱོང་ མཐར་ ཕྱིན་ རྗེས། གྷན་ དྷི་ རྗེས་ དྲན་ སློབ་ ཆེན་ (Gandhi memorial college) དུ་ བསྐྱོད་ དེ་ སློབ་ སྦྱོང་ བྱས་ པ་ ཡིན། སློབ་ གྲྭ་ ཐོན་ རྗེས་ དམིགས་ བསལ་ ལས་ ཀ་ གང་ ཡང་ བྱས་ མེད། ད་ ལྟའི་ བར་ སོ་ སོ་ སྒེར་ ངོས་ ནས་ ཚོང་ ལས་ རིགས་ གཉེར་ ཏེ་ བསྡད་ པ་ ཡིན། ང་ རང་ གིས་ བོད་ ཡིག་ འབྲི་ ཀློག་ ཤེས་ ཀྱི་ མེད། ཡིན་ ནའང་ ། བོད་ སྐད་ བཤད་ རྒྱུར་ དཀའ་ ངལ་ གང་ ཡང་ མེད།
དྲི་ བ། ཀ་ ཤི་ མུར་ བོད་ པ་ ཁ་ ཆེ་ གཞིས་ ཆགས་ ཀྱི་ ད་ ལྟའི་ གནས་ སྟངས་ གང་ འདྲ་ ཡོད་ པ་ རེད། དམིགས་ བསལ་ ཀྱི་ དཀའ་ ངལ་ དེ་ འདྲ་ འདུག་ གམ།
ལན། ང་ ཚོ་ ཀ་ ཤི་ མུར་ བོད་ པ་ ཁ་ ཆེ་ རྣམས་ ༡༩༥༩ ལོར་ རྒྱ་ གར་ ནང་ བསླེབས་ པ་ རེད། སྔོན་ མ་ རྒྱ་ མིས་ བོད་ ལ་ དམག་ རྒྱག་ དུས་ ང་ ཚོ་ བོད་ པ་ ཁ་ ཆེ་ མི་ མང་ པོས་ རྒྱ་ མིར་ དང་ འཛིང་ རེ་ བྱས་ ཏེ་ གྲོངས་ པ་ རེད། དེའི་ སྐོར་ ང་ ཚོ་ བོད་ པའི་ ལོ་ རྒྱུས་ ནང་ ད་ ལྟའི་ ཆར་ ཁ་ གསལ་ བོ་ དེ་ འདྲ་ ཡོད་ པ་ མ་ རེད། ང་ ཚོ་ གཞིས་ ཆགས་ ནང་ པོ་ པོ་ རྨོ་ མོ་ རྣམས་ ཀྱིས་ གནས་ ཚུལ་ དེ་ ལབ་ མེད་ པ་ ཡིན་ ན་ ང་ ཚོས་ ཤེས་ ཐབས་ ཡོད་ པ་ མ་ རེད། སྔོན་ ཆད་ ཀ་ ཤི་ མུར་ ནང་ བོད་ པ་ ཁ་ ཆེ་ གཞིས་ ཆགས་ གཅིག་ མ་ གཏོགས་ ཡོད་ པ་ མ་ རེད། རྗེས་ སུ་ མི་ གྲངས་ ཇེ་ མང་ དུ་ ཕྱིན་ པའི་ དབང་ གིས་ ད་ ལྟ་ གཞིས་ ཆགས་ ཁག་ གསུམ་ ཆགས་ བསྡད་ ཡོད་ པ་ རེད། གཞིས་ ཆགས་ གསར་ ཤོས་ དེ་ བཙུགས་ ནས་ ལོ་ ༥ ཙམ་ མ་ གཏོགས་ འགྲོ་ གི་ ཡོད་ མ་ རེད། གཞིས་ ཆགས་ གསུམ་ པོའི་ ནང་ ཁྱོན་ བསྡོམས་ བོད་ པ་ ཁ་ ཆེ་ ༢༠༠༠ ལྷག་ ཡོད་ པ་ རེད། ང་ ཚོ་ ཀ་ ཤི་ མུར་ བོད་ པ་ ཁ་ ཆེ་ ཚང་ མར་ རྒྱ་ གར་ པཱ་ སེ་ ཡོད་ སྟབས། ཡིག་ ཐོག་ ནས་ རྒྱ་ གར་ གྱི་ མི་ སེར་ ཆགས་ ཡོད་ ཀྱང་ ནང་ ལོག་ གི་ སེམས་ དང་ ཤ་ ཁྲག་ གི་ རྒྱུད་ པ་ དེ་ བོད་ ཀྱི་ སེམས་ དང་ ཁྲག་ རེད། སོ་ སོའི་ སེམས་ ནང་ ནམ་ རྒྱུན་ བོད་ པ་ རང་ ཡིན་ པ་ རེད། གཞིས་ ཆགས་ རེའི་ བར་ དུ་ ལམ་ ཐག་ དུས་ ཡུན་ ཆུ་ ཚོད་ སྐར་ མ་ ༡༥ ཙམ་ ཡོད་ ལ། གཞིས་ ཆགས་ དང་ པོའི་ མིང་ ལ་ ཨི་ དྷི་ གྷ་ དང་ ། གཞིས་ ཆགས་ གཉིས་ པའི་ མིང་ ལ་ ཧཱ་ ཝེལ། གཞིས་ གསུམ་ པའི་ མིང་ ལ་ གྷོལ་ ཆིན་ ཀོ་ ལི་ ནའེ་ བཅས་ རེད། གཞིས་ ཆགས་ ནང་ བོད་ པའི་ གཏན་ སློབ་ (Tibetan public school) དང་ སྨན་ ཁང་ །(medical store )ཡོད་ པ་ རེད། བོད་ པ་ ཁ་ ཆེ་ བྱིས་ པ་ ཚོ་ གཏན་ སློབ་ ནང་ འགྲོ་ བཞིན་ ཡོད་ པ་ རེད། ཡིན་ ནའང་ ། ད་ ལྟའི་ ཆར་ སློབ་ གྲྭ་ ཚོང་ ལས་ ཀྱི་ ངོ་ བོ་ ཤུགས་ ཆེ་ རུ་ ཕྱིན་ ཡོད་ སྟབས། མི་ ཚང་ སྐྱོ་ བོའི་ རིགས་ སློབ་ གྲྭའི་ ནང་ འགྲོ་ ཐུབ་ ཀྱི་ མི་ འདུག ང་ ཚོ་ གཞིས་ ཆགས་ ནང་ མི་ མང་ ཆེ་ བའི་ འཚོ་ རྟེན་ གཙོ་ བོ་ ནི་ ཚོང་ ལས་ དང་ འཚེམ་ བཟོ་ ཆགས་ ཡོད། དེ་ མིན་ དམིགས་ བསལ་ དཀའ་ ངལ་ དེ་ འདྲ་ ཡོད་ པ་ མ་ རེད།
དྲི་ བ། ཀ་ ཤི་ མུར་ བོད་ པ་ ཁ་ ཆེ་ གཞིས་ ཆགས་ ནང་ བོད་ ཡིག་ དང་ བོད་ སྐད་ གཙོས་ སོ་ སོའི་ རིག་ གཞུང་ རྒྱུན་ འཛིན་ གྱི་ གནས་ སྟངས་ གང་ འདྲ་ འདུག
ལན། ཀ་ ཤི་ མུར་ བོད་ པ་ ཁ་ ཆེ་ རྣམས་ བོད་ མི་ སྤྱི་ མཚུངས་ ལྟར་ རྒྱ་ གར་ ནང་ སྐྱབས་ བཅོལ་ དུ་ བསླེབས་ ཏེ་ ལོ་ ༦༠ ལྷག་ ཕྱིན་ ཡོད་ ཀྱང་ ། དེ་ སྔོན་ ང་ ཚོ་ བོད་ པ་ ཁ་ ཆེ་ གཞིས་ ཆགས་ ནང་ བོད་ ཡིག་ སློབ་ ས་ ཡོད་ པ་ མ་ རེད། ད་ ལྟ་ ང་ རང་ ཉིད་ ལ་ མཚོན་ ནའང་ བོད་ ཡིག་ འབྲི་ ཀློག་ ཤེས་ ཀྱི་ མེད། དེར་ བརྟེན། སེམས་ པ་ ཧ་ ཅང་ སྐྱོ་ བོ་ འདུག སོ་ སོ་ བོད་ པ་ ཡིན་ ལབ་ ཀྱི་ ཡོད་ པ་ རེད་ དེ། སོ་ སོའི་ སྐད་ ཡིག་ འབྲི་ ཀློག་ ཤེས་ ཀྱི་ ཡོད་ པ་ མ་ རེད། ཡིན་ ནའང་ ། སྔོན་ མ་ པོ་ པོ་ རྨོ་ མོ་ ཚོའི་ སྐབས་ ནས་ བཟུང་ ནམ་ རྒྱུན་ སོ་ སོའི་ ཁྱིམ་ ཚང་ ནང་ ཚང་ མས་ བོད་ སྐད་ རྐྱང་ པ་ བཤད་ འཇུག་ གི་ ཡོད་ སྟབས། ང་ ཚོ་ བོད་ པ་ ཁ་ ཆེ་ གཞོན་ སྐྱེས་ ཚང་ མས་ བོད་ སྐད་ བཤད་ ཤེས་ ཀྱི་ ཡོད། ང་ ཚོ་ གཞིས་ ཆགས་ ནང་ བོད་ པ་ ཁ་ ཆེ་ ནང་ ཁུལ་ ལ་ མ་ གཏོགས་ རྒྱ་ གར་ དང་ མཉམ་ དུ་ ཆང་ ས་ རྒྱག་ འཇུག་ གི་ ཡོད་ པ་ མ་ རེད། ད་ ལྟ་ ཡིན་ ནའང་ རྒྱ་ གར་ སྤྱི་ ཚོགས་ ནང་ འདྲེས་ མེད་ པར་ སོ་ སོ་ བོད་ པ་ ནང་ གཙང་ བྱས་ བསྡད་ ཐུབ་ ཡོད། རྗེས་ སུ་ ང་ ཚོའི་ ངོས་ ནས་ དབུས་ བོད་ མིའི་ སྒྲིག་ འཛུགས་ ལ་ སྙན་ ཞུ་ ཕུལ་ པ་ བརྒྱུད། ད་ ལྟའི་ ཆར་ བོད་ ཡིག་ ཁྲིད་ མཁན་ དགེ་ རྒན་ བུད་ མེད་ གཅིག་ བསླེབས་ ཡོད། དེར་ ང་ ཚོ་ གཞིས་ མི་ ཚང་ མ་ ཧ་ ཅང་ དགའ་ བོ་ བྱུང་ ། ཁོ་ མོས་ སློབ་ གྲྭའི་ ནང་ བོད་ ཡིག་ བསླབ་ མགོ་ བརྩམས་ ཏེ་ ལོ་ གཉིས་ ལྷག་ མ་ གཏོགས་ ཕྱིན་ ཡོད་ པ་ མ་ རེད། ད་ ལྟའི་ ཆར་ བྱིས་ པ་ ཆུང་ ཆུང་ ཚོས་ བོད་ ཡིག་ སློབ་ ཀྱིན་ ཡོད་ པ་ རེད།
དྲི་ བ། ཁྱེད་ རང་ དྷ་ སར་ བསླེབས་ པ་ ཐོག་ དང་ པོ་ ཆགས་ ཡོད་ པ་ རེད། དྷ་ སའི་ བོད་ མིའི་ གནས་ སྟངས་ དང་ དབུས་ བོད་ མིའི་ སྒྲིག་ འཛུགས་ སོཊ་ མཐོང་ སྐབས་ སེམས་ ཚོར་ ག་ རེ་ བྱུང་ སོང་ །
ལན། སྔོན་ མ་ ནས་ དྷ་ རམ་ ས་ ལར་ ལྟ་ རུ་ ཡོང་ འདོད་ ཀྱི་ འདུན་ པ་ ཤུགས་ ཆེན་ པོ་ ཡོད། རྒྱུ་ མཚན་ ང་ ཚོ་ བོད་ པ་ བཙན་ བྱོལ་ བ་ མང་ པོ་ འདིར་ གནས་ སྡོད་ བྱས་ ཡོད་ པ་ མ་ ཟད། ༸སྐུ་ མདུན་ གྱི་ བཞུགས་ གནས་ དང་ བོད་ མིའི་ དབུས་ སྒྲིག་ འཛུགས་ ཀྱི་ སྟི་ གནས་ ཀྱང་ འདིར་ ཡོད་ པ་ རེད། ད་ ཐེངས་ ང་ རང་ འདི་ གར་ བསླེབས་ རྗེས་ དབུས་ བོད་ མིའི་ སྒྲིག་ འཛུགས་ ཀྱི་ ལས་ ཁུངས་ ཁག་ དང་ ། བོད་ ཀྱི་ གཞོན་ ནུ་ ལྷན་ ཚོགས་ དང་ ། བོད་ རང་ བཙན་ སློབ་ ཕྲུག་ ཚོགས་ པ་ སོགས་ གཞུང་ འབྲེལ་ མ་ ཡིན་ པའི་ ཚོགས་ པ་ མང་ པོའི་ ནང་ སྐོར་ བ་ བརྒྱབ་ སྟེ་ ལྟ་ རུ་ ཕྱིན་ པ་ ཡིན། ཚང་ མས་ ལས་ ཀ་ ཧ་ ཅང་ ཡག་ པོ་ བྱེད་ ཀྱིན་ འདུག དེ་ བཞིན། དྷ་ རམ་ ས་ ལར་ བོད་ ནང་ སོ་ སོའི་ ཕ་ མ་ དང་ འཚོ་ བ་ བློས་ བཏང་ སྟེ། འདིར་ བཙན་ བྱོལ་ བསླེབས་ སྡོད་ པའི་ བོད་ པ་ གསར་ འབྱོར་ མང་ པོ་ འདུག ཁོང་ ཚོ་ དང་ ཁ་ བརྡ་ བྱེད་ དུས་ བོད་ ནང་ གི་ དཀའ་ སྡུག་ གནས་ སྟངས་ རྣམས་ ཧ་ གོ་ ཡོང་ གི་ འདུག་ ལ། ད་ རེས་ ང་ འདིར་ བསླེབས་ རྗེས་ ཉི་ མ་ རེ་ རེར་ བོད་ ནང་ བོད་ མི་ ཚོས་ རང་ ལུས་ མེར་ བསྲེགས་ གནང་ བཞིན་ པ་ དང་ ། བོད་ མི་ མང་ པོ་ རྒྱ་ མིས་ བཙོན་ འཇུག་ བྱེད་ བཞིན་ པའི་ གནས་ ཚུལ་ མང་ པོ་ ཐོས་ ཡོང་ དུས། སེམས་ པ་ ཧ་ ཅང་ སྐྱོ་ ཡོང་ གི་ འདུག ང་ རང་ འདིར་ བསྡད་ པའི་ དུས་ ཡུན་ རིང་ ནམ་ རྒྱུན་ མར་ མེ་ ཁྲོམ་ སྐོར་ ལ་ མཉམ་ ཞུགས་ བྱས་ པ་ ཡིན། བོད་ ནང་ གི་ བོད་ མི་ ཚོར་ གདུང་ སེམས་ མཉམ་ སྐྱེད་ ཆེད་ མར་ མེ་ ཁྲོམ་ སྐོར་ དང་ མཆོད་ འབུལ་ གནང་ བཞིན་ པ་ དེ་ ཧ་ ཅང་ ཡག་ པོ་ མཐོང་ སོང་ ། ང་ རང་ ཕྱིར་ གཞིས་ ཆགས་ ནང་ ཕྱིན་ རྗེས་ མར་ མེ་ ཁྲོམ་ སྐོར་ དང་ མཆོད་ འབུལ་ སོགས་ ཀྱི་ ལས་ འགུལ་ སྤེལ་ རྩིས་ ཡོད། ནང་ པ་ ཡིན་ ན་ རེད། ཁ་ ཆེ་ ཡིན་ ན་ རེད། ཆོས་ ག་ རེ་ ཡིན་ ནའང་ ཁྱད་ མི་ འདུག ང་ ཚོ་ བོད་ པ་ ཚང་ མས་ སོ་ སོའི་ ལུང་ པའི་ ནང་ རང་ ལུས་ མེར་ བསྲེཊ་ བཏང་ སྟེ་ གྲོངས་ མཁན་ ཚོའི་ ཆེད་ དུ་ ཆོས་ སྒྲུབ་ རྒྱུ་ གལ་ ཆེན་ པོ་ རེད།
དྲི་ བ། ཁྱེད་ ཚོ་ བོད་ པ་ ཁ་ ཆེ་ གཞོན་ སྐྱེས་ ཁག་ ཅིག་ གིས་ དྭངས་ ཞབས་ ཞུའི་ ལས་ འགུལ་ ཚོགས་ པ་ ཞིག་ བཙུགས་ ཡོད་ འདུག ཚོགས་ པའི་ མིང་ དང་ དམིཊ་ ཡུལ་ སོཊ་ ངོ་ སྤྲོད་ ཅིག་ གནང་ རོཊ།
ལན། ང་ ཚོའི་ ཚོགས་ པ་ དེར་ དམིགས་ བསལ་ གྱི་ མིང་ ཞིག་ མེད། ད་ ལྟའི་ ཆར་ ཚོགས་ མི་ ༨ ཡོད། ཚོགས་ པ་ གསར་ དུ་ བཙུགས་ ནས་ ཟླ་ བ་ ༨ ཙམ་ མ་ གཏོགས་ ཕྱིན་ མེད། འཛམ་ གླིང་ གང་ སར་ བོད་ དོན་ ཐོག་ ལས་ ཀ་ བྱེད་ མཁན་ ཚོགས་ པ་ མང་ པོ་ ཡོད་ པ་ རེད། ཡིན་ ནའང་ ། ང་ ཚོའི་ གཞིས་ ཆགས་ དམིགས་ བསལ་ བོད་ དོན་ ཐོག་ ལས་ ཀ་ བྱེད་ མཁན་ ཡོད་ པ་ མ་ རེད། དེར་ བརྟེན་ ང་ ཚོས་ དྭངས་ བླངས་ ཐོག་ ཚོགས་ པ་ འདི་ བཙུགས་ པ་ ཡིན། ཡིན་ ནའང་ ། ང་ ཚོས་ བོད་ དོན་ ཐད་ ལས་ ཀ་ ག་ རེ་ བྱེད་ དགོས་ མིན་ དང་ ། ལས་ འགུལ་ ཅི་ ལྟར་ སྤེལ་ དགོས་ མིན་ ཐད་ ཉམས་ མྱོང་ ཆེན་ པོ་ གང་ ཡང་ མེད། ང་ ཚོའི་ གཞིས་ ཆགས་ ནང་ གཞན་ ལ་ སྐད་ ཆ་ འདྲི་ བསམ་ ནའང་ འདྲི་ ས་ ཡོད་ པ་ མ་ རེད། ད་ ཐེངས་ ང་ རང་ འདིར་ ཡོང་ དགོས་ དོན་ གཙོ་ བོ་ ཡང་ ལས་ འགུལ་ སྤེལ་ སྟངས་ ཐད་ ཤེས་ རྟོགས་ དང་ རྒྱུས་ ལོན་ བྱ་ ཆེད་ ཡིན། ང་ ཚོའི་ ཕ་ མ་ ཚོས་ ཁ་ བརྡ་ བྱེད་ སྐབས། སྔོན་ མ་ ལྷ་ ས་ ནས་ ག་ འདྲ་ སུ་ བསླེབས་ ཡོད་ མེད། རྒྱ་ མིས་ བོད་ ལ་ དམག་ ཅི་ ལྟར་ བརྒྱབ་ ཡོད་ མེད་ སོགས་ ལོ་ རྒྱུས་ ཚང་ མ་ བཤད་ ཡོང་ གི་ རེད། དེ་ དག་ ཐོས་ ཡོང་ དུས་ སེམས་ པ་ ཧ་ ཅང་ སྐྱོ་ ཡོང་ གི་ འདུག རྒྱ་ མིས་ སྔོན་ མ་ བོད་ ནང་ སྡུག་ པོ་ བཏང་ ཡོད་ པ་ རེད་ ལ། ད་ ལྟའང་ མུ་ མཐུད་ སྡུག་ པོ་ གཏོང་ བཞིན་ ཡོད་ པ་ རེད། ད་ ལྟ་ ང་ རང་ ལ་ མཚོན་ ན་ ལོ་ ༣༢ ཡིན། ཡིན་ ནའང་ ། ད་ ལྟའི་ བར་ བོད་ དོན་ སྐོར་ ལ་ ལས་ ཀ་ རྐང་ གཅིག་ ཀྱང་ བྱེད་ མྱོང་ མེད། དེར་ བརྟེན་ སོ་ སོའི་ སེམས་ ནང་ ལ་ བོད་ དོན་ ཐད་ ལས་ ཀ་ ཞིག་ བྱ་ རྒྱུའི་ འདུན་ པ་ བཅངས་ ཏེ། ང་ ཚོ་ གཞོན་ སྐྱེས་ ཁག་ ཅིག་ མཉམ་ རུབ་ ཀྱིས་ དྭངས་ བླངས་ ཐོག་ ཚོགས་ པ་ འདི་ བཙུགས་ ཏེ། སོ་ སོའི་ གཞིས་ ཆགས་ ནང་ བོད་ དོན་ ཐོག་ ལས་ འགུལ་ སྤེལ་ མགོ་ རྩོམ་ བཞིན་ ཡོད།
དྲི་ བ། ད་ ལྟའི་ ཆར་ བོད་ པ་ ཁ་ ཆེ་ གཞིས་ ཆགས་ ནང་ བོད་ དོན་ གོ་ རྟོགས་ གྱི་ གནས་ སྟངས་ ག་ འདྲ་ འདུག ཁྱེད་ རང་ ཕྱིར་ ལོག་ རྗེས་ ལས་ འགུལ་ ག་ རེ་ སྤེལ་ རྩིས་ ཡོད་ དམ།
ལན། སྔོན་ མ་ ༢༠༠༨ ལོར་ བོད་ ནང་ ཞི་ བའི་ ཡར་ ལངས་ བྱུང་ སྐབས། ང་ ཚོའི་ གཞིས་ ཆགས་ ནང་ དུའང་ ངོ་ རྒོལ་ ལས་ འགུལ་ ཐེངས་ གཅིག་ སྤེལ་ མྱོང་ ཡོད་ པ་ རེད། དེ་ རྗེས་ ནས་ ད་ ལྟའི་ བར་ དམིགས་ བསལ་ ལས་ འགུལ་ གང་ ཡང་ སྤེལ་ ཡོད་ པ་ མ་ རེད། ང་ ཚོའི་ བོད་ པ་ ཁ་ ཆེ་ གཞིས་ ཆགས་ ནང་ བོད་ དོན་ ལས་ འགུལ་ སྤེལ་ མཁན་ མེད་ སྟབས། བོད་ དོན་ གོ་ རྟོགས་ ཧ་ ཅང་ སྐྱོ་ བོ་ ཡོད་ པ་ རེད། ད་ ཐེངས་ ང་ རང་ ཕྱིར་ སོང་ རྗེས་ ང་ ཚོ་ ཚོགས་ པའི་ ངོས་ ནས་ མགོ་ འཛུགས་ བྱས་ ཏེ། ངོ་ རྒོལ་ ལས་ འགུལ་ དང་ མར་ མེ་ ཁྲོམ་ སྐོར་ སོགས་ བྱ་ རྒྱུ་ ཡིན། གཞིས་ ཆགས་ ནང་ བྱིས་ པ་ དང་ གཞོན་ སྐྱེས་ ཡང་ པོ་ ཡར་ འཚར་ ལོངས་ བྱུང་ བཞིན་ ཡོད་ པ་ རེད། ནམ་ རྒྱུན་ གཞིས་ ཆགས་ ནང་ བོད་ དོན་ སྐོར་ ལས་ འགུལ་ སྤེལ་ བ་ ཡིན་ ན། བྱིས་ པ་ ཆུང་ ཆུང་ དག་ གིས་ མཐོང་ ཡོང་ དུས་ དེ་ ག་ རེ་ ཡིན་ ནམ་ བསམ་ པ་ དྲན་ ཡོང་ གི་ རེད་ ལ། རིམ་ བཞིན་ སོ་ སོའི་ བོད་ ལུང་ པའི་ གནས་ སྟངས་ ཤེས་ རྟོག་ དང་ ། སོ་ སོ་ བོད་ པའི་ རིག་ གཞུང་ རྒྱུན་ འཛིན་ ཡོང་ ཐུབ་ ཀྱི་ རེད། དེ་ ལྟར་ ལས་ འགུལ་ སོགས་ མ་ སྤེལ་ བ་ ཡིན་ ན། རིམ་ པས་ བྱིས་ པ་ དང་ གཞོན་ སྐྱེས་ ཚོ་ སོ་ སོའི་ རིག་ གཞུང་ དང་ འཐབ་ རྩོད་ ལ་ ཁ་ བྲལ་ གྱི་ རེད། ང་ ཚོ་ བོད་ པ་ ཁ་ ཆེ་ དང་ ནང་ པ་ གང་ ཡིན་ ཡང་ ཚང་ མ་ གཅིག་ པ་ རེད། ལུང་ པ་ གཅིག་ གི་ མི་ རེད། ཚང་ མ་ རྡོག་ རྩ་ གཅིག་ ཆགས་ བསྡད་ པ་ ཡིན་ ན་ ཧ་ ཅང་ ཡག་ པོ་ རེད། རྡོག་ རྩ་ གཅིག་ ཆགས་ མ་ ཐུབ་ པ་ ཡིན་ ན་ ལས་ ཀ་ ག་ རེ་ བྱས་ པ་ ཡིན་ ནའང་ ཡོང་ གི་ མ་ རེད། འདི་ གར་ ལས་ ཁུངས་ ཁག་ ནང་ བཅར་ སྐབས་ ཀྱང་ ། ང་ ཚོ་ བོད་ པ་ ཁ་ ཆེ་ གཞིས་ ཆགས་ ནང་ བོད་ པའི་ འཐབ་ རྩོད་ དང་ རིག་ གཞུང་ ཐོག་ ལས་ ཀ་ བྱེད་ མཁན་ མི་ འདུག་ ཅེས་ ཞུས་ པ་ ཡིན། རྒན་ ལགས་ ཞིག་ གིས་ གཞིས་ ཆགས་ ནང་ དཔེ་ མཛོད་ ཅིག་ རྒྱག་ ཐུབ་ ན་ ཡག་ པོ་ ཡོད་ པ་ རེད་ གསུངས་ སོང་ ། ང་ རང་ ངོས་ ནས་ ཀྱང་ དེ་ ཧ་ ཅང་ ཡག་ པོ་ རེད་ བསམ་ གྱི་ འདུག བོད་ པའི་ དཔེ་ མཛོད་ ཁང་ ཞིག་ རྒྱག་ ཐུབ་ པ་ ཡིན་ ན། སློབ་ ཕྲུག་ རྣམས་ གོང་ གསེང་ སྐབས་ དེ་ གར་ ཡོང་ སྟེ་ བོད་ པའི་ སྐོར་ གྱི་ དཔེ་ དེབ་ ཀློག་ པ་ དང་ ། བོད་ ཡིག་ སློབ་ སྦྱོང་ བྱེད་ པ་ སོགས་ བརྒྱུད་ དེ་ སོ་ སོའི་ རིག་ གཞུང་ ཉར་ ཐུབ་ པར་ ཕན་ ཐོགས་ ཆེན་ པོ་ ཡོང་ གི་ རེད་ འདོད།
དྲི་ བ། ཁྱེད་ རང་ གི་ ངོས་ ནས་ བོད་ པ་ ཁ་ ཆེ་ བ་ རྣམས་ བརྒྱུད་ དེ་ རྒྱ་ གར་ ཁ་ ཆེ་ བ་ དང་ ། དེ་ བཞིན། འཛམ་ གླིང་ རྒྱལ་ ཁབ་ གཞན་ ནང་ གི་ ཁ་ ཆེ་ སྤྱི་ ཚོགས་ ཁྲོད་ བོད་ དོན་ གོ་ རྟོགས་ སྤེལ་ ཏེ་ རྒྱབ་ སྐྱོར་ འཚོལ་ རྒྱུ་ གལ་ ཆེན་ པོར་ མཐོང་ གི་ འདུག་ གམ།
ལན། ཀི་ ཤི་ མུར་ ནང་ བོད་ པ་ ཁ་ ཆེ་ དང་ རྒྱ་ གར་ ཁ་ ཆེ་ གཉིས་ མཉམ་ འབྲེལ་ ཐོག་ ཁ་ ཆེ་ བོད་ དོན་ རྒྱབ་ སྐྱོར་ ཚོགས་ པ་ འཛུགས་ ཐུབ་ པ་ བྱ་ རྒྱུ་ དེ་ གལ་ ཆེན་ པོ་ རེད། ད་ ལྟའི་ ཆར་ ཁ་ ཆེ་ ལུང་ པའི་ ནང་ ཕྱིན་ ནས་ བོད་ དོན་ ལས་ འགུལ་ སྤེལ་ ཏེ་ སྐད་ རྒྱག་ མཁན་ བྱུང་ ཡོད་ པ་ མ་ རེད། ང་ ཚོ་ བོད་ པ་ ཁ་ ཆེ་ རྣམས་ མི་ རིགས་ གཞན་ པའི་ ཁ་ ཆེ་ སྤྱི་ ཚོགས་ ནང་ ཕྱིན་ ནས་ བོད་ དོན་ ལས་ འགུལ་ སྤེལ་ ཏེ་ སྐད་ རྒྱག་ རྒྱུ་ གལ་ ཆེན་ པོ་ མཐོང་ གི་ འདུག གཅིག་ ནས་ ཚང་ མ་ ཆོས་ ལུགས་ ཁ་ ཆེ་ གཅིག་ པ་ ཡིན་ སྟབས། ཁོ་ ཚོས་ ཀྱང་ མཉམ་ དུ་ རོགས་ པ་ བྱེད་ ཀྱི་ རེད། བོད་ དོན་ ལས་ འགུལ་ ཐད་ ཤུགས་ རྒྱག་ འདུན་ ཡོད་ པའི་ ང་ ཚོ་ བོད་ པ་ ཁ་ ཆེ་ གཞོན་ སྐྱེས་ ཁ་ ཤས་ ཤིག་ ཡོད། ང་ ཚོས་ མ་ འོངས་ པར་ དེ་ དག་ གི་ ཕྱོགས་ ལ་ ཤུགས་ རྒྱག་ གི་ ཡིན། ཡིན་ ནའང་ ། ཐོག་ དང་ པོ་ སོ་ སོའི་ གཞིས་ ཆགས་ ནང་ བོད་ པ་ ཁ་ ཆེ་ ཚང་ མ་ རྡོག་ རྡོག་ གཅིག་ བཟོས་ ཏེ། བོད་ པའི་ འཐབ་ རྩོད་ ཐད་ གོ་ རྟོགས་ དང་ ལས་ འགུལ་ སྤེལ་ དགོས་ ཀྱི་ འདུག དེ་ རྗེས་ རིམ་ པའི་ སོ་ སོའི་ ངོ་ ཤེས་ པའི་ རྒྱ་ གར་ ཁ་ ཆེ་ བ་ རྣམས་ དང་ འབྲེལ་ ལམ་ བཙུགས་ ཏེ། རྒྱ་ གར་ ཁ་ ཆེ་ ནང་ བོད་ དོན་ གོ་ རྟོགས་ སྤེལ་ རྒྱུ་ དང་ བོད་ དོན་ རྒྱབ་ སྐྱོར་ བ་ འཚོལ་ རྒྱུ། རིམ་ པས་ ཁ་ ཆེ་ རྒྱལ་ ཁབ་ ཀྱི་ ལུང་ པའི་ ནང་ དུའང་ བོད་ དོན་ རྒྱབ་ སྐྱོར་ འཚོལ་ ཐབས་ བྱེད་ དགོས་ ཀྱི་ འདུག མི་ ག་ ཚོད་ ཀྱི་ མང་ པོས་ བོད་ ཀྱི་ གནས་ ཚུལ་ ཤེས་ རྟོགས་ བྱུང་ བ་ ཡིན་ ན། དེ་ ཚོད་ ཀྱིས་ བོད་ དོན་ ཤུགས་ ཆེན་ པོ་ ཆགས་ ཐུབ་ ཀྱི་ རེད།
དྲི་ བ། བོད་ མིའི་ སྒྲིག་ འཛུགས་ ནང་ ལས་ ཀ་ བྱེད་ དུ་ ཡོང་ མཁན་ བོད་ པ་ ཁ་ ཆེ་ མང་ པོ་ མི་ འདུག དེའི་ རྒྱུ་ རྐྱེན་ གཙོ་ བོ་ གང་ ལ་ ཐུག་ ཡོད་ པ་ རེད་ དམ།
ལན། སྔོན་ མ་ ང་ ཚོ་ གཞིས་ ཆགས་ ནང་ བོད་ དོན་ གོ་ རྟོགས་ དང་ བོད་ ཀྱི་ རིག་ གཞུང་ རྒྱུན་ འཛིན་ ཡོང་ ཐབས་ ལ་ དམིགས་ ཏེ། བོད་ ཀྱི་ གཞོན་ ནུ་ (Tibet youth congress) ཞེས་ པའི་ ཚོགས་ པ་ ཤིག་ བཙུགས་ པ་ རེད། དང་ ཐོག་ ལས་ ཀ་ ཏོག་ ཙམ་ ཡག་ པོ་ བྱུང་ འདུག ང་ ཚོ་ བོད་ པ་ ཁ་ ཆེ་ སློབ་ གྲྭ་ འགའ་ ཤས་ བོད་ ཡིག་ སློབ་ དུ་ འདི་ གའི་ སློབ་ གྲྭའི་ ནང་ བཏང་ མྱོང་ ཡོད་ པ་ འདྲ། རྗེས་ སུ་ རིམ་ པས་ ཉམས་ ཞན་ དུ་ གྱུར་ ཏེ་ བོད་ པའི་ རིག་ གཞུང་ དང་ བོད་ དོན་ ཐད་ ནུས་ པ་ ཆེན་ པོ་ ཐོན་ མི་ འདུག དབུས་ བོད་ མིའི་ སྒྲིག་ འཛུགས་ དང་ འབྲེལ་ བ་ ཤུགས་ ཆེན་ པོ་ གནང་ མ་ ཐུབ་ པར། ད་ ལྟ་ ང་ ཚོ་ ཀ་ ཤི་ མུར་ བོད་ པ་ ཁ་ ཆེ་ གཞིས་ ཆགས་ ནི་ ཏོག་ ཙམ་ ལོག་ ག་ ཞིག་ ཆགས་ བསྡད་ ཡོད་ པ་ ལྟར། གཞིས་ ཆགས་ ནང་ བོད་ དོན་ སྐོར་ ལ་ དབྱིངས་ དང་ གོ་ རྟོགས་ ཆེན་ པོ་ མེད་ པ་ ཆགས་ པ་ རེད།
དྲི་ བ། མ་ འོངས་ པར་ ཀ་ ཤི་ མུར་ བོད་ པ་ ཁ་ ཆེ་ གཞིས་ ཆགས་ ཀྱི་ མི་ མང་ རྣམས་ བཙན་ བྱོལ་ བོད་ པའི་ སྤྱི་ ཚོགས་ དང་ འབྲེལ་ བ་ ཡར་ རྒྱས་ སུ་ གཏོང་ ཕྱོགས་ སྐོར་ ནས་ ཐབས་ ལམ་ ག་ རེ་ མཐོང་ གི་ འདུག
ལན། ངའི་ སེམས་ ལ་ ག་ རེ་ བསམ་ སོང་ ཟེར་ ན། ང་ ཚོ་ ཀ་ ཤི་ མུར་ བོད་ པ་ ཁ་ ཆེ་ གཞིས་ ཆགས་ ནང་ སློབ་ གྲྭ་ ཐོན་ མཁན་ མང་ པོ་ ཡོད་ པ་ རེད། ཁོང་ ཚོ་ འདིར་ ཡོང་ སྟེ་ ལས་ ཁུངས་ ཁག་ ནང་ ལས་ ཀ་ བྱས་ པ་ ཡིན་ ན། རྗེས་ ཕྱོགས་ བོད་ དོན་ ཐད་ ལས་ ཀ་ བྱེད་ ཕྱོགས་ ཐད་ ཉམས་ མྱོང་ རག་ འགྲོ་ བ་ མ་ ཟད། ཕན་ ཚུན་ བར་ འབྲེལ་ འདྲིས་ ཀྱང་ ཆགས་ ཡོང་ གི་ རེད། དེ་ བཞིན། བོད་ ཀྱི་ གཞོན་ ནུ་ ལྷན་ ཚོགས་ དང་ བོད་ རང་ དབང་ སློབ་ ཕྲུག་ ཚོགས་ པ། བུད་ མེད་ ཚོགས་ པ་ སོགས་ ང་ ཚོ་ ཀ་ ཤི་ མུར་ བོད་ པ་ ཁ་ ཆེ་ གཞིས་ ཆགས་ ནང་ ཕར་ ཕེབས་ ཏེ། བོད་ དོན་ ལས་ འགུལ་ དང་ གོ་ རྟོགས་ སྤེལ་ རྒྱུ་ ཧ་ ཅང་ གལ་ ཆེན་ པོ་ རེད། ཉེ་ སྔོན་ ༸སྐུ་ མདུན་ ང་ ཚོ་ ཀ་ ཤི་ མུར་ ནང་ ཕེབས་ པའི་ སྐབས། བོད་ པའི་ གསར་ འགོད་ པ་ མང་ པོ་ བསླེབས་ སོང་ ། དེའི་ སྔོན་ ལ་ ངས་ ང་ ཚོ་ བོད་ པར་ རང་ ཉིད་ ཀྱི་ གསར་ ཁང་ དེ་ འདྲ་ མང་ པོ་ ཡོད་ པ་ ཤེས་ ཀྱི་ མེད། རྗེས་ ཕྱོགས་ བོད་ པའི་ གསར་ ལམ་ ཁག་ གིས་ ཀྱང་ ང་ ཚོ་ ཀ་ ཤི་ མུར་ བོད་ པ་ ཁ་ ཆེ་ གཞིས་ ཆགས་ ཀྱི་ གནས་ སྟངས་ བོད་ པའི་ སྤྱི་ ཚོགས་ ནང་ ངོ་ སྤྲོད་ དང་ ། དེ་ བཞིན། ང་ ཚོའི་ གཞིས་ ཆགས་ ནང་ བོད་ དོན་ སྐོར་ གྱི་ གནས་ ཚུལ་ ཁྱབ་ བསྒྲགས་ བྱས་ ཏེ། བོད་ པ་ ནང་ པ་ དང་ ཁ་ ཆེ་ ཚང་ མའི་ བར་ འབྲེལ་ ལམ་ འཛུགས་ རྒྱུ་ གལ་ ཆེན་ པོར་ མཐོང་ གི་ འདུག
གསར་ འགོད་ པ། ཚེ་ རིང་ རྒྱལ།
དུས་བབ་དྲ་བ་ནས།
