ཁ་ སང་ རྒྱ་ གར་ གྲོས་ ཚོཊ་ འོག་ མའི་ ནང་ རྒྱ་ གར་ ཕྱི་ སྲིད་ བློན་ ཆེན་ ཟུར་ པའམ། ད་ ལྟའི་ བྷཱ་ ར་ ཏཱ་ ཇན་ ཏ་ ཚོཊ་ པའི་ མགོ་ ཁྲིད་ ཡཱ་ ཤི་ ཝན་ སིན་ ཧཱ་ ཡིས། རྒྱ་ གར་ གྲོས་ ཚོཊ་ འཐུས་ མིས་ བོད་ དོན་ ཐོག་ རྒྱབ་ སྐྱོར་ དགོས་ པའི་ རེ་ འདུན་ བཏོན་ འདུག
ཁ་ སང་ ཕྱི་ ཚེས་ ༡༠ ཉིན་ ཏེ་ རྒྱལ་ སྤྱིའི་ འགྲོ་ བ་ མིའི་ ཐོབ་ ཐང་ ཉིན་ མོ་ དང་ སྟབས་ བསྟུན། རྒྱ་ གར་ ཕྱི་ སྲིད་ དང་ དཔལ་ འབྱོར་ བློན་ ཆེན་ ཟུར་ པའམ། ད་ ལྟའི་ བྷཱ་ ར་ ཏཱ་ ཇན་ ཏ་ ཚོཊ་ པའི་ མགོ་ ཁྲིད་ སྐུ་ ཞབས་ ཡཱ་ ཤི་ ཝན་ སིན་ ཧཱ་ (yashwant sinha) ལཊ་ ཀྱིས། རྒྱ་ གར་ གྲོས་ ཚོཊ་ འོག་ མའི་ ནང་ རྒྱ་ ནག་ གཞུང་ གིས་ བོད་ ནང་ གི་ བོད་ མིའི་ འགྲོ་ བ་ མིའི་ ཐོབ་ ཐང་ རྩིས་ མེད་ རྡོག་ རོལ་ དུ་ གཏོང་ བཞིན་ པའི་ སྐྱོན་ བརྗོད་ ཤུཊ་ ཆེར་ བྱས་ ཡོད་ འདུག
གྲོས་ ཚོཊ་ ནང་ སྐུ་ ཞབས་ ཡཱ་ ཤི་ ཝན་ སིན་ ཧཱ་ ལཊ་ ཀྱིས་ འདས་ པའི་ མི་ ལོ་ ༦༠ ལྷག་ གི་ རིང་ རྒྱ་ གཞུང་ གིས་ བོད་ ནང་ བོད་ མིའི་ འགྲོ་ བ་ མིའི་ ཐོབ་ ཐང་ རྩིས་ མེད་ རྡོག་ རོལ་ དུ་ བཏང་ ཡོད་ པར་ མ་ ཟད། ལྷག་ པར་ དུ་ དེང་ སྐབས་ རྒྱ་ གཞུང་ གིས་ བོད་ ནང་ དྲག་ ཆས་ དམག་ མི་ འབོར་ ཆེན་ འགྲེམས་ འཇོག་ གིས་ བོད་ མིའི་ ཆོས་ དད་ རང་ དབང་ ལ་ དམ་ དྲག་ དང་ ། བོད་ མི་ གང་ བྱུང་ འཛིན་ བཟུང་ དང་ བཀག་ ཉར། བོད་ མི་ གར་ སོང་ ཆ་ མེད་ གྱུར་ བ། བོད་ ཀྱི་ འབྲོག་ པ་ རྣམས་ བཙན་ དབང་ གིས་ གནས་ སྤོར་ བྱེད་ བཅུག་ པ། དེ་ བཞིན་ བོད་ ཀྱི་ ཁོར་ ཡུག་ ཉམས་ ཆག་ ཏུ་ གཏོང་ བའི་ སྲིད་ བྱུས་ ཁག་ རིམ་ པར་ ལག་ བསྟར་ བྱས་ སྟབས། བོད་ ནང་ གི་ བོད་ མི་ ཚོས་ རྒྱ་ གཞུང་ གིས་ བྱེད་ སྟངས་ དེར་ བཟོད་ སྒོམ་ ཐུབ་ ཐབས་ བྲལ་ ཏེ། འུ་ ཐུག་ ཐབས་ ཟད་ ཀྱིས་ རང་ ལུས་ མེར་ བསྲེཊ་ བཏང་ སྟེ་ རྒྱ་ ནག་ གཞུང་ ལ་ ཞི་ རྒོལ་ བྱེད་ ཀྱིན་ ཡོད་ ཀྱང་ ། རྒྱ་ གཞུང་ གིས་ བོད་ མིའི་ དཀའ་ ངལ་ རྣམས་ སེལ་ རྒྱུའི་ ཚབ་ ཏུ་ བོད་ མིའི་ ཐོག་ སྔར་ ལས་ དམ་ དྲག་ ཆེན་ པོ་ བྱེད་ ཀྱི་ ཡོད་ སྐོར་ དང་ ། རྒྱ་ གར་ གྲོས་ ཚོཊ་ འོག་ མའི་ ངོས་ ནས་ བོད་ མིའི་ དཀའ་ ངལ་ ལ་ གདུང་ སེམས་ མཉམ་ སྐྱེད་ ཀྱིས་ རྒྱ་ གཞུང་ གིས་ བོད་ ཐོག་ འཛིན་ པའི་ དྲག་ གནོན་ སྲིད་ བྱུས་ ལ་ ངེས་ པར་ སྐྱོན་ བརྗོད་ བྱ་ དགོས་ རྒྱུ་ དང་ ། རྒྱ་ གཞུང་ གིས་ བོད་ མིའི་ དངོས་ ཡོད་ དཀའ་ ངལ་ ངོས་ ལེན་ བྱས་ ཏེ་ བོད་ མི་ ཚོར་ གཞི་ རྩའི་ འགྲོ་ བ་ མིའི་ ཐོབ་ ཐང་ སྤྲོད་ རྒྱུར་ ནན་ སྐུལ་ བྱ་ དགོས་ པའི་ དགོངས་ ཚུལ་ བཏོན་ ཡོད་ འདུག
གསར་ འགོད་ པ། དཔལ་ ལྡན།
དུས་བབ་དྲ་བ་ནས།
