རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

རྒྱ་ནག་མགོ་ཁྲིད་འཕོ་འགྱུར་དང་སྲིད་བྱུས་སྐོར་ལ་བགྲོ་གླེང་ཚོཊ།


ད་ནང་གངས་སྐྱིད་སྤྱི་ཐབས་ཚོགས་ཁང་དུ་རྒྱ་ནག་མགོ་ཁྲིད་འཕོ་འགྱུར་གྱིས་རྒྱ་ནག་མི་མང་དང་བོད་སོགས་ལ་ཤུགས་རྐྱེན་གང་འདྲ་ཐེབས་རྒྱུ་ཡིན་མིན་སྐོར་ལ། རྒྱ་ནག་ཆེད་མཁས་པ་དང་སྲིད་དོན་དབྱེ་ཞིབ་པ་མང་པོ་ལྷན་ཞུགས་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་མགོ་འཛུགས་གནང་སོང་
དེ་རིང་ཞོགས་པའི་ཆུ་ཚོད་ །༣༠ སྟེང་ གངས་སྐྱིད་སྤྱི་ཐབས་ཚོགས་ཁང་དུ་བོད་ཀྱི་
སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ཚེས་ ༣༠ པར་ཉིན་གསུམ་རིང་ཕྱི་ནང་གི་རྒྱ་ནག་མཁས་པའི་ལྷན་ཚོགས་ རྒྱ་ནག་མགོ་ཁྲིད་འཕོ་འགྱུར་གྱིས་རྒྱ་ནག་མི་མང་དང་བོད་སོགས་གཞན་ལ་ཤུགས་རྐྱེན་ཇི་ཐེབས་སྐོར་གྱི་རྒྱ་ནག་མཁཔའི་བགྲོ་གླེང་ཚོགས་འདུ་ཞེས་པ་ཞིག་ཚོགས་ཡོད་ལ། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། གཞན་ལྷན་ཁག་གི་བཀའ་བློན་རྣམ་པ་དང་དྲུང་ཆེ་རྣམ་པ། སྤྱི་འཐུས་ཁག་ཅིག་དང་སྡེ་ཚན་ཁག་གི་འགན་འཛིན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ གདན་ཞུའི་གཏམ་བཤད་པ་རྣམ་པ་བཅས་མི་ ༥༠ ཡས་མས་མཉམ་ཞུགས་གནང་འདུག
མཛད་སྒོ་དབུ་འཛུགས་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་མཆོག་གིས་ཉམས་ཞིབ་ཁང་ངོ་སྤྲོད་དང་། མ་འོངས་པར་མི་སྣ་གསོ་སྐྱོང་གིསཉམས་ཞིབ་ཁངཚད་ལྡནཞིག་ཡོང་ཐབས་ལ་འབད་བརྩོན་གནང་རྒྱུ་ཡིན་སྐོར་དང་འབྲེལ། རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་མཁས་པ་རྣམ་དང་། དམིགས་གསལ་གཏམ་བཤད་པ་ག་ཅིག་མིང་འདོན་གྱིས་སྔོན་མ་ནས་བོད་དང་བོད་མིར་རྒྱབ་སྐྱོར་གྱིས་རྩོམ་ཡིག་དང་གཏམ་བཤད་སྤེལ་མཁན་དག་ལ་བསྔགས་བརྗོདགནང་སོང་ལ། ཐེངས་འདིའི་ཉིན་གསུམ་རིང་གི་དབྱེ་ཞིབ་རང་བཞིན་གྱི་བགྲོ་གླེང་བརྒྱུད་དེ། བོད་མིའི་སྒྲིག་འཛུགས་ཀྱི་མ་འོངས་ལས་དོན་བྱེད་ཕྱོགས་དང་སྲིད་ཇུས་འཛིན་སྟངས་ཐོག་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་སྐོར་བཅས་གསུངས་ཡོད།
བཀའ་བློན་མཆོག་གིས་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞེ་ཅིནཕེན་གྱི་ཕ་རྒན་༧གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ལ་འབྲེལ་བ་ཡག་པོ་འཛིན་མཁན་ཞིག་ཡིན་དང་ དབུས་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་བདུནདང་ ལྷག་པར་དུ་བོད་དང་ཐད་ཀར་འབྲེལ་བ་ཡོད་པའི་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་ལེན་ཅི་ཧྭསོགས་རྒྱ་ནག་གི་མགོ་ཁྲིད་རྒན་པ་དག་གི་ཕྱོགས་ཁག་གང་དུ་གཏོགས་མིན་དང་ ལོ་རྒྱུས་དང་སྲིད་བྱུས་ཀྱི་རྒྱབ་ལྗོངས་གནས་ཚུལ་ལ་གཞིགས་ཏེ་བོད་དོན་ལ་ཕན་གནོད་གང་འདྲ་འབྱུང་མིན། མ་འོངས་པར་ཁོ་ཚོས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་འགྲོ་མིན་བཅས་ལ་དབྱེ་ཞིབ་བྱ་དགོས་དང་། དེ་བཞིན། ཨ་རིའི་སྲིད་འཛིན་ཨོ་བྷ་མས་དེང་སྐབས་ཨེ་ཤ་ཡའི་མངའ་ཁུལ་དུ་བཟུང་པའི་སྲིད་བྱུས་ཐད་ནས་བོད་ལ་འབྲེལ་བ་ཆགས་སྲིད་མིན་སོགས་ལ་བགྲོ་གླེང་དང་དབྱེ་ཞིབ་གཏིང་ཟབ་བྱ་དགོས་པའི་འབོད་སྐུལ་གནང་སོང་
སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་བབ་ཧ་ཅང་སེམས་སྐྱོ་པ་ཞིག་ཏུ་གྱུར་ཡོད་པ། ད་སྔ་བོད་བོད་མི་དགུ་བཅུ་ལྷག་ཅིག་གིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་ དེ་སྔའི་ཟླ་བ་རེ་རེའི་རང་ལུས་མེར་བསྲེགས་ཀྱི་གྲངས་འབོར་མང་ཤོས་འདི་ལོའི་ཕྱི་ཟླ་ ༡༡ པའི་ནང་བྱུང་ཡོད་པ་དང་ དེ་ནི་ཨ་རིའི་སྲིད་འཛིན་འོས་བསྡུ་དང་རྒྱ་ནག་གི་སྐབས་ ༡༨ པའི་ཚོགས་ཆེན། དེ་བཞིན་བཙན་བྱོལ་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་པའི་དམིགས་བསལ་ཚོགས་ཆེན་ཚོགས་པ་བཅས་ལ་འཁེལ་སྟབས། བོད་ནང་གི་བོད་མི་ཚོས་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་སྐོར་དང་ བོད་མིའི་སྒྲིག་འཛུགས་ཀྱིས་རང་ལུས་མེར་བསྲེགས་མི་གནང་པའི་འབོད་སྐུལ་ཞུ་བཞིན་ཡོད་ཀྱང་ རང་ལུས་མེར་བསྲེགས་ཀྱི་རྒྱུ་རྐྱེན་ལ་ངེས་པར་དུ་དོ་སྣང་བྱ་དགོས་སྐོར་སོགས་གསུངས་སོང་
གསར་འགོད་པས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱ་ནག་ཆབ་སྲིད་ཉམས་ཞིབ་པ་བསྟན་འཛིན་ཚེ་བརྟན་ལགས་སུ། ཐེངས་འདིའི་མཁས་པའི་བགྲོ་གླེང་ཚོགས་འདུའི་སྐོར་ལ་བཅར་འདྲི་གནང་སྐབསཁོང་གིས། ཚོགས་འདུ་དེ་ནི་གཙོ་བོ་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚོར་དམིགས་པ་ཞིག་ཡིན་པ་དང་ ཉམས་ཞིབ་ཁང་གི་དམིགས་ཡུལ་ཧ་ཅང་ཡག་པོ་ཡོད་ཚུལ། གཏམ་བཤད་པ་ཁག་ཅིག་གིས་རྒྱ་ནག་འཐོར་རྒྱུ་ཡིན་པར་བཤད་པ་དང་ཡང་ཁག་ཅིག་གིས་རྒྱ་ནག་འཕེལ་རྒྱས་འགྲོ་རྒྱུ་ཡིན་སྐོར་བཤད་དེ་ཁོང་ཚོའི་དབྱེ་ཞིབ་ཀྱི་ལྟ་ཚུལ་མ་མཐུན་པ་ཡོང་གི་ཡོད་ཀྱང་ ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚོར་མཚོན་ན་ཕྱི་ལོགས་ཀྱི་མཁས་པ་ཚོ་དང་འབྲེལ་ལམ་ཡར་རྒྱས་དང་ཉམས་མྱོང་སྤེལ་རེབཅས་ནི་ཁེ་ཕན་ཞིག་ཏུ་མཐོང་གི་ཡོད་སྐོར་བརྗོད་བྱུང་
ཐེངས་འདིའི་ཉིན་གསུམ་རིང་གི་བགྲོ་གླེང་ཚོགས་འདུའི་ཐོག ཨ་རིའི་ཉམས་ཞིབ་པ་སློབ་དཔོན་ཆེན་མོ་ཆཱང་(Dr. Gordon G. Chang)ལགས་ཀྱིས་འཐོར་ལ་ཉེ་བའི་རྒྱ་ནག་དང་དེས་བོད་ཀྱི་གནད་དོན་ལ་ཤུགས་རྐྱེན་གང་འདྲ་ཡོང་ཞེས་པའི་བརྗོད་གཞི་དང་ ཐའེ་ཝན་ཊམ་ཁཱང་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལཱེན་(Prof. Chong-Pin-Lin) ལགས་ཀྱིས་ཞཱི་ཅིན་ཕེན་སྒེར་གྱི་ཁེ་ཕན་དང་རྒྱལ་ཁོངས་གདོང་ལེན ཞེས་པ། ཨ་རིའི་རྒྱལ་སྤྱིའི་ཕྱི་འབྲེལ་དང་ཁྲིམས་ལུགས་ཆེད་མཁས་པ་དགེ་རྒན་ཆེན་མོ་མཱའེ་ཁཱེལ་(Michael)ལགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབསཞེས་པ། ལྡི་ལི་གཙུག་ལག་སློབ་ཆེན་གྱི་རྒྱ་ནག་ཉམས་ཞིབ་པ་སློབ་དཔོན་ཆེན་མོ་ལྕམ་བྷལ་ལཱ་(Prof. Madhu Bhalla)ལགས་ཀྱིས་༼ རྒྱ་ནག་གི་དཔལ་འབྱོར་གནབབ ཅེས་པ། རྒྱ་ནག་གྲངས་ཉུང་མི་རིགས་སྲིད་ཇུས་ཆེད་མཁཔ་ལྡི་ལི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྕམ་ཨ་བྷན་ཊེ་(Abanti Bhattacharya)ལགས་ཀྱིས་བོད་དང་གྲངས་ཉུང་མི་རིགས་གཞན་དག་ལ་རྒྱ་ནག་གིས་མ་འོངས་པར་སྲིད་ཇུས་འཛིན་ཕྱོགས༽ཞེས་པ། ཕྱི་སྡོད་རྒྱ་རིགས་རྩོམ་པ་པོ་ལྕམ་ཊོའུ་རུའེ་(Xhu Rui)ལགས་ཀྱིས་རང་ཉིད་བོད་དོན་ལ་དབྱིངས་ཇི་ལྟར་ཞུགས་པའི་སྐོརསོགས་ཀྱི་ཐོག་ནས་གཏམ་བཤདསྤེལ་རྒྱུ་ཡིན་འདུག
གཞན། ཐེངས་འདིའི་བགྲོ་གླེང་ཚོགས་འདུར་དེ་སྔའི་༧གོང་ས་མཆོག་གི་དམིགས་སྐུ་ཚབ་ཟུར་པ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ལས་བྱེད་རྣམ་པ། སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམདང་ཐའེ་ཝན་དོན་གཅོད་ཟླ་བ་ཚེ་རིང་བཅས་ཀྱང་མཉམ་ཞུགས་ཀྱིས་བགྲོ་གླེང་གི་ཆ་ཤས་ལེན་རྒྱུ་ཡིན་འདུག།  དུས་བབ་དྲྭ་བ་ནས།