རྒྱ་གཞུང་གིས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་འབོ་ར་དགོན་པའི་གྲྭ་པ་ལྔ་འཛིན་བཟུང་བྱས་ཏེ། ད་ཆར་ནང་མི་ཉེ་འབྲེལ་ཚོས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་འདུག
གྲྭ་བསོད་ནམས་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢ ཉིན་བོད་མདོ་སྨད་བླ་བྲང་འབོ་རའི་རྒྱལ་གཅེས་དཔའ་བོ་གཟུངས་འདུས་སྐྱབས་ལགས་ཀྱིས། རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་ཕྱི་ཉིན་སྟེ། ཕྱི་ཚེས་ ༣ ཉིན་ཨ་མཆོག་ས་གནས་ཉེན་རྟོག་པ་དང་འབོ་ར་ཤང་སྲིད་གཞུང་གི་ལས་བྱེད་མཉམ་འབྲེལ་ཐོག་དགོན་པར་ཡོང་སྟེ། དགོན་པའི
་གྲྭ་དགེ་འདུན་རྒྱ་མཚོ་དང་བློ་བཟང་འཕགས་པ། འཇམ་དབྱངས་བཟོད་པ། འཇམ་དབྱངས་བློ་གྲོས། འཇམ་
དབྱངས་
རྒྱ་
མཚོ་
བཅས་
གྲྭ་
པ་
༥ ལ་
སྐད་
ཆ་
འདྲི་
རྒྱུ་
ཡོད་
ཚུལ་
བཤད་
དེ་
རང་
ཤག་
ནས་
འཛིན་
བཟུང་
གིས་
འབོ་
ར་
ཤང་
སྲིད་
གཞུང་
དུ་
ཁྲིད་
ཡོད་
ཀྱང་
། དུས་
དེ་
ནས་
བཟུང་
ནང་
མི་
ཉེ་
འབྲེལ་
ཚོས་
གར་
ཡོད་
ཅི་
བྱུང་
གི་
གནས་
ཚུལ་
ཅི་
ཡང་
མ་
ཤེས་
པར་
ལྷག་
ཡོད་
འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཐེངས་འདིར་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་གྲྭ་དགེ་འདུན་རྒྱ་མཚོ་ལགས་ད་ལྟ་རང་ལོ་ ༤༧ ཡས་མས་ཡིན་འདུག་ལ། ཁོང་ནི་ལྷ་འབུམ་ཐང་རི་འགབ་མ་ནས་ཡིན་པ་དང་། མ་མིང་ལ་བསོད་ནམས་འཚོ་འབོད་ཀྱི་ཡོད་འདུག རང་ལོ་ ༣༤ ཡིན་པའི་གྲྭ་བློ་བཟང་འཕགས་པ་ལགས་ནི་ཀད་ཀྱ་སྡེ་བའི་ཕ་མཁར་བྱམས་རྒྱལ་དང་མ་ཆོས་སྐྱོང་འཚོ་གཉིས་ཀྱི་བུ་ཡིན་པ་དང་། དེ་སྔོན་རྔ་བ་ཀིརྟི་དགོན་དུ་གྲྭ་བ་བྱས་ཡོད་ཀྱང་། ༢༠༡༠ ལོའི་རྗེས་སུ་རྒྱ་གཞུང་གིས་རྔ་བ་ཁུལ་གྱི་གྲྭ་བ་ལས་གཞན་ཚང་མ་རང་རང་གི་ས་གནས་སུ་ཕྱིར་ཕུད་བྱས་སྟབས། འབོ་ར་དགོན་པར་ཡོང་ཡོད་འདུག རང་ལོ་༢༥ ཡིན་པའི་གྲྭ་འཇམ་དབྱངས་བཟོད་པ་ལགས་ནི། སྦོག་ཚ་སྡེ་བ་ཆེ་བ་ནས་ཡིན་པ་དང་། ཕ་མིང་ལ་འཇམ་དབྱངས་རྒྱ་མཚོ་དང་ཨ་མའི་མིང་ལ་དཀོན་མཆོག་སྐྱིད་འབོད་ཀྱི་ཡོད་འདུག
རང་ལོ་ ༢༠ ཡས་མས་ཡིན་པའི་གྲྭ་འཇམ་དབྱངས་བློ་གྲོས་ལགས་ནི། རྩྭ་ས་སྡེ་བ་ནས་ཡིན་པ་དང་། ཕ་མིང་ལ་གདུགས་དཀར་འབོད་ཀྱི་ཡོད་འདུག རང་ལོ་ ༢༠ ཡས་མས་ཡིན་པའི་གྲྭ་འཇམ་དབྱངས་རྒྱ་མཚོ་ནི། ནོར་ལུང་གོང་མ་ནས་ཡིན་པ་དང་། ཕ་མིང་ལ་སྙིང་ལྕགས་བྱམས་དང་མ་མིང་ལ་ཀླུ་མོ་འཚོ་འབོད་ཀྱི་ཡོད་འདུག
ཉེ་བའི་དུས་ནས་བཟུང་རྒྱ་གཞུང་གིས་བོད་ནང་གི་མེར་བསྲེཊ་གནས་ཚུལ་བྱུང་ཡུལ་གྱི་ས་ཁུལ་ཁག་ཏུ་དམ་དྲག་བྱེད་ཀྱིན་པ་ལྟར། འབོ་རར་འདི་ལོའི་ཕྱི་ཟླ་༡༠ ཚེས་ ༢༠ ཉིན་རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ལགས་ཀྱིས། རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་ནས་བཟུང་། རྒྱ་གཞུང་གིས་འབོ་ར་ས་གནས་ཡོངས་སུ་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ། དམག་མི་བཅས་འགྲེམས་འཇོག་གིས་འབོ་ར་དགོན་གྲོང་གཉིས་ལ་དམ་དྲག་ཤུགས་ཆེར་བྱེད་ཀྱིན་པ་མ་ཟད། བཙན་དབང་འོག་གཙོད་དང་བླ་བྲང་། རྨ་ཆུ་སོགས་ཀྱི་བོད་རིཊ་ལས་བྱེད་པ་མངགས་གཏོང་གིས་འབོ་རའི་གྲོང་ཚོ་ཁག་ལ་སློབ་གསོ་རྒྱག་གི་ཡོད་འདུག་ལ། ཟླ་ ༢ ཙམ་གྱི་རིང་ས་གནས་ཀྱི་ཁ་པར་དང་བརྒྱུད་ལམ་ཁག་ལ་ཚོད་འཛིན་དང་བཀག་སྡོམ་བྱས་ཏེ་འབྲེལ་གཏུག་བྱེད་ཁག་པོ་ཆགས་ཡོད་འདུག
གསར་འགོད་པ། དོན་གོ
དུསའ་བབ་དྲྭ་བ་ནས།