ཉེ་
ཕྱི་ ཚེས་ ༢༦ ཉིན། ཨ་ རིའི་ བྷི་ ལོན་ བྷིར་ ཇི་ (Bloomberg)གསར་ ཁང་ གིས། རྒྱ་ ནག་ དང་ ཨ་ རིའི་ ཁེ་ ལས་ སྙན་ ཐོ་ དང་ ། རྒྱུ་ ནོར་ ཟིན་ ཐོ། མཐོ་ རིམ་ དཔོན་ རིགས་ ཀྱི་ འབྲེལ་ བ་ དང་ ལོ་ རྒྱུས་ ཡིག་ ཚགས་ སོགས་ འབྲེལ་ ཡོད་ ཡིག་ རིགས་ ཤོག་ ལྷེ་
དེ་ བཞིན། རྒྱ་ ནག་ གི་ ཆབ་ སྲིད་ དང་ དཔལ་ འབྱོར་ ལ་ སྟངས་ འཛིན་ བྱེད་ མཁན་ རྒྱ་ དམར་ དཔོན་ ཤོག་ མི་ ཚང་ གཙོ་ བོ་ ༨ ནི། ཏུན་ ཞོ་ ཕིན་ དང་ པའོ་ ཡུས་ པའོ།ཁྲིན་ ཡོན། སུང་ རན་ ཆཱུང་ ། ཕིན་ ཀྲིན། ཝང་ ཁྲིན། ཡཱང་ ཧྲང་ ཁོན། ལིས་ ཞན་ ཉཱིན་ བཅས་ ཡིན་ པ་ དང་ ། ཏུན་ ཞོ་ ཕེན་ གྱི་ བུ་ མོའི་ མག་ པ་ ཧི་ ཕིན་ དང་ ། ཝང་ ཁྲིན་ གྱི་ བུ་ ཝང་ ཅོན། ཁྲིན་ ཡོན་ གྱི་ བུ་ ཁྲིན་ ཡཱན་ གསུམ་ གྱིས། ༢༠༡༡ ལོར་ རྒྱ་ ནག་ གི་ མ་ དངུལ་ ཨ་ སྒོར་ དུང་ ཕྱུར་ ཆིག་ ཁྲི་ དྲུག་ སྟོང་ (༡༦༠༠༠༠༠༠༠༠༠༠༠)ལ་ སྟངས་ འཛིན་ བྱས་ ཡོད་ ལ། གྲངས་ འབོར་ དེ་ ནི་ ལོ་ གཅིག་ གི་ རྒྱ་ ནག་ རྒྱལ་ ཡོངས་ དཔལ་ འབྱོར་ ཐོན་ སྐྱེད་ ཀྱི་ ལྔ་ ཆའི་ གཅིག་ ཙམ་ ཟིན་ གྱི་ ཡོད་ འདུག
དམར་ ཤོག་ དཔོན་ རྒྱུད་ མི་ རབས་ གཉིས་ པ་ དེ་ དག་ གིས་ དཔོན་ རིགས་ ནང་ ཁུལ་ གྱི་ འབྲེལ་ བ་ སྤྱད་ དེ་ རྒྱ་ གཞུང་ གི་ གྲོས་ གཞི་ ཤེས་ རྟོགས་ དང་ ། རྒྱལ་ ཁབ་ ཀྱི་ བཅའ་ ཁྲིམས་ ཆུ་ སྣ་ གར་ འཁྲིད་ ཀྱི་ ནུས་ པ་ འདོན་ པ། ལས་ སླ་ བོའི་ ཐོག་ ནས་ རྒྱལ་ ཁབ་ ཀྱི་ ཁྲལ་ དངུལ་ ལས་ གཡོལ་ ཐབས་ དང་ མ་ དངུལ་ ཕྱིར་ གཏོང་ བྱེད་ པ། ཕྱིའི་ རྒྱལ་ ཁབ་ ཁག་ གི་ མི་ སེར་ གྱི་ འཛིན་ ཡིག་ སོགས་ བླངས་ ཏེ་ རྐང་ པ་ ཉིས་ འཛུགས་ ཀྱིས་ ཕྱི་ ཕྱོགས་ ནས་ ཁེ་ ལས་ གཉེར་ བ་ དང་ ། རྒྱལ་ ཁབ་ གཞན་ གྱི་ ཁེ་ ལས་ བཟོ་ ཚོང་ ཁྲོད་ མ་ དངུལ་ གཏོང་ འཇོག་ བྱེད་ པ་ སོགས་ བྱས་ ཏེ། རྒྱལ་ ཁབ་ ཀྱི་ དཔལ་ འབྱོར་ ཕྱོགས་ ཡོངས་ ནས་ སྒེར་ སྡེམ་ རུལ་ སུངས་ ཅན་ དུ་ བསྒྱུར་ ཡོད་ འདུག
གསར་ འགོད་ པ། ཚེ་ རིང་ རྒྱལ།
དུས་བབ་དྲྭ་བ་ནས།
