གཟའ་
ཁ་ སང་ ཕྱི་ ཚེས་ ༡༦ ཉིན་ གྱི་ ཉི་ ཧོང་ གྲོས་ ཚོགས་ འོས་ བསྡུའི་ ཁྲོད་ ད་ ལྟའི་ གཞུང་
གཟའ་ ཉི་ མའི་ ཉིན་ གྱི་ འོས་ བསྡུ་ གྲུབ་ འབྲས་ ཕྱིར་ བསྒྲགས་ བྱས་ འཕྲད་ ཨ་ རིའི་ སྲིད་ འཛིན་ ཨོ་ བྷ་ མས། སྐུ་ ཞབས་ ཤེན་ ཛོ་ དང་ ཁོང་ གི་ ཆབ་ སྲིད་ ཚོགས་ པར་ འོས་ བསྡུའི་ རྒྱལ་ ཁ་ ཐོབ་ པར་ འཚམས་ འདྲི་ དང་ ། ཨ་ རི་ དང་ ཉི་ ཧོང་ གི་ གཞུང་ གསར་ པ་ གཉིས་ བར་ སྔར་ བས་ མཉམ་ ལས་ ནུས་ ཤུགས་ འདོན་ དགོས་ སྐོར་ བརྗོད་ ཡོད་ འདུག
གུ་ ཡངས་ དམངས་ གཙོ་ ཚོགས་ པར་ གྲོས་ ཚོགས་ འོས་ བསྡུའི་ རྒྱལ་ ཁ་ ཐོབ་ འཕྲད། སྲིད་ བློན་ ཟུར་ པ་ སྐུ་ ཞབས་ ཤེས་ ཛོ་ ཡིས་ གསར་ འགོད་ གསལ་ བསྒྲགས་ ཤིག་ སྤེལ་ ཏེ།ཐེངས་ འདིར་ གུ་ ཡངས་ དམངས་ གཙོ་ ཚོགས་ པར་ མི་ མང་ གི་ རྒྱབ་ སྐྱོར་ འོས་ ཤོག་ ཐོབ་ པ་ དེ་ ནི། ཞི་ བདེ་ རྒྱ་ མཚོའི་ མངའ་ ཁུལ་ བདག་ དབང་ ཐད་ ནས་ རྒྱ་ ནག་ ལ་ བཟུང་ པའི་ མཁྲེགས་ བཟུང་ སྲིད་ ཇུས་ ལ་ རྒྱབ་ སྐྱོར་ བྱས་ པ་ ཞིག་ ཡིན་ སྟབས། ཁོང་ དང་ ཁོང་ གི་ ཚོགས་ པས་ མི་ མང་ གི་ མངོན་ འདོད་ འགྲུབ་ པར་ བྱ་ རྒྱུ་ ཡིན་ ཞེས་ བརྗོད་ ཡོད་ པ་ མ་ ཟད། རྒྱ་ ནག་ གིས་ སན་ ཀཱ་ ཀུ་ གླིང་ ཕྲན་ གྱི་ བདག་ དབང་ ཐད་ རྩོད་ ལེན་ བྱེད་ བཞིན་ པ་ མཚམས་ འཇོག་ བྱ་ དགོས་ པ་ དང་ ། གླིང་ ཕྲན་ དེའི་ བདག་ དབང་ ཉི་ ཧོང་ ལ་ ཡོད་ པས། ཕྱོགས་ གཉིས་ ཀྱི་ གནས་ བབ་ ཛ་ དྲག་ ཏུ་ མི་ འགྱུར་ པའི་ ཐད་ རྒྱ་ ནག་ གིས་ རང་ ཚོད་ ཟིན་ དགོས་ པའི་ ཉེན་ བརྡ་ བཏང་ ཡོད་ འདུག
རང་ ལོ་ ༥༨ཡིན་ པ་ སྐུ་ ཞབས་ ཤེན་ ཛོ་ ནི་ ༢༠༠༦ལོར་ ཉི་ ཧོང་ གི་ སྲིད་ བློན་ ཆགས་ ཡོད་ ཀྱང་ ། ༢༠༠༧ལོར་ ཁོང་ གིས་ ན་ ཚའི་ དབང་ གིས་ དགོངས་ ཞུ་ བྱས་ ཡོད་ པ་ དང་ ། དུས་ རྒྱུན་ ཉི་ ཧོང་ རྒྱལ་ གཅེས་ རིང་ ལུགས་ པ་ ཞིག་ དང་ ལྷག་ པར་ དུ་ རྒྱ་ ནག་ ཐད་ ལངས་ ཕྱོགས་ མཁྲེགས་ པོ་ འཛིན་ མཁན་ ཞིག་ ཡིན་ འདུག
གསར་ འགོད་ པ། བནྡེ་ སྐྱབས།
དུས་བབ་དྲྭ་བ་ནས།
