དེ་ རིང་ སྔ་ དྲོར་ རེབ་ གོང་ ཁུལ་ རྨ་ ལྷོ་ མི་ རིགས་ དགེ་ ཐོན་ སློབ་ གྲྭའི་ སློབ་ མ་ ༡༨ རྒྱ་ གཞུང་ གིས་ འཛིན་ བཟུང་ བཙན་ འཁྲིད་ བྱས་ ཡོད་ འདུག
ད་ ལྟ་ རང་ སུད་ སིར་ གནས་ བཞུགས་ ཤ་ བོ་ རྡོ་ རྗེ་ ལགས་ སུ་ བོད་ ནས་ གནས་ ཚུལ་ འབྱོར་ བར། དེ་ རིང་ སྔ་ དྲོར་ མདོ་ སྨད་ རེབ་ གོང་ ཁུལ་ ཐོག་ གི་ རྨ་ ལྷོ་ མི་ རིགས་ དགེ་ ཐོན་ སློབ་ གྲྭའི་ སློབ་ མ་ ༡༨
ཙམ་
གཞན། ཟླ་ སྔོན་ མའི་ ཕྱི་ ཚེས་ ༢༢ ཉིན་ མཚོ་ སྔོན་ མི་ རིགས་ སློབ་ གྲྭ་ ཆེན་ མོ་ དང་ མཚོ་ སྔོན་ ཁྲིམས་ ལུགས་ སློབ་ གྲྭ མཚོ་ སྔོན་ བོད་ ལུགས་ གསོ་ རིགས་ སློབ་ གླིང་ བཅས་ ཀྱི་ ནང་ ། རྒྱ་ གཞུང་ གིས་ ཁ་ བྱང་ ལ་ <<ཏཱ་ ལའི་ བླ་ མ>>ཞེས་ པའི་ དཔེ་ དེབ་ རྒྱབ་ ཤ་ དཀར་ པོ་ ཅན་ ཞིག་ འགྲེམས་ སྤེལ་ བྱས་ ཡོད་ པའི་ ནང་ ། བོད་ ནང་ གི་ རང་ སྲེག་ དོན་ རྐྱེན་ དང་ ངོ་ རྒོལ་ ཟིང་ ཆ་ རྣམས་ ཏཱ་ ལའི་ བླ་ མས་ ཕྱི་ ལོགས་ ནས་ བརྒྱུད་ སྐུལ་ བྱས་ པ་ ཡིན་ ཚུལ་ བཀོད་ ཡོད་ སྟབས། ཕྱི་ ཚེས་ ༢༤ ཉིན་ སློབ་ གྲྭ་ དེ་ དག་ གི་ བོད་ རིགས་ སློབ་ ཕྲུག་ བཞི་ ཡིས་ ཤོག་ ངོས་ ༤ ཅན་ གྱི་ ལན་ འདེབས་ ཡིག་ ཆ་ ཞིག་ སློབ་ ཕྲུག་ ནང་ ཁུལ་ དུ་ འགྲེམས་ སྤེལ་ བྱས་ ཏེ། ཐེངས་ འདིར་ སྲིད་ གཞུང་ གིས་ བཀྲམས་ པའི་ རྫུན་ གཏམ་ སྤུངས་ པའི་ དཔེ་ དེབ་ དེ་ ལ་ ཡིད་ ཆེ་ གཏན་ ནས་ བྱ་ མི་ རུང་ སྐོར་ དང་ ། ༧གོང་ ས་ ཏཱ་ ལའི་ བླ་ མ་ མཆོག་ ནི་ སྤྱིར་ འཛམ་ གླིང་ ཞི་ བདེ་ དེད་ དཔོན་ ཆེན་ མོ་ ཞིག་ དང་ ། ཡང་ སྒོས་ ཁ་ བ་ གངས་ ཅན་ ལྗོངས་ ཀྱི་ ཆོས་ སྲིད་ གཉིས་ ཀྱི་ དབུ་ འཁྲིད་ དང་ ། འདུ་ ཕྱི་ གཉིས་ ཀྱི་ སྐྱབས་ གནས་ ཉག་ ཅིག་ དེ་ ཡིན་ སྐོར་ བཀོད་ ཡོད་ འདུག དེའི་ རྗེས་ རྒྱ་ གཞུང་ གིས་ གོང་ གསལ་ སློབ་ མ་ དག་ ལས་ སངས་ རྒྱས་ བཀྲ་ ཤིས་ ཞུ་ བ་ ཞིག་ འཛིན་ བཟུང་ བྱས་ ཏེ་ ད་ བར་ གར་ སོང་ ཆ་ མེད་ ཆགས་ ཡོད་ འདུག
ཟླ་ སྔོན་ མའི་ ཕྱི་ ཚེས་ ༢༦ ཉིན་ མདོ་ སྨད་ མཚོ་ ལྷོ་ ཁུལ་ གསེར་ ཆེན་ རྫོང་ ཆབ་ ཆ་ གྲོང་ རྡལ་ གྱི་ མངའ་ ཁོངས་ སུ་ ཡོད་ པའི་ གསོ་ རིག་ སློབ་ གླིང་ གི་ སློབ་ མ་ ཚོས་ རྒྱ་ གཞུང་ གི་ སྲིད་ བྱུས་ ལ་ ངོ་ རྒོལ་ ཁྲོམ་ སྐོར་ བྱས་ པར། གཞུང་ གི་ ཉེན་ རྟོག་ པ་ དང་ དམག་ མིས་ འཛིན་ བཟུང་ གཅར་ རྡུང་ ཚད་ ལས་ བརྒལ་ བ་ བཏང་ ཡོད་ པ་ དང་ ། ཟླ་ འདིའི་ ཚེས་ ༥ ཉིན་ སློབ་ མ་ རབ་ བརྟན་ དང་ དབང་ འདུས་ ཚེ་ རིང་ ། བྱམས་ པ་ ཚེ་ རིང་ ། ཆོས་ སྐྱོང་ ། བཀྲ་ ཤིས་ ཀུན་ བཟང་ ། རྡོ་ ལ་ ཚེ་ རིང་ ། སངས་ རྒྱས་ དོན་ གྲུབ། ཀུན་ བཟང་ འབུམ་ བཅས་ ལ་ རྒྱ་ གཞུང་ གིས་ ལོ་ ལྔའི་ བཙོན་ འཇུག་ ཁྲིམས་ ཐག་ བཅད་ ཡོད་ འདུག།
དུས་བབ་དྲ་བ་ནས།
