རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བུད་མེད་དང་བགྲོ་གླེང༽ ཞེས་པ་ཚོགས་ཟེན། བོད་ནས་བཙན་རྐང་གིས་༢༠༡༢ ༡༡ ༠༤་ལ།

དོ་འཛིན་པ། རྔ་རྡེའི། 
 ཁོང་རྣོ་ངར་རེད། ཁོང་གིས་ཕོ་མཆོག་མོ་དམན་གྱི་ལྟ་བ་ནི་ཆོས་ལུགས་ཀྱི་ཤུགས་རྐྱེན་ཐེབས་པ་རེད།དཔེ་ཞིག་བཞག་ན་ཆོས་ལུགས་མང་པོའི་ཤན་ཞུགས་ལས་བུད་མེད་ཀྱི་མོ་མཚན་དུ་ལྕགས་ཟྭ་རྒྱག་པ་ལ་སོགས་ཐད་ཀྱིས་མང་པོ་བཤད་སོང༌།


                                                                                                               

 ཁོ་མོ་ཀླུ་མོ་འཚོ་རེད།ཁོ་མོས་བློ་ཐག་རྦད་ཆོད་ཀྱི་ངང་ནས་བུད་མེད་ལ་སྒེར་ཚུགས་དགོས་སམ་ཡོད།སྒེར་ཚུགས་སུ་དབྱེ་ན་ཕྱོགས་ཆེན་པོ་གཉིས་འདུ།གཅིག་རང་སེམས་ཀྱི་ལྟ་སྟངས་དང༌། གཅིག་ཤོས་ནི་སྤྱི་ཚོགས་ཀྱི་ཐད་གཉིས་འདུ།དེ་ལས་ཁོ་མོས་ལོ་རྒྱུས་དང་འབྲེལ་ནས་སྤྱི་ཚོགས་ཐད་གླེང་སོང༌།

                                                    

 ཁོ་མོ་བདེ་མཆོག་འཚོ་རེད།ཁོ་མོས་ཁ་བྱང་མཐོང་མ་ཐག་སེམས་ཀྱི་ན་ཟུག་སྐྱེས་ཚུལ་དང༌།དེ་ནི་བུད་མེད་སྐྱེས་མ་ཐག་ནས་ཐོབ་ཐང་དང་ཁེ་དབང་མེད་པ་རེད།དཔེར་ན་བསང་མཆོད་སོགས་ཐད་གླེང་བ།

                                                    

 ཁོ་མོ་བཀྲ་པོ་རེད།ཁོང་མོས་བགྲོ་གླེང་མང་པོ་བྱས་རུང་འགྲིག་འདུག་མོད།འོན་ཀྱང་རིག་གཞུང་གི་རྒྱབ་རྩ་མེད་པར་བགྲོ་གླེང་བྱས་ན་སྙིང་སྟོབས་ཤིག་མཚོན་པ་བདེན་མོད་དོན་སྙིང་ཆེ་མི་འདུག་སྙམ།དེ་བས་བུད་མེད་མང་པོས་ཐོག་མར་རྨང་འཇོག་པ་ལས་སྙན་ངག་ཙམ་དང་སྐད་ཆ་ཁ་ཤས་བཤད་པར་བྲོ་བ་མེད་འདུག

                                               

 ཁོ་མོ་བདེ་ཆེན་རེད།ཁོ་བཤད་རྒྱུར་ལག་ཆ་དང་བྲན་གཡོག་ལྟ་བུའི་འདུ་ཤེས་སུ་བལྟ་བ།དུས་རབས་ཉེར་གཅིག་པའི་དུས་སྐབས་འདིར་བུད་མེད་སློབ་སྦྱོང་གི་ཁོར་ཡུག་ལེགས་པོ་བྱིན་ན་འབྱུང་འགྱུར་དུ་ཁྱིམ་ཚང་སློབ་གསོ་ཇེ་ལེགས་བཏང་ན་རྒྱལ་ཁབ་ཀྱི་སློབ་གསོ་ཇེ་ལེགས་སུ་ཕྱིན་ངེས།ཕོ་མོ་འདྲ་མཉམ་ཟེར་བ་ཁ་ནས་བཤད་པ་བཞིན་མ་ཡིན་པར་རང་ཉིད་ཀྱི་ལག་ལེན་ནས་འགོ་རྩོམ་དགོས་པ་རེད།
                                   
                            

ཁོ་མོ་སེར་ཆེན་རེད།རང་ཉིད་ཀྱི་ནུས་པ་སྔོག་འདོན་དང་སྐྱེད་བསྲིངས་བྱས་ནས་མི་གཞན་༼ཕོ༽ལ་རེ་མ་དགོས་པར་རང་ཉིད་ཀྱི་རང་ཉིད་ཚོར་ཁོར་ཡུག་ཅིག་བསྐྲུན་རྒྱུ་གལ།

                                                                    

     ཁོ་མོ་ནོར་བུ་ལྷ་མོ་རེད།ཁོ་མོས་དེ་རིང་གི་གླེང་སྟེགས་བརྒྱུད་ནས་བུད་མེད་ཀྱི་སྙིང་སྟོབས་ཐད་ནས་བཤད་འདོད།བུད་མེད་མང་པོ་ཞིག་ལ་ནུས་པ་མེད་པ་རྩ་བ་ནས་མེད་པ་མ་ཡིན་པར་སྙིང་སྟོབས་མེད་པས་རེད་སོགས་ཀྱི་ཐད་བཤད་སོང༌།

                                          

ཁོ་མོ་མཛེས་པོ་རེད།དེ་རིང་ཁོ་མོས་བཤད་འདོད་རྒྱུ་ནི་བུད་མེད་དག་སྙིང་སྟོབས་ཁྱད་འཕགས་ཡོད།རྒྱུ་མཚན་བུ་ཕྲུག་བཙའ་བ་སོགས་བཤད།

                                          

ཁོ་མོ་བསྟན་འཛིན་སྒྲོལ་མ་རེད།ཁོ་མོས་སྒེར་ཚུགས་དང་འབྲེལ་བུད་མེད་ཀྱི་སྙིང་སྟོབས་གླེང་རྒྱུ།གཞན་ལ་མི་བསྟེན་པར་རང་རྐྱ་འཕེལ་བའི་ངང་ནས་རང་ཉིད་ཡར་སློང་བ་དང་ཁོ་མོས་དེ་རིང་ཁ་སང་གྀ་ཕོ་མོ་འདྲ་མཉམ་རྩོད་ཀྱིན་མེད་པར་བརྩོན་གྱིན་ཡོད།མ་གཞི་བུད་མེད་དག་ལ་སྙིང་སྟོབས་མེད་པའི་རྐྱེན་གྱིས་བུད་མེད་དག་གི་ནུས་པ་དང་ཡོན་ཏན་མང་པོ་ལྷག་འདུག

                                

 ཁོ་མོ་བསམ་གཏན་འཚོ་རེད།ཁོ་མོས་བཤད་རྒྱུར་རང་ཉིད་ནས་འགོ་བརྩམ་དགོས་པ་སྨྲོས་མེད་རེད།དེ་ལས་འཕྲོས་ནས་བུད་མེད་དང་བུ་ཚ་ཡི་སློབ་སྦྱོང་བྱེད་སྟངས་ཐད་བཤད་ན་བུད་མེད་ཀྱི་སློབ་སྦྱོང་བྱེད་ཐབས་ནི་བསམ་བློ་མི་བཏང་བའང་དོན་མི་གོ་བར་བཙན་གྱིས་བློར་འཛིན་བྱེད།དེ་གནས་སྐབས་ཀྱི་རྒྱུགས་ཤོག་ལེགས་འགྲུབ་འབྱུང་ཐུབ་མོད་དོན་དམ་པར་རང་ཉིད་ལ་ཅི་ཡང་འབྱོར་མེད་པ་རེད།

                               

 ཁོ་མོ་མཛེས་སེ་རེད།ཁོ་མོས་བལྟས་ན་ཕོ་མོ་འདྲ་མཉམ་རེད་འདོད་ཁུ།འོན་ཀྱང༌།བུད་མེད་མང་པོ་ཞིག་གིས་འདྲ་མཉམ་མ་རེད་བུད་མེད་རྣམས་ཀྱིས་ཁྱིམ་ལས་སྒྲུབ་དགོས་སོགས་བཤད་ཀྱིན་འདུག དེ་ནི་ཕོ་མོ་འདྲ་མཉམ་མེད་པ་མ་རེད་འདོད།ཁྱིམ་ལས་སྒྲུབ་པ་གཅིག་ན་དྲིན་ཆེན་གྱི་ཡམ་ཡུམ་དང་རང་ཚེ་གཅིག་གི་ཁྱོ་ག་སོགས་ལ་བརྩེ་བའི་ཞབས་ཞུ་སྒྲུབ་པ་ཡིན་པས་དེ་ནི་བརྩི་བཀུར་ཞིག་གོ།

                                 

 ཁོ་ནི་འཇམ་དབྱངས་དཔལ་ལྡན་རེད།ཁོ་ཡིས་བཤད་རྒྱུར་ཕོ་མོ་འདྲ་མཉམ་ལ་སྐྱེས་ཁུངས་ཀྱི་ཐད་ནས་ཕ་མ་དག་གིས་བུ་ཕྲུག་བཙའ་དུས་ཕོ་ལ་རེ་བ་ལས་མོ་ལ་རེ་བ་མི་རྒྱག་པ།བུད་མེད་ཀྱི་བརྩེ་དུང་ལ་བརྩི་བཀུར་རམ་མཐོང་ཆེན་མི་བྱེད།དེས་མ་ཟད་བུད་མེད་ཀུན་ལ་ནུས་པ་ཡོད་པ་ཤེས་གསལ་རེད།དཔེར་བཞག་ན་སྤྱང་ཀི་ལྟ་བུར་ཕོའི་ཕྲུ་གུ་སྐྱོབ་པ་དང་མོས་སྲུང་བ་ལྟ་བུ།

                                 

 ཁོ་ནི་ཉྭ་སྲིན་པོ་རེད།ཁོ་ཡིས་བལྟས་ན་༼སྒེར་ཚུགས་༽ཟེར་བ་ནི་མི་ཞིག་ཡིན་པ་གཞིར་བཞག་གི་ཐོག་ནས་གླེང་རྒྱུ་རེད་འདོད།ཕོ་མོ་འདྲ་མཉམ་གྱི་ལྟ་བ་སྤྱི་ཚོགས་སྟེང་ནས་མཐར་སྤྲོད་བྱེད་ཐུབ་མེད་ཁུ།ཆོས་ལུགས་སོགས་ཀྱིས་རིག་གཞུང་གི་ལྟ་གྲུབ་མང་པོས་ཤུགས་རྐྱེན་ཐུབ་མོད།འོན་ཀྱང་ཆོས་ལུགས་ནི་འདོད་སྡོམ་གྱི་རིག་གནས་ཤིག་རེད་མོད་གཙོ་བོ་དེ་རྗེས་ནས་འབག་བཙོག་ཇེ་ཆེར་སོང་ཡོད་པ་འདྲ།ཡིན་ཡང་ལེ་བདའ་ཡི་སྤྱི་ཚོགས་མཇུག་རྫོགས་པར་བྱས་ནས་གོ་རྟོགས་གསར་བ་དང་བསམ་བློ་གསར་བ་ཞིག་འདྲེན་དགོས།གནས་ཚུལ་དེ་འདྲའི་འོག་ནས་བུད་མེད་ཀྱི་སྒེར་ཚུགས་ནི་གོ་རྟོགས་ཀྱི་ཐོག་ནས་རྩོད་རྒྱུ་རེད་འདོད།དེ་བས་བུད་མེད་ཀྱི་ཁེ་དབང་དང་ཐོབ་ཐང་དགོས་དང་མི་དགོས་ཅི་འདྲ་བཤད་རུང་དོར་མི་ཐུབ་པའི་རྒྱུ་མཚན་ནི་ཕོ་མོ་འདྲ་མཉམ་གྱི་རིག་གཞུང་གི་ལྟ་བའི་གོ་རྟོགས་སད་མེད་པས་རེད།

                             

  ཁོ་ནི་ཨ་འབྲོག་བུ་རེད།ཁོ་ཡིས་བཤད་རྒྱུར་བུད་མེད་རྣམས་ལ་བུད་མེད་ཀྱི་ཐོབ་ཐང་གཏན་ནས་སྟེར་མི་ཉན།འོན་ཀྱང་བུད་མེད་རྣམས་ལ་མྱི་ཡི་ཐོབ་ཐང་དང་ཁེ་དབང་སྟེར་ན་འདོད། བུད་མེད་རྣམས་ལ་བུད་མེད་ཀྱི་ཐོབ་ཐང་སྟེར་ན་ཡོངས་ཁྱབ་རིན་ཐང་དོར་བ་རེད།ཕོ་མོ་འདྲ་མཉམ་དོར་བ་རེད།དེ་བས་མྱི་ཡི་ཐོབ་ཐང་ཀུན་ལ་བྱིན་རྒྱུ་གལ།དེ་བྱིན་ན་སྤྲུལ་སྐུ་དང་དཔོན་ཆེན་དག་ཐང་ལ་རྒྱག་ཐུབ་པ་རེད།

                           

 ཁོ་མོ་ནི་དབང་ཕྱུག་སྐྱིད་རེད།ཁོ་མོས་བཤད་རྒྱུར་༼སྒེར་ཚུགས་༽ནི་མི་གཤིས་དང་སྙིང་སྟོབས་ལ་ཐུག་འདུག སྙིང་སྟོབས་མེད་ན་འཚོ་བ་རོལ་མི་ཐུབ་པ་རེད།དེར་འབྲེལ་བདེ་སྐྱིད་ཅིག་གླེང་ན་བདེ་སྐྱིད་ངོ་མ་ནི་རང་རྐྱ་འཕེལ་བའི་སྒོས་གྲུབ་པའི་བདེ་སྐྱིད་ནི་བདེ་སྐྱིད་ངོ་མ་རེད་འདོད།འཚོ་བ་ནི་མ་གཞི་རང་གི་ལག་པའི་ནང་དུ་ཡོད་པས་ཕམ་ཁ་ཅུང་ཙམ་ཞིག་རག་ན་ཡིད་མི་ཕམ་པར་རྒྱལ་ཁའི་ཕྱོགས་སུ་བསྐྱོད་རྒྱུ་གལ་ཆེ།

  

གསལ་བཤད༽ཟིན་བྲིས་འགོད་མཁན་ང་རང་ཡིན།ཟིན་བྲིས་འགོད་པའི་ལས་ཀ་ནི་ཧ་ཅང་དཀའ་མོ་ཞིག་རེད།ལྷག་ཏུ་གྲོགས་པོ་མང་པོ་ལ་འདྲེས་ཆ་མེད་པས་མིང་དང་འདྲ་སོགས་ལྷན་ཏུ་འགོད་པར་དཀའ་ངལ་ཆེ་བ་རེད།དེ་བས་འགོད་ནོར་རེ་བྱས་ཡོད་ན་བཀླག་མཆན་དུ་གསལ་བཤད་བྱེད་རྒྱུར་ཤིན་ཏུ་གལ་ཆེ།ལྷག་ཏུ་གསལ་བྱེད་གལ་ཆེན་ནི་རྐྱེན་གོང་རུང་ཞིག་གིས་བགྲོ་གླེང་སྟེང་གི་བཏམ་བཤད་པ་ཡོད་ཚད་འགོད་མ་ཐུབ་ལ།ཡོད་ཚད་འགོད་ན་ཉོག་འགྲོ་བའི་སྣང་ཚུལ་ཡོད་པས་རང་ཚོད་ཀྱི་བལྟས་ན་ཅུང་དོན་སྙིང་ལྡན་པ་དག་བཀོད་པར་བྱས་པ་ཡིན།བཀའ་དྲིན་ཆེ། 

                                           ཞེས་བཙན་རྐང་གིས།༢༠༡༢ ༡༡ ༠༤ནུབ་མོར།