གཟའ་
ཕྱི་ ཟླ་ ༡༡ ཚེས་ ༢༩ ཉིན་ ལྷོ་ ཨ་ ཧྥུ་ རི་ ཀའི་ ཆེས་ མཐོའི་ ཁྲིམས་ ཁང་ གིས། སྔར་ ལོ་ ལྷོ་ ཨ་ ཧྥུ་ རི་ ཀའི་ ཡེ་ ཤུ་ ཆོས་ དཔོན་ ཌི་ སི་ མཱན་ ཊོ་ ཊོ་ མཆོག་ གིས་ ཁོང་ གི་ སྐྱེས་ སྐར་ མཛད་ སྒོར་ ༸གོང་ ས་ མཆོག་ གདན་ ཞུ་ གནང་ པར། སྐབས་ དེའི་ ལྷོ་ ཨ་ ཧྥུ་ རི་ ཀའི་
ནང་ སྲིད་ སྡེ་ ཁག་ གི་ མགོ་ གཙོ་ གྷ་ ལའེ་ མི་ ནའེ་ རྫུ་ མཱ་ (Mme Nkosazana Dlamini-Zuma)ཡིས་ དུས་ ཚོད་ མནར་ འགྱངས་ ཀྱིས་ ཐོངས་ མཆན་ མ་ སྤྲད་ པའི་ བྱ་ སྤྱོད་ དེ་ ནི་ ཁྲིམས་ འགལ་ ཆགས་ ཡོད་ པའི་ ཐག་ གཅོད་ གནང་ འདུག
སྔར་ ལོ་ ལྷོ་ ཨ་ ཧྥུ་ རི་ ཀའི་ ཡེ་ ཤུའི་ ཆོས་ དཔོན་ དང་ ནོ་ སྦེལ་ ཞི་ བདེ་ གཟེངས་ རྟགས་ བཞེས་ མཁན་ ཌི་ སི་ མཱན་ ཊོ་ ཊོ་ མཆོག་ གིས། ཁོང་ ཉིད་ དགུང་ ལོ་ ༨༠ ཕེབས་ པའི་ སྐྱེས་ སྐར་ མཛད་ སྒོའི་ ཐོག ༸གོང་ ས་ མཆོག་ ཆེད་ དུ་ གདན་ ཞུས་ གནང་ ཡོད་ ཀྱང་ ། ལྷོ་ ཨ་ ཧྥུ་ རི་ ཀའི་ ནང་ སྲིད་ སྡེ་ ཁག་ གི་ མགོ་ གཙོ་ གྷ་ ལའེ་ མི་ ནའེ་ རྫུ་ མཱ་ ཡིས་ དུས་ ཚོད་ མནར་ འགྱངས་ བྱས་ ཏེ་ ༸གོང་ ས་ མཆོག་ ལ་ ཐོངས་ མཆན་ སྤྲད་ མེད་ སྟབས། ཌི་ སི་ མཱན་ ཊོ་ ཊོ་ མཆོག་ གིས་ གནད་ དོན་ དེའི་ ཐད་ ལྷོ་ ཨ་ ཧྥུ་ རི་ ཀའི་ གཞུང་ ཆེས་ མཐོའི་ ཁྲིམས་ ལ་ ཞུ་ གཏུགས་ བྱས་ ཡོད་ པ་ རེད།
ཉེ་ ཆར་ གཟའ་ ཕུར་ བའི་ ཉིན་ ལྷོ་ ཨ་ ཧྥུ་ རི་ ཀའི་ ཁྲིམས་ ཁང་ གིས། སྐབས་ དེའི་ ལྷོ་ ཨ་ ཧྥུ་ རི་ ཀའི་ ནང་ སྲིད་ སྡེ་ ཁག་ གི་ མགོ་ གཙོ་ གྷ་ ལའེ་ མི་ ནའེ་ རྫུ་ མཱ་ ཡིས་ དུས་ ཚོད་ མནར་ འགྱངས་ བྱས་ ཏེ། ༸གོང་ ས་ མཆོག་ ལ་ ཐོངས་ མཆན་ མ་ སྤྲད་ པའི་ བྱ་ སྤྱོད་ དེ་ ནི་ ཁྲིམས་ འགལ་ ཡིན་ པའི་ ཐག་ གཅོད་ བྱས་ ཡོད་ འདུག
ཌི་ སི་ མཱན་ ཊོ་ ཊོ་ མཆོག་ གིས་ ལྷོ་ ཨ་ ཧྥུ་ རི་ ཀའི་ ཆེས་ མཐོའི་ ཁྲིམས་ ཁང་ གི་ ཐག་ གཅོད་ དེར་ བསྔགས་ བརྗོད་ དང་ ། ཐག་ གཅོད་ དེ་ ཡིས་ ལྷོ་ ཨ་ ཧྥུ་ རི་ ཀའི་ ཁྲིམས་ ཁང་ ནི་ སྲིད་ དོན་ མི་ སྣའི་ སྟངས་ འཛིན་ འོག་ མ་ ཚུད་ པར་ རང་ རྐྱང་ ཕེར་ བའི་ ངོ་ བོར་ གནས་ ཡོད་ པའི་ ངོས་ འཛིན་ གནང་ ཡོད་ པ་ མ་ ཟད། ཁོང་ གིས་ མ་ འོངས་ པར་ ཡང་ བསྐྱར་ ༸གོང་ ས་ མཆོག་ ལྷོ་ ཨ་ ཧྥུ་ རི་ ཀའི་ ནང་ ཕེབས་ ཞུ་ གནང་ སྲིད་ པའི་ རྣམ་ འགྱུར་ བསྟན་ ཡོད་ འདུག
གསར་ འགོད་ པ། ཚེ་ རིང་ རྒྱལ།
དུས་བབ་དྲྭ་བ་ནས།
