རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

མགོ་ལོག་ཏུ་གྲྭ་ཞིག་རང་ལུས་མེར་བསྲེགས།


དེ་རིང་ཕྱི་ཚེས་ ༣ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༧།༡༠ ཡས་མས་སུ་མགོ་ལོག་པདྨ་རྫོང་ནས་གྲྭ་བློ་བཟང་དགེ་འདུན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ཡོད་འདུག
ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། དོ་དགོང་བོད་ནང་གི་ཆུ་ཚོད་  ༧།༡༠ ཡས་མས་སུ་མགོ་ལོག་པདྨ་རྫོང་སེ་ལེ་ཐང་ཡུལ་ཚོའི་པད་ནག་དགོན་གྱི་གྲྭ་བ་རང་ལོ་ ༢༦ ཡིན་པ་བློ་བཟང་དགེ་འདུན་ལགས་
ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་འདུག
རྒྱལ་གཅེས་དཔའ་བོ་ཁོང་གི་ཕའི་མིང་ལ་མགོ་ལོག་ལོ་ཁོ་དང་། མའི་མིང་ལ་ས་འགོ་བདེ་དབང་། ཁོང་གི་སྤུན་མཆེད་ཀྱི་མིང་ལ་ཚེ་ཆུང་བཅས་འབོད་ཀྱི་ཡོད་འདུག
ས་གནས་ནས་གནས་ཚུལ་འབྱོར་གསལ་ལྟར་། ད་ལྟའི་ཆར་པདྨ་རྫོང་ཡོངས་སུ་ཉེན་རྟོག་པ་དང་དམག་མིསྐོར་ཏེདམ་དྲག་ཤུགས་ཆེར་བྱེད་བཞིན་འདུག
གསར་འགོད་པ། ཚེ་རིང་རྒྱལ།
དུས་བབ་དྲྭ་བ་ནས།