རྒྱ་ ནག་ གི་ ཁྲིམས་ ལུགས་ ཆེད་ མཁས་ པ་ ཕིན་ ཧུའུ་ ཡིས་ འཕྲུལ་ སྒྲའི་ (Twitter)སྟེང་ གནས་ ཚུལ་ སྤེལ་ བ་ ལྟར་ ན།༢༠༠༥ ལོར་ རྒྱ་ གཞུང་ གིས་ བཙོན་ འཇུག་ ཁྲིམས་ ཐག་ བཅད་ པའི་ ཡུ་ གུར་ རྩོམ་ པ་ པོ་ ཡཱ་ སིན་ ལགས། འདས་ པའི་ ལོ་ གཅིག་ གི་ སྔོན་ ནས་ ཤིན་ ཅང་ ཧྲ་ ཡཱ་ བཙོན་ ཁང་ དུ་ འདས་ གྲོངས་ སུ་ ཕྱིན་ ཡོད་ ཀྱང་ ། རྒྱ་ གཞུང་ གིས་ རྩོམ་ པ་ པོ་ ཁོང་ བཙོན་ ཁང་ ནང་ འདས་ གྲོངས་ ཕྱིན་ པ་ སྦེད་ གསང་ གིས་ ཕྱིར་ བསྒྲགས་ བྱས་ མི་ འདུག ད་ ལྟའི་ ཆར་ རྩོམ་ པ་
ཡུ་ གུར་ རྩོམ་ པ་ པོ་ ཡཱ་ སིན་ ལགས་ རྒྱ་ གཞུང་ གིས་ འཇུ་ བཟུང་ བྱས་ རྗེས། རྒྱལ་ སྤྱིའི་ སྨྱུག་ ཚོགས་ ཀྱིས་ རྩོམ་ པ་ པོ་ ཁོང་ ནི་ རྒྱ་ གཞུང་ གིས་ དེང་ སྐབས་ རྩོམ་ འབྲིའི་ རང་ དབང་ དང་ མི་ རིགས་ ཀྱི་ སྐད་ ཡིག་ ཁེ་ དབང་ རྡོག་ རོལ་ གཏོང་ བཞིན་ པའི་ དཔེ་ མཚོན་ གསལ་ ཤོས་ ཤིག་ ཏུ་ ངོས་ འཛིན་ ཐོག ཨ་ རིའི་ སྨྱུག་ ཚོགས་ དང་ དབྱིན་ ཇིའི་ སྨྱུག་ ཚོགས། རྒྱའི་ རང་ དབང་ སྨྱུག་ ཚོགས་ སོགས་ ཀྱིས་ རྩོམ་ པ་ པོ་ ཁོང་ ལ་ མཚན་ མཐོང་ ཆེན་ པོ་ གནང་ ཡོད་ པ་ མ་ ཟད། ༢༠༠༩ ལོར་ ཨ་ རིའི་ སྨྱུག་ ཚོགས་ ཀྱི་ དབྱིན་ ལཱན་ ཡན་ ལག་ ཚོགས་ པས་ རྩོམ་ པ་ པོ་ ཡཱ་ སིན་ ལགས་ ལ་ ༼ཝ་ སལ་ སི་ ཏོ་ སི་ རང་ དབང་ རྩོམ་ རིག་ གཟེངས་ རྟགས(Vasil Situ Si Freedom to Write Award.)༽ ཕུལ་ ཡོད་ ལ། རྒྱལ་ སྤྱིའི་ སྨྱུག་ ཚོགས་ ཁག་ གིས་ རྒྱ་ གཞུང་ གིས་ རྩོམ་ པ་ པོ་ ཁོང་ ཀློད་ གྲོལ་ གཏོང་ དགོས་ པའི་ འབོད་ སྐུལ་ རིམ་ པར་ གནང་ ཡོད་ པ་ རེད།
༢༠༠༤ ལོའི་
དེ་ བཞིན། ལོ་ སྔོན་ མའི་ ཕྱི་ ཟླ་ ༣ པའི་ ནང་ འཇར་ མན་ ལཱེབ་ རྫིག་ དཔེ་ དེབ་ འགྲེམས་ ཚོང་ (Leipzig Book Fair)དབུ་ འབྱེད་ སྐབས། འཇར་ མན་ གྱི་ གནོད་ ཐེབས་ མི་ རིགས་ རོགས་ སྐྱོར་ མཐུན་ ཚོགས་ ཀྱི་ ཨེ་ ཤ་ ཡའི་ སྡེ་ ཁག་ གི་ འགན་ འཛིན་ ཨོལ་ རའེ་ ཆི་ ཌི་ ལའོ་ སི་ (Ulrich Delius) ལགས་ ཀྱིས། རྒྱ་ གཞུང་ གིས་ ཉེ་ ཆར་ རྩོམ་ པ་ པོ་ ༥༤ ལྷག་ བཙོན་ འཇུག་ བྱས་ ཡོད་ པ་ དང་ ། དེའི་ ཁྲོད་ ཀྱི་ མང་ ཆེ་ ཤོས་ ནི་ བོད་ དང་ ཡུ་ གུར། སོག་ པོ་ མི་ རིགས་ བཅས་ ཀྱི་ རྩོམ་ པ་ པོ་ ཡིན་ པ་ བརྗོད་ ཡོད།
ཡུ་ གུར་ རྩོམ་ པ་ པོ་ ཡཱ་ སིན་ (Nurmuhemmet Yasin) ལགས་ ནི། ༡༩༧༤ ལོའི་ ཕྱི་ ཟླ་ ༣ ཚེས་ ༦ ཉིན་ ཤིན་ ཅང་ ཡུ་ གུར་ རང་ སྐྱོང་ ལྗོངས་ ཀི་ ཧྲི་ ས་ ཁུལ་ པཱ་ ཁྲུའུ་ རུ་ སྐྱེས་ པ་ དང་ ། ཁོང་ ནི་ རང་ དབང་ རྩོམ་ འབྲི་ བ་ དང་ སྙན་ ངག་ པ། གསར་ འགོད་ པ་ བཅས་ ཡིན་ པ་ དང་ ། སྨྱུག་ མིང་ ལ་ ཨའོ་ ཨར་ ཁེ་ ཞཱི་ ཟེར་ ཞིང་ ། ཁོང་ གིས་ སྙན་ རྩོམ་ དང་ བརྩམས་ སྒྲུང་ སོགས་ བརྩམས་ ཆོས་ ༧༠༠ ལྷག་ སྤེལ་ མྱོང་ ཡོད་ འདུག
གསར་ འགོད་ པ། ཚེ་ རིང་ རྒྱལ།
དུས་བབ་དྲ་བ་ནས།

