སྔར་
ཕྱི་ ལོ་ ༢༠༡༢ ཟླ ༡༡ ཚེས ༢༦ ཉིན་ དཀར་ མཛེས་ བོད་ རིགས་ རང་ སྐྱོང་ ཁུལ་ གསེར་ རྟ་ རྫོང་ གི་ ཁྲོམ་ གཞུང་ དུ་ རྒྱལ་ གཅེས་ དཔའ་ བོ་ དབང་ རྒྱལ་ ལགས་ ཀྱིས། རང་ ལུས་ མེར་ བསྲེཊ་ ཀྱིས་ རྒྱ་ གཞུང་ གི་ དྲག་ གནོན་ དབང་ བསྒྱུར་ སྲིད་ ཇུས་ ལ་ ངོ་ རྒོལ་ བྱེད་ སྐབས། རྒྱ་ གཞུང་ དྲག་ ཆས་ དམག་ མི་ དང་ ཉེན་ རྟོག་ པ་ ཡོང་ སྟེ་ ཁོང་ གི་ ལུས་ སྟེང་ གི་ མེ་ བསད་ དེ་ བཙན་ འཁྲིད་ བྱས་ ཡོད་
རང་ ལོ་ ༢༦ ཡིན་ པའི་ རྒྱལ་ གཅེས་ དཔའ་ བོ་ དབང་ རྒྱལ་ ལགས་ ནི། དཀར་ མཛེས་ བོད་ རིགས་ རང་ སྐྱོང་ ཁུལ་ གསེར་ རྟ་ རྫོང་ སྟག་ རྩེད་ ཡུལ་ ཚོའི་ མཆོག་ ཚང་ ཁ་ ཤུལ་ སྡེ་ བའི་ ཕ་ ཚེ་ འདས་ འཆི་ མེད་ དང་ མ་ ཚེ་ འདས་ མཛེས་ ལྡན་ གཉིས་ ཀྱི་ བུ་ ཡིན་ ཞིང་ ། ཆུང་ དུས་ སློབ་ གྲྭར་ འགྲིམ་ པ་ དང་ རྗེས་ སུ་ གྲྭ་ བ་ བྱས་ མྱོང་ ཡོད་ འདུག ཁོང་ ལ་ མིང་ སྲིང་ གསུམ་ ཡོད་ པའི་ ཁྲོད་ ཀྱི་ སྤུན་ ཆེ་ བའི་ མིང་ ལ་ ཚེ་ སྒྲུབ་ དང་ ། སྤུན་ ཆུང་ བའི་ མིང་ ལ་ ཕུར་ མགོན། སྲིང་ མོའི་ མིང་ ལ་ ཚེ་ དགའ་ འབོད་ ཀྱི་ ཡོད་ འདུག
གསར་ འགོད་ པ། དོན་ གོ
དུས་བབ་དྲ་བ་ནས།
