རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

གནས་ཚུལ་རྫུན་མ་མ་སྤེལ་རོཊ།


མདང་དགོང་ངྷ་སར་མར་མེ་ཁྲོམ་སྐོར་སྐབས། ཀིརྟི་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་ཀྱིས་བོད་པའི་གསར་འགོད་པ་ཚོས་ཁུངས་ལྡན་གནས་ཚུལ་འགོད་རྒྱུ་ལས་གནས་ཚུལ་རྫུན་མ་གསར་ལམ་དུ་མི་སྤེལ་བའི་ནན་སྐུལ་ཞུས་སོང་
ངྷ་ས་ས་གནས་གཞོན་ནུ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག མདང་དགོང་ཆུ་ཚོད་ ཙམ་ལ་བཞུགས་སྒར་ངྷ་ས་མེག་གྷན་ཁྲོམ་གཞུང་དུ་བོད་
མི་སེར་སྐྱ་མང་ཚོགས་ ༣༠༠ ལྷག་གིས། ཕྱི་ཚེས་ ༢༤ ཉིན་རྔ་པ་ཁུལ་མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཟླ་བ་ལཊ་དང་གྲྭ་དཀོན་མཆོག་འོད་ཟེར་ལཊ་རྣམ་གཉིས་ཀྱིས། རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་འདས་གྲོངས་སུ་ཕྱིན་པར་གདུང་སེམས་མཉམ་སྐྱེད་ཆེད་མར་མེ་ཁྲོམ་སྐོར་ཞིག་གནང་སོང་
ལས་འགུལ་མཇུག་སྡོམ་སྐབས་བཞུགས་སྒར་ཀིརྟི་བྱས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གྲྭ་བློ་བཟང་ཡེ་ཤེས་ལཊ་ཀྱིས། མཛོད་དགེ་རྫོང་དུ་གྲྭ་བློ་བཟང་ཟླ་བ་དང་དཀོན་མཆོག་འོད་ཟེར་གཉིས་ཀྱིས་རང་ལུས་མེར་བསྲེཊ་བཏང་བའི་སྔ་ཕྱིའི་རྒྱབ་ལྗོངས་གནས་ཚུལ་ངོ་སྤྲོད་དང་འབྲེལ། བོད་ནང་ཛ་དྲག་གནས་ཚུལ་བྱུང་སྐབས་བཙན་བྱོལ་བོད་མི་ཚོས་ཆིག་སྒྲིལ་ནུས་པ་སྔར་ལས་རྒྱ་བསྐྱེད་དེ། མར་མེ་ཁྲོམ་སྐོར་ཡན་ཆད་ཀྱི་ལས་འགུལ་ཁག་ལ་མཉམ་ཞུཊ་དགོས་རྒྱུ་གལ་ཆེན་ཡིན་པ་དང་ དེང་སྐབས་བོད་པའི་གསར་འགོད་པ་ཁག་ཅིག་གིས་གནས་ཚུལ་ཁུངས་ལྡན་ཡིན་མིན་གཙོ་བོར་མི་འཛིན་པར། འགན་ཁུར་མེད་པའི་ཐོག་ནས་ངོ་དེབ་དང་སྐར་ཁུང་དྲ་ལམ་གནས་ཚུལ་བསྡུ་རུབ་ཀྱིས་ཐད་ཀར་གསར་ལམ་དུ་འགོད་རྐྱང་བྱེད་པ་ཡག་པོ་མིན་པ་དང་ བོད་པ་གསར་འགོད་པ་ཞིག་ཡིན་ན་རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་བོད་པའི་ཆབ་སྲིད་འཐབ་རྩོད་ལས་འགུལ་ཨང་དང་པོར་འཇོག་དགོས་པ་ལས། གསར་འགོད་པའི་ལས་ཀ་དེ་ཨང་དང་པོ་དང་བོད་དོན་ཨང་གཉིས་པར་བཞག་ན་གནས་བབ་ཐོག་ཏག་ཏག་བསྡད་མེད་ཅིང་ ལྷག་པར་དུ་ཚེས་ ༢༤ ཉིན་མཛོད་དགེར་གྲྭ་གཉིས་ཀྱིས་རང་སྲེག་བཏང་བའི་ཉིན་འཛམ་ཐང་དུའང་བུད་མེད་ཅིག་རང་སྲེག་བྱས་པའི་བདེན་པ་མིན་པའི་གནས་ཚུལ་བྱུང་ཡོད་རུང་ བོད་པའི་གསར་འགོད་པ་ཁག་ཅིག་གིས་གནས་ཚུལ་ཁུངས་དེ་ལྡན་ཡིན་མིན་བརྩད་གཅོད་གང་ཡང་མ་བྱས་པར། ཐད་ཀར་དྲ་ཐོག་ཏུ་བཀོད་དེ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཤུཊ་རྐྱེན་ངན་པ་བཞག་ཡོད་སྟབས། མ་འོངས་པར་བོད་པའི་གསར་འགོད་པ་ཚོས་ངེས་པར་དུ་ལས་ཀ་བྱེད་ཕྱོགས་བསམ་བློ་གཏོང་དགོས་པའི་སྐུལ་མ་གནང་སོང་
དེའི་རྗེས། བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། བོད་ནང་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བསྟུད་མར་འབྱུང་བཞིན་པའི་སྐབས་དང་བསྟུན། བཙན་བྱོལ་དུ་གནས་སྡོད་བོད་མི་ཚོས་ལས་འགུལ་གང་དག་སྤེལ་དགོས་མིན་ཐོག་གཏམ་བཤད་སྤེལ་སོང་
གསར་འགོད་པ། དཔལ་ལྡན།   
དུས་བབ་དྲ་བ་ནས།