རྒྱ་ ནག་ གཞུང་ གིས་ ཁམས་ གོ་ འཇོ་ རྫོང་ གི་ བོད་ མི་ གཅིག་ དམར་ གསོད་ བཏང་ ཡོད་ པ་ མ་ ཟད། བོད་ མི་ ཁག་ ཅིག་ འཛིན་ བཟུང་ གིས་ ད་ ཆར་ ཡང་ གར་ ཡོད་ ཅི་ བྱུང་ གི་ གནས་ ཚུལ་ ཤེས་ རྟོགས་ མེད་ པ་ ཆགས་ འདུག
བོད་ ནས་ འདི་ གར་ གནས་ ཚུལ་ འབྱོར་ བ་ ལྟར་ ན། རྒྱ་ ནག་ གཞུང་ གིས་ འདི་ ལོའི་ ཕྱི་ ཟླ་ ༣ པའི་ ཟླ་ མཇུག་ ཏུ་ ཁམས་ གོ་ འཇོ་ སྨ་ རོང་ གྲོང་ ཚོའི་ འཇོ་ ལ་ ཚང་ གི་ བུ་ ནོར་ དགའ་ ཞུ་ བར། ས་ གནས་ ཉེན་ རྟོག་ པ་ དང་ དམག་ མིས་ རྒྱུ་ རྐྱེན་ ཅི་ ཡིན་ གསལ་ བཤད་
གནས་ ཚུལ་ ནང་ བཀོད་ པར། རྒྱ་ ནག་ གཞུང་ གིས་ བོད་ ཀྱི་ ས་ ཁུལ་ གང་ སར་ བོད་ མི་ དམར་ གསོད་ དང་ དྲག་ གནོན། ཁོར་ ཡུག་ ལ་ གཏོར་ སྐྱོན་ བཏང་ བ་ དང་ ། ལྷག་ པར་ ༢༠༠༨ ལོ་ བཟུང་ བོད་ མིའི་ ཐོག་ ཁྲིམས་ ལུཊ་ འདྲ་ མིན་ བཟོས་ ཏེ་ བོད་ མི་ ཚོ་ དམར་ གསོད་ དང་ བཙོན་ འཇུག གང་ བྱུང་ ཉེས་ རྡུང་ དང་ ཁྲིམས་ ཆད་ བྱས་ པ་ སོཊ་ བློ་ ཡུལ་ ལས་ འདས་ པའི་ མནར་ གཅོད་ གཏོང་ གི་ ཡོད་ པ་ མ་ ཟད། ཉེ་ བའི་ ལོ་ ཤས་ རིང་ ནས་ བཟུང་ ཁམས་ གོ་ འཇོ་ རྫོང་ གི་ ཉེ་ འགྲམ་ དུ་ ཡོད་ པའི་ ཕ་ རེས་ གྲོང་ གི་ ཡུལ་ མིའི་ ས་ ཞིང་ བཙན་ འཕྲོག་ གིས། ཡུལ་ མི་ རྣམས་ ས་ གནས་ གཞན་ དུ་ གནས་ སྤོར་ རུ་ བཅུག་ པ་ དང་ ། ས་ གནས་ ཀྱི་ དགོན་ སྡེ་ ཁག་ ཏུ་ དམག་ མི་ དང་ ཉེན་ རྟོག་ པ། ལས་ བྱེད་ མི་ སྣ་ མངགས་ གཏོང་ གིས་ དགོན་ གྲོང་ གཉིས་ ལ་ རྒྱལ་ གཅེས་ ཆོས་ གཅེས་ ཀྱི་ སློབ་ གསོ་ སྤེལ་ བ་ སོཊ་ ཡུལ་ མི་ ཚོར་ དམ་ དྲག་ ལྟ་ རྟོག་ ནན་ མོ་ བྱེད་ ཀྱི་ ཡོད་ འདུག
གསར་ འགོད་ པ། དོན་ གོ
དུས་བབ་དྲ་བ་ནས།
