རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར།

ཉེ་ཆར་རྒྱ་ནག་སི་ཁྲོན་ཞིང་ཆེན་གཡག་རྔར་ས་ཡོམ་བརྒྱབ་སྟེ་མི་རྒྱུ་ཚང་མར་གོད་ཆག་ཆེན་པོ་བྱུང་ཡོད་པ་དང་། ད་ལྟའི་ཆར་ཉེ་འཁོར་གྱི་ས་ཁུལ་མང་པོ་ནས་གནོད་ཐེབས་ས་ཁུལ་དེར་རོགས་སྐྱོར་བྱེད་ཀྱི་ཡོད་པ་ལྟར། བོད་ཀྱི་ས་ཁུལ་མང་པོ་
ཞིག་ནས་ཀྱང་གནོད་ཐེབས་ས་ཁུལ་དེར་རོགས་སྐྱོར་གྱི་རྣམ་པ་འདྲ་མིན་བྱེད་ཀྱི་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༠ ཉིན་རྒྱ་ནག་སི་ཁྲོན་ཞིང་ཆེན་གཡག་རྔར་ས་ཡོམ་རིམ་པ་༧ ཅན་ཞིག་བརྒྱབ་སྟེ་མི་༡༨༨ འདས་
གྲོངས་དང་མི་ཆིག་ཁྲི་ཆིག་སྟོང་ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། མི་༢༥ གར་སོང་ཆ་མེད་དུ་གྱུར་ཏེ་མི་རྒྱུ་ཚང་མར་གོད་ཆག་ཆེན་པོ་བྱུང་རྗེས། ས་ཁུལ་དེར་འགྲོ་སའི་གཞུང་ལམ་ཁག་འགག་ནས་ལམ་འགྲོ་བར་དཀའ་ངལ་མུ་མཐུད་དུ་འཕྲད་ཀྱི་ཡོད་ན་ཡང་། ད་ལྟའི་ཆར་ཉེ་འཁོར་གྱི་ས་ཁུལ་ཁག་ནས་གནོད་ཐེབས་ས་ཁུལ་དེར་སོང་ནས་མང་ཚོགས་ལ་རོགས་སྐྱོར་བྱེད་ཀྱི་ཡོད་པ་རེད་འདུག་ལ། བོད་ཀྱི་ས་ཁུལ་མང་པོ་ཞིག་གི་དགོན་པ་དང་ཚོགས་པ་དེ་བཞིན་མི་སྒེར་བཅས་གནོད་ཐེབས་ས་ཁུལ་དེར་སོང་ནས་མང་ཚོགས་ལ་ལྟོ་གོས་སོགས་ཀྱི་རོགས་སྐྱོར་བྱེད་ཀྱི་ཡོད་པ་རེད་འདུག་ལ། དེ་བཞིན་བོད་ཀྱི་དགོན་སྡེ་ཁག་མང་པོ་ཞིག་གིས་ཀྱང་ཉེ་ཆར་ས་ཡོམ་གྱི་གོད་ཆག་འོག་རྐྱེན་ལམ་དུ་སོང་བ་ཚོའི་ཆེད་དུ་མཆོད་འབུལ་སྨོན་ལམ་བྱེད་ཀྱི་ཡོད་པ་རེད་འདུག
འོན་ཀྱང་བོད་རིགས་རོགས་སྐྱོར་ཡོང་མཁན་ཚོ་རྒྱ་གཞུང་གི་ཉེན་རྟོག་པས་བཀག་འགོག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།
སི་ཁྲོན་གཡག་རྔའི་ས་ཡོམ་གྱི་གོད་ཆག་སྐབས་མི་༡༨༨ འདས་གྲོངས་སུ་སོང་བའི་ཁྲོད་དཀར་མཛེས་ཁུལ་གྱི་བོད་མི་གསུམ་དང་། དར་རྩེ་མདོ་ཁུལ་གྱི་བོད་མི་གཉིས་བཅས་བོད་མི་ལྔ་རྐྱེན་ལམ་དུ་སོང་ཡོད་སྐོར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་འདུག་ཀྱང་། ད་ལྟའི་ཆར་བོད་མི་དེ་དག་སུ་ཡིན་གསལ་པོར་ཤེས་རྟོགས་ཐུབ་མེད་པ་རེད་འདུག བང་ཆེན་དྲ་བ་ནས།