རྒྱ་
རྒྱ་ ནག་ གཞུང་ གིས་ ཕྱི་ ལོ་ ༡༩༨༨ ལོའི་ ཕྱི་ ཟླ་ ༣ ཚེས་ ༥ ཉིན། བོད་ ཀྱི་ རྒྱལ་ ས་ ལྷ་ སར་ བོད་ མི་ ཚོས་ རྒྱ་ གཞུང་ གི་ དྲག་ གནོན་ དབང་ བསྒྱུར་ སྲིད་ ཇུས་ ལ་ ཞི་ རྒོ་ བའི་ ངོ་ རྒོལ་ བྱེད་ སྐབས་ འཛིན་ བཟུང་ བྱས་ ཏེ། མི་ ལོ་ ༢༤ ལྷག་ གི་ རིང་ བཙོན་ འཇུག་ བྱས་ ཡོད་ པའི་ དེ་ སྔོན་ བོད་ ལྗོངས་ སློབ་ གྲྭ་ ཆེན་ མོར་ སློབ་ སྦྱོང་ གནང་ བཞིན་ པའི་
གནས་ ཚུལ་ ཤེས་ རྟོཊ་ བྱུང་ བ་ ལྟར་ ན། རྒྱ་ གཞུང་ གིས་ སྐབས་ དེར་ བློ་ བཟང་ བསྟན་ འཛིན་ ལཊ་ འཛིན་ བཟུང་ ཐོག་ དུས་ འགྱངས་ སྲོག་ ཁྲིམས་ ཀྱི་ ཉེས་ ཆད་ བཅད་ ཡོད་ ཀྱང་ ། ཕྱིས་ སུ་ རྒྱལ་ སྤྱིའི་ སྤྱི་ ཚོགས་ ཀྱི་ གནོན་ ཤུཊ་ འོག ༡༩༩༡ ལོར་ དུས་ ཡུན་ ངེས་ མེད་ ཀྱི་ བཙོན་ འཇུག་ ཁྲིམས་ ཐག་ བཅད་ ཡོད་ ལ། ༡༩༩༡ ལོའི་ ཟླ་ ༣ ཚེས་ ༣༡ ཉིན་ བློ་ བཟང་ བསྟན་ འཛིན་ གྱིས། སྐབས་ དེར་ བཙོན་ ཁང་ དུ་ ལྟ་ སྐོར་ དུ་ ཡོང་ བའི་ རྒྱ་ ནག་ གནས་ སྡོད་ ཨ་ རིའི་ གཞུང་ ཚབ་ ཁང་ གི་ གཞུང་ ཚབ་ པ་ ལིས་ ཅེ་ མིན་ ལ་ སྙན་ ཞུ་ འབུལ་ རྩིས་ བྱས་ སྐབས། རྒྱ་ གཞུང་ གིས་ ཤེས་ རྟོགས་ བྱུང་ སྟེ་ ཁོང་ ལ་ སྡུག་ སྦྱོང་ མནར་ གཅོད་ ཚད་ ལས་ བརྒལ་ བ་ བཏང་ ཡོད་ པ་ མ་ ཟད། སྔར་ ལོའི་ ལོ་ མཇུག་ བར་ གྲྭ་ བཞི་ བཙོན་ ཁང་ དང་ སྤོ་ གྲ་ མོ་ བཙོན་ ཁང། ཆུ་ ཤུར་ བཙོན་ ཁང་ བཅས་ སུ་ བཙོན་ འཇུག་ བཀག་ ཉར་ བྱས་ ཡོད།
གསར་
དུས་བབ་དྲ་བ་ནས།
