རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སའི་གོ་ལ་འདིའི་སྟེང་ནུས་སྟོབས་ཆེ་ཤོས་ཀྱི་མི་སྣ་ལྔ་བརྒྱའི་གྲས་སུ་འདེམས་ཐོན་བྱུང་བ།

༄༅། །ཕྱི་འབྲེལ་སྲིད་བྱུས། (Foreign Policy) ཞེས་པའི་དུས་དེབ་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ནང་ནུས་སྟོབས་ཆེ་ཤོས་གྲས་མི་སྣ་ལྔ་བརྒྱ་བདམས་ཁོངས་ནས་གཅིག་ཡིན་པའི་གསལ་བསྒྲགས་གནང་བའི་ནང་འཁོད་དོན། སའི་གོ་ལ་འདིའི་སྟེང་ནུས་སྟོབས་ཆེས་ཤོས་ཀྱི་མི་སྣ་ལྔ་བརྒྱ་རྣམས་སུ་ཡིན་ངོས་འཛིན་བྱེད་ཐུབ་བམ། ངོས་འཛིན་དེ་ནི་མི་གྲངས་ས་ཡ་བཅུ་བཞིའི་ཁྲོད་ནས་མི་རེ་ལ་ཐོབ།
དེ་ལྟར་བྱས་ཏེ་ང་ཚོས་ཕྱི་འབྲེལ་སྲིད་བྱུས་ཀྱི་དུས་དེབ་ཏུ་སའི་གོ་ལ་འདིའི་སྟེང་ཆབ་སྲིད་དང་དཔལ་འབྱོར། གསར་འགྱུར་བརྒྱུད་ལམ། ནུས་ཤུགས་ཐོན་སྐྱེད། དམག་འཐབ། ཆོས་ལུགས་སོགས་ཁོར་ཡུག་འདྲ་མིན་ནང་ནུས་སྟོབས་ཆེ་ཤོས་ཀྱི་མི་སྣ་ངོས་འཛིན་བྱ་ཐབས་བྱེད་བཞིན་ཡོད། ཅེས་འཁོད་ཡོད།
དེ་སྔོན་༸གོང་ས་མཆོག་ཨ་རིའི་དུས་བབ་གསར་ཤོག་ (TIME magazine) ནང་གི་ཆབ་སྲིད་ཀྱི་མི་སྣ་གྲགས་ཆེ་ཤོས་ ༢༥ བདམས་ཁོངས་ནས་གཅིག་ཡིན་འདུག་པ་བཅས།། བོད་གཞུང་དྲ་བ་ནས།