བོད་ ཀྱི་ དུས་ བབ་ དྲ་ ཚིགས་ དྲ་ ཇག་ གི་ འཇབ་ རྒོལ་ ལས་ འཐར་ ཏེ་ བསྐྱར་ དུ་ ཤར་ གཏོང་ བྱས་ པ་ དང་ ། བོད་ ཀྱི་ དུས་ བབ་ ཟིན་ བྲིས་ སྔར་ རྒྱུན་ བཞིན་ དྲ་ ཚིགས་ མདུན་ ངོས་ འོག་ ཏུ་ འཆར་ ཐུབ་ པ་ བཟོས་ འདུག
ཟླ་ འདིའི་ ཚེས་ ༩ ཉིན་ གྱི་ ཕྱི་ དྲོའི་ ཆུ་ ཚོད་ ༣།༠༦ སྟེང་ ཨ་ རིའི་ བརྡ་ འཕྲིན་ ཞིབ་ འཇུག་ ལས་ ཁུངས་ ཤིག་ གི་ གློག་ ཀླད་ མཆེད་ མཁས་ པ་ སི་ ཊ་ བེན་ ལགས་ ཀྱིས་ ངྷ་ སྟེང་ བོད་ ཁྱིམ་ གློག་ ཀླད་ སྡེ་ ཚན་ བརྒྱུད་ དེ། འདི་ ག་ དུས་ བབ་ གསར་ ཁང་ ལ་ གློག་ འཕྲིན་
ཕྱི་ ཚེས་ ༡༣ ཉིན་ གྱི་ ཞོགས་ པའི་ ཆུ་ ཚོད་ ༩ དང་ སྐར་ མ་ ༤༠ པའི་ སྟེང་ གྷོ་ གྷལ་ (google)བཤེར་ ཆས་ བརྒྱུད་ ཐད་ ཀར་ བོད་ ཀྱི་ དུས་ བབ་ དྲ་ ཚིགས་ ཁ་ འབྱེད་ མི་ ཐུབ་ པ་ ཆགས་ ཤིང་ ། གྷོ་ གྷལ་ བཤེར་ ཆས་ ཀྱིས་ “ བོད་ ཀྱི་ དུས་ བབ་ དྲ་ ཚིགས་ ནང་ དྲ་ ཇག་ སིམ་ འཛུལ་ བྱས་ འདུག་ སྟབས། གང་ མགྱོགས་ འབྲེལ་ ཡོད་ མི་ སྣས་ ཞིབ་ བཤེར་ བྱས་ ཏེ་ བསྐྱར་ དུ་ སྒྲིག་ སྦྱོར་ བྱེད་ དགོས” ཞེས་ ལམ་ སྟོན་ སྤྱི་ བསྒྲགས་ སྤེལ་ སོང་ ། འདི་ དང་ མཉམ་ དུ་ བཙན་ བྱོལ་ ནང་ གི་ དྲ་ ཚིགས་ གཞན་ ཁག་ ཅིག་ ལའང་ དཀའ་ ངལ་ འཕྲད་ ཡོད་ འདུག
དེའི་ རྗེས་ སུ་ འཛམ་ གླིང་ ཤར་ ནུབ་ གང་ ས་ ནས་ བོད་ ཀྱི་ དུས་ བབ་ ཀློག་ པ་ པོ་ ཚོས་ ཁ་ པར་ དང་ གློག་ འཕྲིན་ སོགས་ འབྱོར་ ཏེ། བོད་ ཀྱི་ དུས་ བབ་ དྲ་ ཚིགས་ ཁ་ འབྱེད་ མི་ ཐུབ་ ཚུལ་ དང་ ། ཁ་ ཤས་ ཀྱིས་ གློག་ ཀླད་ སྟེང་ ནས་ ཁ་ འབྱེད་ མི་ ཐུབ་ ཀྱང་ ལག་ ཁྱེར་ ཁ་ པར་ ནང་ བདེ་ བླག་ ཏུ་ འབྱེད་ ཐུབ་ སྐོར་ སོགས་ བཤད། ཡང་ ཁག་ ཅིག་ གིས་ དཀའ་ རྙོག་ འདི་ རིགས་ ཇི་ ལྟར་ འབྱུང་ གི་ ཡོད་ མེད་ དང་ ། དེ་ སེལ་ ཐབས་ གང་ འདྲ་ ཡོད་ མེད་ ཀྱི་ གནས་ ཚུལ་ དང་ ལམ་ སྟོན་ གལ་ ཆེན་ རེ་ ཟུང་ ཡང་ འབྱོར་ སོང་ །
འདི་ ག་ གསར་ ཁང་ གིས་ ཞིབ་ འཇུག་ བྱས་ འབྲས་ སུ། དུས་ བབ་ དྲ་ བར་ གནོན་ འཚེ་ གཏོང་ མཁན་ ཁ་ ཤས་ ཡོད་ པ་ ལས། གཙོ་ བོ་ གཅིག་ ཡའུ་ ཁཱི་ རན་ རྒྱལ་ ཁབ་ (Ukranian)ནས་ ཡོང་ གི་ ཡོད་ པ་ ཤེས་ རྟོགས་ བྱུང་ ། འདི་ ལོའི་ ཕྱི་ ཟླ་ ༢ པའི་ ནང་ དྲ་ ཚིགས་ ཨ་ མར་ ཐེངས་ དང་ པོར་ ཞིབ་ འཇུག་ བྱས་ སྐབས། ནམ་ རྒྱུན་ བོད་ ཀྱི་ དུས་ བབ་ དྲ་ བར་ གནོད་ སྐྱོན་ བཟོ་ མཁན་ མང་ པོ་ ཞིག་ ཡོང་ གི་ ཡོད་ པ་ ལས་ གཙོ་ བོ་ གསུམ་ ནི། དང་ པོ་ ཡའུ་ ཁཱི་ རན་ དང་ ། གཉིས་ པ་ རྒྱ་ ནག གསུམ་ པ་ པ་ ཀི་ སི་ ཐན་ བཅས་ ཆགས་ འདུག
ཐེངས་ འདིའི་ གནོན་ སྐྱོན་ འབྱུང་ ཁུངས་ གཙོ་ བོ་ བོད་ ཀྱི་ དུས་ བབ་ ཟིན་ བྲིས་ པ་ ཞིག་ གི་ ཟིན་ བྲིས་ བརྒྱུད་ དེ་ དྲ་ ཚིགས་ ཨ་ མར་ གནོན་ སྐྱོན་ བཟོ་ ཐབས་ བྱས་ ཡོད་ པ་ དང་ ། དེར་ ཞིབ་ འཇུག་ བྱས་ དོན་ ལྟར་ ན། ཟིན་ བྲིས་ དེའི་ བདག་ པོ་ སྔོན་ ཆད་ རྒྱ་ གར་ ནང་ ཡོད་ ཀྱང་ ། ༢༠༡༡ ལོའི་ མཇུག་ ཏུ་ བོད་ ནང་ ལོག་ སྟེ་ དེང་ སྐབས་ རྒྱ་ ནག་ གི་ གྲོང་ ཁྱེར་ ཞིག་ ཏུ་ ལས་ ཀ་ བྱེད་ བཞིན་ འདུག གློག་ ཀླད་ ཆེད་ མཁས་ པས་ ངོས་ འཛིན་ ལྟར་ ན། ཟིན་ བྲིས་ བདག་ པོ་ དེས་ ཆེད་ དུ་ དུས་ བབ་ དྲ་ བར་ གནོན་ འཚེ་ བྱས་ པ་ ཞིག་ མིན་ པར། ཁོས་ རྒྱ་ ནག་ ནང་ དུ་ བོད་ ཀྱི་ དུས་ བབ་ དྲ་ ཚིགས་ བསྔོགས་ ཏེ་ ཁོ་ རང་ གི་ དེ་ སྔའི་ ཟིན་ བྲིས་ ཁ་ འབྱེད་ སྐབས། ཁོ་ རང་ གང་ དུ་ ཡོད་ པའི་ གློག་ ཀླད་ དེ་ དང་ ། ཡང་ ན་ གློག་ ཀླད་ དེར་ མཐུད་ ཡོད་ པའི་ བརྡ་ འཕྲིན་ བརྒྱུད་ ལམ་ གྱིས་ བོད་ ཀྱི་ དུས་ བབ་ ལ་ གནོན་ སྐྱོན་ བཟོ་ ཐབས་ བྱས་ པ་ ཞིག་ ཡིན་ ཚུལ་ བརྗོད་ བྱུང་ །
གཞན། ཉེ་ ལམ་ ཞིག་ ནས་ འདི་ ག་ གསར་ ཁང་ གིས་ བོད་ ཀྱི་ དུས་ བབ་ དྲ་ ཚིགས་ བཟོ་ བཅོས་ ཀྱི་ ལས་ རིམ་ ཞིག་ འགྲོ་ བཞིན་ ཡོད་ པ་ དང་ ། དུས་ བབ་ དྲ་ ཚིགས་ མདུན་ ངོས་ འོག་ ཏུ་ དུས་ བབ་ ༼ ཟིན་ བྲིས་ གསར་ ཤོས༽ དང་ ། ༼ ཟིན་ བྲིས་ ཁྱབ་ ཤོས ༽ འཆར་ ས་ དེ་ མེད་ པ་ ཆགས་ ཏེ་ ཟླ་ གཉིས་ ལྷག་ ཕྱིན་ ཡོད་ ཀྱང་ ། ད་ རེབ་ བསྐྱར་ དུ་ དུས་ བབ་ ཟིན་ བྲིས་ ཀྱི་ བྱེད་ ལས་ ཁག་ སྔར་ རྒྱུན་ བཞིན་ འཆར་ ཐུབ་ པ་ བཟོས་ འདུག་ པ་ དང་ ། དེང་ སྐབས་ བོད་ ཀྱི་ དུས་ བབ་ ཟིན་ བྲིས་ ལ་ བཟོ་ བཅོས་ གཏོང་ གི་ ཡོད་ སྟབས། དུས་ བབ་ ཟིན་ བྲིས་ བ་ དག་ གིས་ དག་ གིས་ མཉམ་ རུབ་ ཡོང་ བའི་ འབོད་ སྐུལ་ བཅས་ ཞུས་ འདུག
དུས་བབ་དྲ་བ་ནས།
