རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བོད་མི་ ༥༠༠༠ ཨ་རིར་ལེན་འཆར།


ཨ་རིའི་གྲོས་ཚོགས་གོང་མའི་ཁྲིམས་ལུགས་ཚོགས་ཆུང་གིས་འབྱུང་འགྱུར་ལོ་ ༣ གྱི་ནང་ཚུད་དུ། རྒྱ་གར་དང་བལ་ཡུལ་གཉིས་ནང་གི་བོད་མི་སྐྱབས་བཅོལ་བ་༥༠༠༠ ཙམ་ལ་ཨ་རིའི་ནང་གཞིས་སྤོ་ཆོག་པའི་ཐོངས་མཆན་སྤྲོད་རྒྱུའི་ཐག་གཅོད་བྱུང་ཡོད་འདུག
ཨ་རིའི་གྲོས་ཚོགས་གོང་མའི་ནང་འདས་པའི་ལོ་མང་རིང་ཕྱི་ལོགས་ནས་ཁྲིམས་
འགལ་ཐོག་བསླེབས་པའི་མི་མང་པོ་ཞིག་ལ་མ་འོངས་པར་ཁྲིམས་མཐུན་གྱི་ལམ་ཁ་བཟོ་ཐབས་ཐོག་གྲོས་བསྡུར་བྱེད་སྐབས། གྲོས་ཚོགས་གོང་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ལྕམ་(Dianne Feinstein) ཆོག་གིས་རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་འོག བོད་ནང་གི་བོད་མི་ཚོས་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པ་མ་ཟད། ༢༠༠༩ ནས་བཟུང་ད་བར་བོད་མི་བརྒྱ་ལྷག་ཙམ་གྱིས་རང་ལུས་མེར་བསྲེགས་བཏང་བ། བལ་ཡུལ་ནང་རྒྱ་གཞུང་གིས་གནོན་ཤུགས་སྤྲད་དེ་བོད་མི་སྐྱབས་བཅོལ་བ་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་སོགས་ངོ་སྤྲོད་གནང་བ་བརྒྱུད། བོད་མི་སྐྱབས་བཅོལ་བ་ཨ་རིར་ལེན་རྒྱུའི་ཁྲིམས་གཞིར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་དང་། སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་(Chuck Grassley)ཡིས་ཀྱང་ལས་གཞི་འདི་ལམ་ལྷུངས་ཡོང་རྒྱུར་རྒྱ་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་ཡོང་ངེས་ཡིན་མིན་ལ་མ་ལྟོས་པར་ང་རང་གིས་ཐག་གཅོད་འདིར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བརྗོད་འདུག
གོང་གསལ་གནད་དོན་དེ་ད་དུང་བརྒྱུད་རིམ་མང་པོ་ཞིག་བརྒྱུད་དགོས་ཀྱི་ཡོད་པ་དང་། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་རྒྱབ་སྐྱོར་ཐོབ་མིན་གྲོས་གཞི་དེར་གཞི་ནས་བགྲོ་གླེང་འགྲོ་དགོས་པ་ཞིག་ཡིན་འདུག
ཡོང་ཁུངས་དུས་བབ་དྲ་བ་ནས།