རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

རྒྱལ་ཁབ་བཞིའི་ནང་ཕྱོཊ་སྐྱོད།


ཁ་སང་གཟའ་མིག་དམར་ཉིན་ནས་བཟུང་སྲིད་སྐྱོང་བློ་བཟང་སེང་མཆོག་གིས་ཨ་རི་གཙོས་རྒྱལ་ཁབ་བཞིའི་ནང་གཞུང་འབྲེལ་ཕྱོཊ་སྐྱོད་གནང་མགོ་བཙུཊ་ཡོད་འདུག  
ཁ་སང་ཕྱི་ཚེས་ ༢ བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བཞུཊ་སྒར་ནས་རྒྱལ་ས་ལྡི་ལིར་ཕེབས་ཏེ། དེ་རིང་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་གནད་ཡོད་མི་སྣ་དང་གསར་འགོད་པར་ཐུག་འཕྲད་གནང་གི་ཡོད་འདུག་ལ།  ཕྱི་ཚེས་ 
༥ ནས་ ༡༠ བར་བྱང་ཨ་རིར་ཕྱོཊ་སྐྱོད་ཀྱིས་ཆེས་མཐོའི་མི་སྣ་ཁག་མཇལ་འཕྲད་དང་སྐུ་ཚབ་དོན་གཅོད་ཁང་ཝ་ཤིང་ཊོན་དུ་གནས་སྤོར་གྱི་ལས་རིམ་ལ་གཟིཊ་ཞིབ་བཅས་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༣ ནས་ ༡༧ བར་ཡུ་རོབ་ཁུལ་ཏུ་ཕེབས་ཏེ་འཇར་མན་གྲོང་ཁྱེར་དུ་བགྲོ་གླེང་ཚོཊ་འདུར་མཉམ་ཞུཊ་དང་། ནོར་ཝེའི་རྒྱལ་ས་ཨོ་སི་ལོར་ (Oslo Freedom Forum ) ཡི་ལོ་འཁོར་ཚོགས་འདུ་ཐེངས་ལྔ་པར་མཉམ་ཞུཊ་ཀྱིས་གསུང་བཤདགནང་རྒྱུ་དང་ དེའི་རྗེས་སུ་ཝི་ཌེན་དུ་གྲོས་ཚོཊ་ཐུས་མིར་ཐུག་འཕྲད་དང་། ཡུལ་དེའི་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་ཏུ་གསུང་བཅས་གནང་རྒྱུ་ཡིན་འདུག་ལ།   ཕྱི་ཚེས་ ༩ ཉིན་ཕྱིར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་ཏེ་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་མཇལ་འཕྲད་བཅས་གཞུང་འབྲེལ་གྱི་ཕྱོགས་སྐྱོད་ལས་རིམ་ཁག་གྲུབ་རྗེས། ཕྱི་ཚེས་ ༢༠ ཉིན་ཕྱིར་བཞུགས་སྒར་དུ་ཕེབས་རྒྱུ་ཡིན་འདུག
གསར་འགོད་པ། དོན་གོ
དུས་བབ་དྲ་བ་ནས།