རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

སི་ནོལ་ཌིན་ལ་གནས་སྐབས་སྐྱབས་བཅོལ་རག

སང་ཉིན་ཨ་རིའི་གསང་བ་བཤད་མཁན་སི་ནོལ་ཌིན་ལ་ཨུ་རུ་སུའི་རྒྱལ་སྤྱིའི་གནམ་ཐང་གི་བར་བརྒལ་ས་ཚུགས་ནས་ཨུ་རུ་སུའི་ནང་གནས་སྐབས་རིང་འཛུལ་རྒྱུའི་ཆོག་མཆན་སྤྲད་འདུག
དེ་རིང་ཕྱི་ཚེས་ ༢༣ ཉིན་ཨ་རིའི་གསང་བ་བཤད་མཁན་སི་ནོལ་ཌིན་ལ་ཨུ་རུ་སུའི་ནང་གནས་སྐབས་སྐྱབས་བཅོལ་གྱི་ཡིག་ཆ་རག་རྒྱུ་ཡིན་པ་དང་ སང་ཉིན་ཁོ་རང་ཨུ་རུ་སུའི་རྒྱལ་སྤྱིའི་གནམ་ཐང་གི་བར་བརྒལ་ས་ཚུགས་ནས་ཨུ་རུ་སུའི་རྒྱལ་ཁབ་ནང་
ཡོང་བཅུག་སྟེ། ཁོ་རང་རང་དབང་གི་འགྲོ་སྡོད་བྱེད་ཆོག་པའི་རེ་བ་རྒྱག་གི་ཡོད་ཅེས་སི་ནོལ་ཌིན་གྱི་ཁྲིམས་རྩོད་པ་ཁོ་ཆི་རེ་ནཱ་(Anatoly Kucherena)ཡིས་གསར་འགོད་པར་བཤད་ཡོད་འདུག
ཉེ་ལམ་གསར་ལམ་ཁག་ཏུ་སི་ནོལ་ཌིན་གྱིས་ཨུ་སུ་རུའི་མི་སེར་ཐོབ་ཐང་རག་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་སྐོར་ལ་ཁྲིམས་རྩོད་པས་བརྗོད་དོན། ད་ལྟའི་གནས་སྟངས་འོག་སི་ནོལ་ཌིན་ལྷོ་ཨ་མེ་རུ་ཀའི་རྒྱལ་ཁབ་ནང་སྐྱབས་བཅོལ་དུ་འགྲོ་རྒྱུབདེ་འཇགས་མེད་པར་བརྟེན། ཕྱི་ཚེས་ ༡༦ ཉིན་ཁོས་ཨུ་རུ་སུའི་གཞུང་ལ་གནས་སྐབས་སྐྱབས་བཅོལ་གྱི་སྙན་ཞུ་མ་གཏོགས་མི་སེར་ཐོབ་ཐང་སོགས་ཀྱི་སྙན་ཞུ་གང་ཡང་སྤྲད་མེད་ཚུལ་བཤད་ཡོད།
སི་ནོལ་ཌིན་ལ་ཨུ་རུ་སུའི་ནང་གནས་སྐབས་སྐྱབས་བཅོལ་གྱི་ཡིག་ཆ་རག་པར་ཟླ་གསུམ་གྱི་དུས་ཡུན་འགོར་གྱི་ཡོད་ཀྱང་ ཁོ་རང་གི་སྙན་ཞུ་དེར་གཞུང་གིས་ངོས་ལེན་ཡོད་བྱས་ཡོད་སྟབས་གནམ་ཐང་གི་འགྲོ་ལུགས་ལྟར་ཁོ་ཨུ་རུ་སུའི་རྒྱལ་ཁབ་ནང་ཡོཆོག་གི་ཡོད་པ་ཞིག་ཆགས་ཡོད་འདུག
ཕྱི་ཚེས་  ཉིན་ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་ཝེ་ནེ་ཛུ་ལཱ་དང་བྷོ་ལི་ཝེ་ཡཱ། ནེ་ཁཱ་རཱ་གྷི་བཅས་གསུམ་གྱིས་སི་ནོལ་ཌིན་ལ་ཆབ་སྲིད་ཀྱི་སྐྱབས་བཅོལ་བར་ངོས་ལེན་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་ཀྱང་ ཨུ་རུ་སུའི་རྒྱལ་སྤྱིའི་གནམ་ཐང་ནས་རྒྱལ་ཁབ་དེ་དག་བར་ཐད་ཀར་མཁའ་ལམ་མེད་བརྟེན།  སི་ནོལ་ཌིན་གྱིས་དེ་སྔོན་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་ ( Putin) གྱིས་ཨ་རིའི་གསང་བ་ཕྱིར་བསྒྲགས་མ་བྱས་ན། ཁོ་རང་ཨུ་རུ་སུའི་ནང་སྐྱབས་བཅོལ་སྤྲད་ཆོག་པའི་ཆ་རྐྱེན་དེར་ཁས་ལེན་བྱས་ཏེཨུ་རུ་སུའི་ནང་གནས་སྐབས་སྐྱབས་བཅོལ་གྱི་སྙན་ཞུ་ཡང་བསྐྱར་ཞུས་པ་ཞིག་ཆགས་ཡོད།
ཕྱི་ཟླ་ ༦ ཚེས་ ༢༣ ཉིན་སི་ནོལ་ཌིན་ཧོང་ཀོང་གི་མཁའ་ལམ་བརྒྱུད་ཨུ་རུ་སུའི་རྒྱལ་སྤྱིའི་གནམ་ཐང་གི་བར་བརྒལ་ས་ཚུགས་སུ་འབྱོར་ཏེ་དེ་རིང་བར་ཟླ་གཅིག་ཏག་ཏག་འགོར་ཡོད་པ་དང་ ཨ་རི་དང་ཨུ་རུ་སུའིབར་གྱི་ཕྱི་སྲིད་འབྲེལ་ལམ་ཇེ་སྡུག་ཏུ་སོང་སྟབས། སེ་རེ་ཡའི་ནང་འཁྲུག་དང་ལྷག་པར་ཨེ་རན་དང་བྱང་ཀོ་རེ་ཡའི་རྡུལ་ཕྲན་མཚོན་ཆའི ལས་འཆར་གྱི་དཀའ་རྙོག་སེལ་ཐབས་བཅས་ལ་གཅིག་མཐུན་མ་བྱུང་བར་ལྷག་ཡོད་པ་རེད། དུས་བབ་དྲ་བ་ནས།