རྒྱ་
བསོད་ ནམས་ ལགས་ ཀྱིས་ འདི་ གར་ གནས་ ཚུལ་ བཏང་ འབྱོར་ ལྟར་ ན། ཟླ་ འདིའི་ ཕྱི་ ཚེས་ ༡༧ ཉིན་ ནས་ བཟུང་ བོད་ མདོ་ སྨད་ མཚོ་ སྔོན་ ཞིང་ ཆེན་ མཚོ་ ལྷོ་ ཁུལ་
ཐེངས་ འདིའི་ ཉིན་ གྲངས་ གསུམ་ རིང་ གི་ དུས་ འཁོར་ དབང་ ཆེན་ ཐད་ ཤ་ སྦྲང་ ཚོ་ དྲུག་ གི་ ཡ་ གྱལ་ ཕྱིས་ རྒྱལ་ ཚོ་ སྟེང་ བདུན་ གྱིས་ སྔར་ ལོ་ ནས་ བླ་ མར་ སྐྱབས་ འཇུག་ ཞུས་ པ་ དང་ ། རྒྱ་ སྒོར་ ཁྲི་ ༣༠ ལྷག་ འགྲོ་ གྲོན་ བཏང་ སྟེ་ གྲ་ སྒྲིག་ ཆ་ ཚང་ བྱས་ གྲུབ་ ཏེ་ རྒྱ་ ནག་ གཞུང་ ལ་ ཆོག་ མཆན་ ཞུས་ སྐབས་ ངོས་ ལེན་ བྱས་ མི་ འདུག ཉེ་ ལམ་ བྲག་ དཀར་ རིན་ པོ་ ཆེ་ བློ་ བཟང་ ཆོས་ ཀྱི་ ཉི་ མ་ མཆོག་ གིས་ དད་ མང་ ཚོགས་ ཀྱི་ རེ་ འདུན་ ལྟར་ སྟ་ གོན་ དང་ བཅས་ དཔལ་ དུས་ ཀྱི་ འཁོར་ ལོའི་ སྤྱི་ བཀའི་ དབང་ དང་ ཚེ་ དབང་ ཚེ་ སྒྲུབ་ བཅས་ གནང་ རྗེས། ཕྱི་ ཚེས་ ༢༠ ཉིན་ བྲག་ དཀར་ སྤྲེལ་ རྫོང་ དགོན་ དུ་ ཕེབས་ ཡོད་ འདུག
༸སྐྱབས་ རྗེ་ དུས་ འཁོར་ བ་ བྲག་ དཀར་ བློ་ བཟང་ ཆོས་ ཀྱི་ ཉི་ མ་ མཆོག་ ད་ ལྟ་ དགུང་ ལོ་ ༩༢ ཕེབས་ ཡོད་ པ་ དང་ ། ཁོང་ ནི་ མཚོ་ སྔོན་ ཞིང་ ཆེན་ རྩི་ གོར་ ཐང་ རྫོང་ བྲག་ དཀར་ སྤྲེལ་ རྫོང་ དགོན་ པའི་ དགོན་ བདག་ བླ་ མ་ ཡིན་ འདུག



གསར་ འགོད་ པ། དོན་ གོ
དུས་བབ་དྲ་བ་ནས།
