དེ་ རིང་ དྷ་ སར་ གནས་ སྡོད་ ཨ་ རིག་ འགྱུར་ མེད་ ལགས་ ཀྱིས་ གནས་ ཚུལ་ ངོ་ སྤྲོད་ གནང་ བ་ ལྟར་ ན། བོད་ མདོ་ སྨད་ མཚོ་ སྔོན་ ཞིང་ ཆེན་ མཚོ་ བྱང་ ཁུལ་ མདོ་ ལ་ རྫོང་ (བོད་ རིགས)ཨ་ རིག་ བྲག་ དཀར་ སྡེ་ བ་ དང་ ། ཀན་ སུའུ་ ཞིང་ ཆེན་ མེན་ ལི་ རྫོང་ (རྒྱ་ རིགས)ཚོ་ མེན་ གྲོང་ རྡལ་
ཐེངས་ འདིའི་ འཁྲུག་ འཛིང་ ཁྲོད་ ཡུལ་ དེར་ ས་ སྲུང་ བ་ ༣༠ ཡོད་ པའི་ ནང་ གི་ བྲག་ དཀར་ སྡེ་ བའི་ སྡེ་ དཔོན་ རབ་ བརྟན་ ལགས་ ཀྱི་ རྐང་ ལག་ བཞི་ བོ་ བཅག་ ཡོད་ འདུག་ ལ། བོད་ མི་ བསམ་ འགྲུབ་ དང་ ཞོའོ་ ཀྲང་ གཉིས་ ཀྱི་ མགོ་ དང་ རྐང་ པར་ རྨས་ སྐྱོན་ ཚབས་ ཆེན་ བཟོས་ ཏེ། ཁོང་ གསུམ་ ད་ ལྟ་ ཀན་ སུའུ་ ཀྲང་ ཡེའི་ སྨན་ ཁང་ ཆེན་ པོ་ ཞིག་ ཏུ་ མྱུར་ སྐྱོབ་ བྱེད་ ཀྱིན་ ཡོད་ ཀྱང་ ཚེ་ སྲོག་ གི་ ཉེན་ ཁར་ ཐུག་ ཡོད་ འདུག གཞན་ རྨས་ སྐྱོན་ ཕོག་ མཁན་ ༡༤ ཙམ་ མེན་ ལི་ རྫོང་ གི་ སྨན་ ཁང་ ཞིག་ ཏུ་ ཁྲིད་ ཡོད་ པ་ དང་ ། ས་ སྲུང་ བ་ ༡༠ ཙམ་ སྐབས་ དེར་ རི་ འགོར་ འབྲོ་ ཐུབ་ པ་ བྱུང་ ཡོད་ འདུག
གནས་ ཚུལ་ མཁོ་ སྤྲོད་ པས་ བརྗོད་ ན། འདས་ པའི་ ལོ་ མང་ སྔོན་ ནས་ མདོ་ ལ་ རྫོང་ འོག་ གི་ ཨ་ རིག་ དང་ ། མེན་ ལི་ རྫོང་ འོག་ གི་ ཚོ་ མེན་ གྲོང་ རྡལ་ གཉིས་ བར་ ས་ མཚམས་ རྩོད་ ཉོག་ གི་ འཁྲུག་ འཛིང་ ཡང་ ཡང་ ཤོར་ བཞིན་ ཡོད་ ཀྱང་ ། བོད་ མི་ ཚོར་ ད་ རེབ་ ལྟ་ བུའི་ ཚབས་ ཆེའི་ ཉེས་ རྡུང་ དང་ གྱོང་ གུད་ དེ་ སྔོན་ ཕོག་ མྱོང་ མེད་ ཟེར།
ཐེངས་ འདིར་ རྒྱ་ མི་ ཚོས་ དབྱུག་ པའི་ སྣེ་ མོར་ ལྕགས་ འཛེར་ མང་ པོ་ བཙུགས་ པའི་ མཚོན་ ཆ་ ཞིག་ བཟོས་ ཡོད་ པ་ དེས། བོད་ མི་ ཚོར་ གཞུས་ ཏེ་ ཤ་ གསེང་ དུ་ ཟུག་ རྗེས་ ཕྱིར་ འཐེན་ སྐབས་ ཤ་ གཙབ་ རལ་ བཏང་ ཡོད་ འདུག་ ལ། གཞན་ རྡོ་ དང་ དབྱུག་ པ་ སོགས་ ལག་ ཏུ་ གང་ ཡོང་ གིས་ ཉེས་ རྡུང་ བཏང་ ཡོད་ འདུག གནས་ ཚུལ་ དེ་ བྱུང་ རྗེས་ ཨ་ རིག་ བྲག་ དཀར་ སྡེ་ བར་ ཡོད་ པའི་ ཉེན་ རྟོག་ པ་ དང་ མེན་ ལི་ རྫོང་ གི་ ཉེན་ རྟོག་ པ། རྫོང་ ཁག་ གཉིས་ ཀྱི་ མགོ་ ཁྲིད་ ཁག་ ཅིག་ བཅས་ ས་ གནས་ སུ་ འབྱོར་ སྐབས། རྒྱ་ མི་ ཚོས་ ཚུར་ ཕྱོགས་ ཀྱི་ ཉེན་ རྟོག་ པར་ ཉེས་ རྡུང་ གཏོང་ རྩིས་ བྱས་ སྐབས། རྫོང་ གཉིས་ ཀའི་ མགོ་ ཁྲིད་ ཚོས་ ཐབས་ མཁས་ བསྟུན་ ཤེས་ ཀྱིས་ གསལ་ བཤད་ བྱས་ མཐར་ འཁྲུག་ འཛིང་ ཤོར་ བཅུག་ མི་ འདུག
སྤྱིར་ མདོ་ ལ་ རྫོང་ ཨ་ རིག་ བྲག་ དཀར་ སྡེ་ བ་ དང་ མེན་ ལི་ རྫོང་ ཚོ་ མེན་ གྲོང་ རྡལ་ གཉིས་ བོད་ རྒྱའི་ ས་ མཚམས་ ལ་ ཁེལ་ ཡོད་ སྟབས། ལོ་ ལྟར་ དབྱར་ ཀར་ བསླེབས་ ཐེངས་ རེར་ བོད་ རིགས་ དང་ རྒྱ་ རིགས་ བར་ ས་ མཚམས་ རྩོད་ ཉོག་ གི་ འཁྲུག་ འཛིང་ ལན་ མང་ ཤོར་ བཞིན་ ཡོད་ ཀྱང་ ། ཞིང་ ཆེན་ དང་ ཁུལ་ རིམ་ པས་ ད་ བར་ གནས་ ཚུལ་ ཐག་ གཅོད་ མ་ བྱས་ པར་ བཞག་ ཡོད་ འདུག
མཚོ་ སྔོན་ ཞིང་ ཆེན་ མཚོ་ བྱང་ ཁུལ་ མདོ་ ལ་ རྫོང་ དུ་ བོད་ རིགས་ ཞང་ ༧ དང་ ། རྒྱ་ རིགས་ ཞང་ ༡ ཡོད་ པ་ དང་ ། ཐེངས་ འདིར་ ཨ་ རིག་ བྲག་ དཀར་ སྡེ་ བའི་ མང་ ཚོགས་ ཀྱིས་ ཡུལ་ དམག་ བསྡུས་ ཏེ། ཕར་ རྒོལ་ བྱེད་ རྒྱུར་ གྲ་ སྒྲིག་ བྱས་ ཡོད་ ཀྱང་ ། མདོ་ ལ་ རྫོང་ གི་ མགོ་ ཁྲིད་ ཚོས་ ཉིན་ ༥ རིང་ ནང་ གང་ མགྱོགས་ གནད་ དོན་ ཐག་ གཅོད་ ཐུབ་ པ་ བྱ་ རྒྱུའི་ ཁས་ ལེན་ བྱས་ ཏེ་ མང་ ཚོགས་ བཀག་ འགོག་ བྱས་ ཡོད་ འདུག
གསར་ འགོད་ པ། དོན་ གོ
དུས་བབ་དྲ་བ་ནས།
