རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

གནམ་བདེ་སྒོ་ཆེན་ལ་ཁ་གཏད་པ་རེད་དམ།

ཁ་སང་ཚེས་ ༢༨ ཉིན། རྒྱ་ནག་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ། གློ་བུར་དུ་པེ་ཅིན་ཇུ་པུ་རྟགས་ཅན་གྱི་རླངས་འཁོར་ཆུང་བ་ཞིག་བརྡབ་པ་དང་མཉམ་དུ་འབར་གས་བྱུང་སྟེ་མི་ ༥ རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། གཞན་མི་ ༣༥ ཙམ་ལ་རྨས་སྐྱོན་ཕོག་ཡོད་འདུག
གནས་ཚུལ་དེའི་སྐོར་བྷེ་བྷེ་སི་གསར་ཁང་གིས་བཀོད་པ་ལྟར་ན། རླངས་འཁོར་
དེས་ཡུལ་སྐོར་སྤྲོ་འཆམ་པ་མང་བའི་མི་ཚོགས་གཤགས་ནས་གནམ་བདེ་སྒོ་མོ་ཆེའི་རྩིག་ངོས་ཀྱི་མའོ་ཡི་སྐུ་པར་ལ་ཁ་གཏད་དེ་བརྒྱུགས་ཡོད་པ་དང་། མི་མང་པོ་ཞིག་ལ་རྨས་སྐྱོན་བཟོས་ཏེ་སྒོ་ཆེན་མདུན་དུ་བསླེབས་ལ་ཉེ་སྐབས་ཟུར་གྱི་བཀག་གྱང་ལ་བརྡབ་སྟེ་སྒྲ་ཆེན་པོ་ཞིག་དང་མཉམ་དུ་རླངས་འཁོར་དེར་མེ་འབར་ཡོད་སྐོར་བརྗོད་འདུག 
གསར་ལམ་ཁག་ཅིག་ཏུ་གནས་ཚུལ་དེ་གློ་བུར་དུ་བྱུང་བའི་རང་འགུལ་ཅན་ཞིག་མིན་པར། མི་ཞིག་གིས་ཆེད་དུ་བཟོས་པ་ཞིག་ཡིན་པ་དང་། རླངས་འཁོར་དེ་བརྡབ་པ་ཙམ་མིན་པར་འབར་གས་བྱུང་སྟེ་མེ་འབར་བ་ཞིག་ཡིན་སྐོར་སོགས་བཀོད་འདུག གནས་ཚུལ་དེ་བྱུང་མ་ཐག་དེའི་ཁོར་ཡུག་ཡོངས་རྫོགས་དམ་དྲག་བྱས་ཡོད་པ་མ་ཟད། དོན་རྐྱེན་དེའི་སྐོར་གྱི་པར་དང་གནས་ཚུལ་སོགས་ཀྱང་བརྒྱུད་ལམ་ཁག་ནས་བཀག་སྡོམ་བྱས་ཡོད་འདུག དུས་བབ་དྲ་བ་ནས།