
བསམ་ཁོ་ཞེས་པ་ནི་ཤེས་རབ་དང་སྤྱོད་བཟང་གི་དོན་ཏེ། སྐབས་དེར་ཁོའི་སྙན་ཞིང་ཐུན་མོང་མ་ཡིན་པའི་རུས་མིང་དེས་བག་ཆགས་ཟབ་མོ་ཞིག་བཞག་སོང་། ཁོ་ནི་དེང་རབས་དུས་དར་རོལ་དབྱངས་ཀྱི་གྲུབ་ཆ་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་སུ་འདྲེན་པའི་བོད་ཀྱི་གཞས་པ་ཞིག་ཡིན་པ་མ་ཟད། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་དང་། ༼བོད་ཀྱི་འདས་དོན༽
དང༼བོད་ཀྱི་གསང་བ༽ཞེས་པའི་ནང་གི་འཁྲབ་སྟོན་པ་ཡང་རེད།
ཟླ༡༠ཚེས༢༨ཉིན་ཐན་དབྱི་བོད་རྒྱ་སྐད་གཉིས་རིག་ནུས་ལག་འཁྱེར་ཁ་པར་ཐོག་མའི་འགྲེམས་བསྒྲགས་ཚོགས་འདུར་བསམ་ཁོ་ནི་ལག་འཁྱེར་ཁ་པར་དེའི་སྨྲ་ཚབ་པ་ཡིན་པར་བརྟེན་གསར་འགོད་པས་གཞི་ནས་ནང་ལོག་སྨྱན་སྦྱོར་གྱིས་རྒྱ་ཆེའི་གཟིགས་མོ་བའི་སྤྱན་ལམ་དུ་ཡང་བསྐྱར་མངོན་པའི་བོད་སྤོས་རྒྱལ་སྲས་སུ་འབོད་པ་ཁོ་རང་མཐོང་བྱུང་།
ཁོ་ནི་མིང་དོན་དང་མཚུངས་བའི་མི་ཞིག་སྟེ་ཤེས་རབ་ལྡན་ལ་སྤྱོད་པ་བཟང་བ་དང་། ཡ་རབས་གུས་ཞབས་ཆེ་ཞིང་ཁེངས་སྐྱུང་གི་ངང་ཚུལ་འཛིན་པ་ཞིག་ཡིན། ཁོ་ལ་དགའ་མོས་བྱེད་མཁན་རྣམས་སྟེགས་རྒྱབ་ཏུ་རྒྱུག་ནས་མཉམ་བསྐྱོན་འདྲ་པར་རྒྱག་དུས་ཁོས་གྱོན་གོས་རྣམས་ཚགས་སུ་ཆུད་མེད་ཀྱང་སྔར་བཞིན་འཛུམ་མདངས་ཀྱིས་ཁོ་ཚོར་བསུ་མ་བྱས།
ནང་ལོག་གི་མི་མང་པོ་ཞིག་ལ་མཚོན་ན་བསམ་ཁོ་ནི༢༠༠༥ལོའི་སྐར་འོད་ལམ་ཆེན་སྟེང་གི་དེ་ཁོ་ནར་ངོས་འཛིན་གྱི་ཡོད་པ་དང་། གསར་འགོད་པས་རྒྱུ་ཆ་སྔོག་འཚོལ་བྱས་རྗེས་ད་དཟོད་སྐབས་དེའི་བསམ་ཁོའི་ཕྱིའི་གཟུགས་བྱད་མཛེས་པོ་དང་ལྷན་སྐྱེས་ཀྱི་གར་སྟེགས་ཡིད་འཕྲོག་གི་ནུས་པས་མི་མང་པོ་ཞིག་གི་ཡིད་སེམས་བཀུག་པ་དང་། དགའ་མོས་བྱེད་མཁན་རྣམས་ཀྱིས་ཁོ་ལ་ཕུ་བོར་འབོད་ཀྱི་ཡོད་པ་དང་ཁོ་བོའི་ཆེད་དུ་སྦྱར་སྤེལ་བཟོས་ནས་རྩོམ་ཡིག་མང་པོ་སྤེལ་ཡོད་པ་གཞི་ནས་རྟོགས།
༢༠༠༥ལོའི་རྗེས་སུ་བསམ་ཁོ་ནི་རིམ་བཞིན་ནང་ལོག་གི་མི་རྣམས་ཀྱི་མཐོང་ལམ་དུ་ཡལ་བ་དང་། དུས་ངེས་མེད་དུ་མི་རྣམས་ཀྱིས་དྲ་ལམ་དུ་ཁོའི་གནས་ཚུལ་ལ་འདྲི་རྟོག་བྱེད་ཀྱི་ཡོད། ད་རེས་བསམ་ཁོས་ཐན་དབྱི་བོད་རྒྱ་སྐད་གཉིས་རིག་ནུས་ལག་འཁྱེར་ཁ་པར་ཐོག་མའི་སྨྲ་ཚབ་པ་བྱས་པའི་དྲིལ་བསྒྲགས་པར་གཞིའི་བརྡ་ཁྱབ་མཐོང་བས་ནང་ལོག་གི་སྨྱན་སྦྱོར་ཁ་ཤས་ཀྱིས་ཡང་བསྐྱར་གཟིགས་མོ་བའི་མཐོང་ལམ་དུ་མངོན་པ་ཞེས་བརྗོད་པ་རེད།
བསམ་ཁོས་དགོད་ཞོར་དུ་དོན་དངོས་སུ་ང་རང་ཁྱེད་ཚོ་དང་ཁ་བྲལ་མེད་དེ། ད་ཐེངས་ཁ་པར་འདིའི་སྨྲ་ཚབ་པ་བྱེད་དོན་ནི་བོད་རྒྱ་སྐད་གཉིས་ཡིན་པ་དང་། དྲིལ་བསྒྲགས་པར་གཞིའི་བརྡ་ཁྱབ་བརྙན་ལེན་སྐབས་སྤྲོ་སེམས་འཁོལ་བའི་བོད་རིགས་ཨ་མ་བགྲེས་མོ་ཞིག་དང་འཕྲད་པས་བོད་ཁུལ་གྱི་ཞིང་འབྲོག་རྣམས་ཀྱི་ཆེད་དུ་ལས་དོན་མང་པོ་ཞིག་སྒྲུབ་དགོས་སྙམ་པའི་ཚོར་སྣང་སྦྱིན་སོང་ཟེར། ཉེ་བའི་ལོ་ཤས་རིང་ཁོས་ཕྱོགས་གཅིག་ནས་གཞས་པ་ཞིག་བྱས་ཏེ་རང་ཉིད་ཀྱི་གླུ་གཞས་དག་རྒྱུན་ཆད་མེད་པར་སྤེལ་གྱི་ཡོད་པ་དང་། ཕྱོགས་གཅིག་ནས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་སློབ་ཁྲིད་གནང་ཞོར་སློབ་གྲྭའི་ཚབ་བྱས་ནས་རིག་གནས་བརྗེ་རེས་ཀྱི་འཁྲབ་སྟོན་དུ་ཞུགས་ཀྱི་ཡོད།
༢༠༡༣ལོའི་ཟླ༢པར༼བོད་སྤོས༽ཞེས་པའི་ཆེད་སྒྲིག་བརྙན་འཁོར་འགྲེམ་སྤེལ་བྱས་རྗེས་ཆེད་སྒྲིག༼བཀྲ་ཤིས་གླུ་གཞས༽ཞེས་པ་འགྲེམ་སྤེལ་བྱས་པ་དང་འདི་ནི་ཁོའི་བོད་སྐད་ཀྱི་ཆེད་སྒྲིག་ཐོག་མ་ཡང་ཡིན། དེ་དང་ཆབས་ཅིག་སི་ཁྲོན་བོད་ཁུལ་དུ་སྐྱེས་པའི་བསམ་ཁོས་བོད་ཁུལ་གྱི་འཕེལ་རྒྱས་ལ་དོ་ཁུར་གནང་གི་ཡོད་པ་དང་། ༢༠༠༨ལོའི་སི་ཁྲོན་དབུན་ཁྲོན་དུ་ས་ཡོམ་བརྒྱབ་དུས་ཁོས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་པོར་གླུ་གཞས་དགོང་ཚོགས་བསྡུས་ནས་ཕ་ཡུལ་གྱི་ཆེད་དུ་གསོལ་སྨོན་བཏབ་པ་མ་ཟད། ༼བོད་སྤོས༽ཀྱི་ཡོང་འབབ་ཡོད་ཚད་ས་ཡོམ་གནོད་ཁུལ་གྱི་ཉམས་ཞན་ཚོགས་པར་ཕུལ་ནས་འཚོ་བར་དགའ་ཞེན་བྱེད་མཁན་དག་དང་གནོད་སྐྱོན་ཁྲོད་དུ་དཔུང་བ་མཉམ་གཤིབ་ཀྱིས་བྱས་རྗེས་ངོ་མཚར་གཏོད་པའི་མི་རིགས་ཁག་གི་སྤུན་ཟླ་རྣམས་ལ་ཤུགས་རྒྱག་པའི་སྐུལ་ལྕག་གནང་བ་རེད།
བསམ་ཁོས་༢༠༠༩ལོར༼བོད་ཀྱི་འདས་དོན༽ཁྲོད་དུ་འགོ་བའི་བུ་ཆུང་འཁྲབ་ཡོད་པ་དང་། དེ་ནས་བཟུང་ཁོ་རང་གློག་བརྙན་ལ་དགའ་བ་དང་རང་ཡིད་རང་ཆེས་ཇེ་བརྟན་དུ་གྱུར་བ་མ་ཟད་རྗེས་སུ༼བོད་ཀྱི་གསང་བ༽ཞེས་པའི་ནང་འཁྲབ་སྟོན་བྱས།བོད་རྒྱ་སྐད་གཉིས་ཀྱི་ཁ་པར་འདིའི་སྨྲ་ཚབ་པ་བྱེད་དོན་གཉིས་གཅིག་མཚུངས་ཡིན་ལ། ཁོས་མི་སྣ་འདི་དག་འཁྲབ་དོན་གཙོ་བོ་ནི་བོད་ཀྱི་རིག་གནས་དང་འབྲེལ་བ་ཡོད་པས་ཡིན་པ་དང་། ཁོས་བོད་ཀྱི་སྲོལ་རྒྱུན་རིག་གནས་བརྒྱུད་སྤྲོད་བྱ་ཆེད་ཡིན་པ་རེད།
བསམ་ཁོས་ང་རང་གཞས་པ་ཞིག་ཡིན་པའི་ཆ་ནས་གླུ་གཞས་བརྩམས་ཆོས་གསར་པ་སྔར་བས་མང་པོ་འགྲེམ་སྤེལ་བྱེད་དགོས། ད་ལོའི་ཟླ༡༠པར་ཆེད་སྒྲིག་གསར་པ་ཞིག་འགྲེམ་རྩིས་ཡོད་པ་དང་། བརྡ་ཁྱབ་ཀྱི་སྨྲ་ཚབ་པ་བྱེད་དགོས་པར་བརྟེན་ཟླ༡༢ནང་དུ་བསྣུར་བས་ལོ་རྗེས་མའི་ལོ་འགོར་ཚང་མའི་སྤྱན་ལམ་དུ་འབུལ་སྲིད་ཟེར། བཅར་འདྲི་མཇུག་རྫོགས་རྗེས་གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ་ནི་བོད་རིགས་གཞོན་ནུ་ཞིག་ཡིན་པ་དང་། གསར་འགོད་པས་གང་བྱུང་དུ་ཁྱེད་ཀྱིས་བསམ་ཁོ་ངོ་ཤེས་སམ་ཞེས་འདྲི་དུས༼བཀྲ་ཤིས་བདེ་ལེགས༽ལེན་མཁན་དེ་ཟེར་བ་ཡིན་ནམ། ངོ་ཤེས་ཀྱི་ཡོད། ངའི་རླངས་འཁོར་ནང་དུ་ཁོའི་གླུ་གཞས་ཀྱང་ཡོད། ཁྱེད་ཀྱིས་ཉོན་ཨང་ཞེས་གླུ་གཞས་དེ་བཙལ་ནས་བཏང་།
བོད་རིགས་ནི་སྐད་ཆ་བཤད་ཤེས་པ་ཙམ་ནས་གཞས་གཏོང་ཤེས་པ་དང་། གོམ་པ་སྤོ་ཤེས་པ་ཙམ་ནས་ཞབས་བྲོ་འཁྲབ་ཤེས་པའི་མི་རིགས་ཤིག་ཡིན། བསམ་ཁོ་ལགས་ནི་འདི་ལྟར་རོལ་དབྱངས་དང་ཞབས་དྲོ་ལ་ཤེས་ཚོར་ཤུགས་ཆེན་ལྡན་པ་དང་ལྷན་སྐྱེས་ཀྱི་ནུས་པ་འཛོམས་པའི་གཞས་པ་ཞིག་ཡིན། ཁོའི་བདེ་སྐྱིད་ནི་རོལ་དབྱངས་ཀྱིས་གཞན་ལ་སེམས་འགུལ་ཐེབས་སུ་འཇུག་པ་དང་སྐད་ཀྱི་གདངས་དབྱངས་བརྒྱུད་སྤྲོད་བྱ་རྒྱུ་དང་། མི་མང་པོ་ཞིག་གིས་བོད་ཀྱི་རིག་གནས་ཀྱི་དགོངས་དོན་རྟོགས་རྒྱུ་དེ་ཡིན།
བོད་ཁུལ་ནི་ངའི་རྒྱབ་རི་ཡིན་ལ་གནས་གཞི་ཡང་ཡིན། བོད་རིགས་གཞས་པ་ཞིག་ཡིན་པའི་ཆ་ནས་ང་རང་ལ་བོད་ཁུལ་གྱི་རོལ་དབྱངས་རིག་གནས་པེ་ཅིང་དང་རྒྱལ་ཡོངས། ཡང་ན་འཛམ་གླིང་ཧྲིལ་པོར་བརྒྱུད་སྤྲོད་བྱེད་པའི་འགན་འཁྲི་ཡོད་ཅེས་ཆེད་སྒྲིག་བཟོ་བའི་དང་པོ་ཉིད་ཀྱི་རེ་བ་གླེང་དུས་བསམ་ཁོ་ལགས་ཀྱི་བསམ་པ་རྣམ་དག་ཡིན་པ་དང་། སྐད་ཆ་ཐུང་ངུ་དེའི་ཁྲོད་དུ་ཁོས་རང་གི་མི་རིགས་ལ་བཅངས་པའི་བརྩེ་སེམས་མཚོན་ཐུབ།
བོད་ཁུལ་ནི་ངའི་རྒྱབ་རི་ཡིན་ལ་གནས་གཞི་ཡང་ཡིན། བོད་རིགས་གཞས་པ་ཞིག་ཡིན་པའི་ཆ་ནས་ང་རང་ལ་བོད་ཁུལ་གྱི་རོལ་དབྱངས་རིག་གནས་པེ་ཅིང་དང་རྒྱལ་ཡོངས། ཡང་ན་འཛམ་གླིང་ཧྲིལ་པོར་བརྒྱུད་སྤྲོད་བྱེད་པའི་འགན་འཁྲི་ཡོད་ཅེས་ཆེད་སྒྲིག་བཟོ་བའི་དང་པོ་ཉིད་ཀྱི་རེ་བ་གླེང་དུས་བསམ་ཁོ་ལགས་ཀྱི་བསམ་པ་རྣམ་དག་ཡིན་པ་དང་། སྐད་ཆ་ཐུང་ངུ་དེའི་ཁྲོད་དུ་ཁོས་རང་གི་མི་རིགས་ལ་བཅངས་པའི་བརྩེ་སེམས་མཚོན་ཐུབ།
བརྩེ་བ་ནི་ཐོག་མཐའ་བར་གསུམ་དུ་བསམ་ཁོ་ལགས་ཀྱི་གླུ་གཞས་ཀྱི་བརྗོད་དོན་ཡིན། ༼བོད་སྤོས༽དང༼བཀྲ་ཤིས་གླུ་གཞས༽སོགས་ལས་བྱམས་བརྩེ་བརྒྱུད་སྤྲོད་དང་རྒྱུན་བསྲིང་བྱས་ཡོད། ལོ་རབས༨༠རྗེས་ཀྱི་ན་གཞོན་གཞས་པ་ཞིག་ལ་མཚོན་ན་ཁོའི་སེམས་ཀྱི་བརྩེ་བ་ནི་བརྩེ་དུང་ཁོ་ན་མ་ཡིན་པར་མི་ཡུལ་གྱི་བྱམས་བརྩེ་ཆེན་མོ་སྟེ། ཨ་མ་དང་ཕ་ཡུལ་ལ་བཅངས་བའི་བརྩེ་བ་དཔེར་ན༼ཨ་མ༽དང་རང་བྱུང་ཁམས་ཆེན་པོ་བཅངས་པའི་བརྩེ་བ༼གཅིག་བརྟེན་གཅིག་འབྲེལ༽བོད་ཀྱི་རིག་གནས་ལ་བཅངས་པའི་བརྩེ་བ༼རེ་བ༽སོགས་ལྟ་བུའོ།།
ཁོའི་བསམ་པར་བརྩེ་བའི་བརྗོད་དོན་གླུ་གར་ལ་ཐིམ་རྒྱུ་ནི་སྒྲུབ་འོས་པའི་ལས་དོན་ཞིག་ཡིན། ཁོའི་གླུ་གར་གྱིས་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་ཀྱི་རིག་གནས་ཉིང་བཅུད་གཞིར་བཟུང་ནས་གསར་དར་དེང་རབས་རོལ་དབྱངས་ཀྱི་གྲུབ་ཆ་བསྲེས་ཏེ་དུས་རབས་གསར་པའི་དྲི་ངད་འཐུལ་དུ་བཅུག་ཡོད།
མི་འགྱངས་པར་འགྲེམ་སྤེལ་བྱ་རྒྱུའི་ཆེད་སྒྲིག་གླེང་དུས་བསམ་ཁོས་སྔར་བཞིན་བརྩེ་བ་བརྗོད་དོན་དུ་བྱས་ནས་བོད་ཀྱི་རིག་གནས་བརྒྱུད་སྤྲོད་བྱ་རྒྱུ་ཡིན་པར་བསྟན་པ་དང་། ཆེད་སྒྲིག་གསར་པར་མི་རིགས་ཀྱི་མཚོན་རྟགས་གཙོ་བོ་ཡིན་མོད་བོད་ཀྱི་སྲོལ་རྒྱུན་ཞབས་བྲོའི་རོལ་དབྱངས་ཀྱི་སྟེང་ལ་དེང་རབས་རོལ་དབྱངས་ཁ་ཤས་བསྣན་ཏེ་གཞས་གཏོང་སྟངས་ལ་སྔར་བས་ཞིབ་འཇུག་དང་དབྱངས་སྡེབ་སྟངས་ལ་སྔར་བས་སྙན་འཇེབས་ལྡན་པ། རོལ་དབྱངས་ཀྱི་ཁྱད་ཆོས་ཁྲོད་ཀྱི་གྱོན་གོས་སོགས་ཀྱི་ཕྱོགས་སུ་ཡང་འགྱུར་ལྡོག་ཁ་ཤས་ཡོད་པ་དང་། རྗེས་ཕྱོགས་བོད་རྒྱ་སྐད་གཉིས་ཀྱི་པར་གཞི་འགྲེམ་རྩིས་ཡོད་ཅེས་བཤད།