ཟླ་ འདིའི་ ཚེས་ ༦ ཉིན། ད་ ལྟ་ རྒྱ་ ནག་ གི་ བཙོན་ འོག་ ཏུ་ ཡོད་ པའི་ པའོ་ ཞི་ ལེ་ ལ་ རྒྱབ་ སྐྱོར་ བྱེད་ མཁན་ ཚོས་ ཏྲི་ ཞན་ ཆབ་ སྲིད་ ཚོགས་ པ་ (智献党)ཞེས་ པ་ ཞིག་ གསར་ འཛུགས་ བྱས་ ཏེ་ པའོ་ ཞི་ ལེ་ ཚོགས་ གཙོར་ བདམས་ ཡོད་ འདུག རོ་ ཌིར་
ཁོ་ མོས་ མུ་ མཐུད་ དུ་ རྒྱ་ ནག་ གི་ རྩ་ ཁྲིམས་ ནང་ གི་ མང་ ཚོགས་ ཀྱི་ ཐོབ་ ཐང་ སྐོར་ ལ་ བརྗོད་ དོན། མང་ ཚོགས་ ཀྱིས་ རྒྱ་ ནག་ རྒྱལ་ ཡོངས་ མི་ དམངས་ འཐུས་ མི་ ཚོགས་ ཆེན་ གྱི་ འཐུས་ མི་ དང་ སྲིད་ གཞུང་ གི་ མཐོ་ རིམ་ མི་ སྣ་ འདེམས་ པའི་ ཐོབ་ ཐང་ རྩ་ ཁྲིམས་ ནང་ བཀོད་ ཡོད་ ཀྱང་ ། རྒྱ་ གཞུང་ གིས་ ལག་ ལེན་ བྱེད་ ཀྱི་ མེད་ པ་ དེ་ དོན་ དངོས་ ལག་ ལེན་ བྱེད་ ཐུབ་ པར་ འབད་ བརྩོན་ བྱ་ རྒྱུ་ ཡིན་ ཞེས་ བརྗོད་ འདུག
ཚོགས་ པ་ འདི་ རྒྱ་ ནག་ དམར་ ཤོག་ གི་ སྐབས་ བཅོ་ བརྒྱད་ པའི་ ཚང་ འཛོམས་ གྲོས་ ཚོགས་ ཐེངས་ གསུམ་ པ་ མ་ ཚོགས་ པའི་ ཉིན་ གསུམ་ སྔོན་ ལ་ བཙུགས་ ཡོད་ པ་ དང་ །ད་ སྔ་ གཞུང་ གིས་ བཀག་ སྡོམ་ དང་ སྐྱོན་ བརྗོད་ གང་ ཡང་ བྱས་ མི་ འདུག ཟླ་ འདིའི་ ཚེས་ ༩ ནས་ ཚེས་ ༡༢ ཉིན་ བར་ ཚང་ འཛོམས་ གྲོས་ ཚོགས་ ཐེངས་ གསུམ་ པ་ ཚོགས་ ཏེ་ རྒྱ་ ནག་ གི་ དཔལ་ འབྱོར་ བཅོས་ བསྒྱུར་ སོགས་ ཀྱི་ ཐད་ གྲོས་ ཆོད་ འཇོག་ གི་ ཡོད། ༡༩༧༩ ལོར་ ཏིན་ ཞོ་ ཕིན་ གྱིས་ སྣེ་ འཁྲིད་ དེ་ དཔལ་ འབྱོར་ བཅོས་ བསྒྱུར་ ཆེན་ པོ་ བྱུང་ ཡོད་ པ་ ལྟར། ཐེངས་ འདིར་ ཡང་ མང་ ཚོགས་ ཚོས་ རྒྱ་ ནག་ གི་ དཔལ་ འབྱོར་ སྒྲོམ་ གཞིར་ འགྱུར་ ལྡོག་ འགྲོ་ བའི་ རེ་ བ་ རྒྱག་ གི་ ཡོད་ འདུག དུས་བབ་དྲ་བ་ནས།