རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

མི་ ༨ འཛིན་བཟུང་བྱས་འདུག

ཟླ་འདིའི་ཚེས་ ༢༣ ཉིན་དཀར་མཛེས་དཔལ་ཡུལ་རྫོང་གཏེར་ལུང་དགོན་གྲོང་གཉིས་ཀྱི་མི་ ༨ རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ད་ཆར་དགོན་གྲོང་གཉིས་རྒྱ་དམག་གིས་སྐོར་ཡོད་འདུག
གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་འདིའི་ཚེས་ ༢༣ ཉིན་དཀར་མཛེས་དཔལ་ཡུལ་རྫོང་ ‘སྡེ་དགེ་གཏེར་ལུང་
དགོན’ གྲོང་གཉིས་ཀྱི་མི་ ༨ རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་ཅིང་། གནས་ཚུལ་དེའི་འབྱུང་རྩ་ནི། ཟླ་བ་འགའི་གོང་ལ་གཏེར་ལུང་ཞང་གི་མགོ་ཁྲིད་གཉིས་ཀྱི་ལག་འབྲེལ་འོག སྔ་འགྱུར་རྙིང་མའི་གདན་ས་ཁང་དམར་དགོན་པའི་གནས་རྡོ་རྩ་ཆེན་རླངས་འཁོར་གང་བརྐུ་འཁྱེར་བྱས་ཏེ། ཕྱེད་ཀ་རྒྱ་ནག་ནང་བཙོང་པ་དང་རྡོ་འགའ་ཞིག་དཔལ་ཡུལ་རྫོང་སྲིད་གཞུང་གི་ཁང་པ་གསར་རྒྱག་བྱེད་བཞིན་པའི་སྒོ་འགྲམ་དུ་བཞག་ཡོད་སྟབས། གཏེར་ལུང་དགོན་གྲོང་གཉིས་ཀས་རྫོང་རིམ་པར་ཞུ་གཏུག་བྱས་ཏེ་ངོ་མཚར་ཅན་གྱི་རྡོ་རང་བྱོན་དེ་དག་ཕྱིར་སྤྲོད་རྒྱུར་འབོད་སྐུལ་ཞུས་ཀྱང་ཡ་ལན་གང་ཡང་མ་བྱས་སྟབས། མི་མང་ཨུ་ཐུགས་ཏེ་ཟླ་འདིའི་ཚེས་ ༢༣ ཉིན་ཞང་འོག་གི་མི་ཡོངས་རྫོགས་དཔལ་ཡུལ་རྫོང་ཐོག་ཏུ་ངོ་རྒོལ་རྔམ་སྟོན་བྱེད་པར་བསྐྱོད་རྒྱུའི་གྲོས་བྱས་ཡོད་ཀྱང་། སྟབས་མ་ལགས་པར་གནས་ཚུལ་ཕྱི་གྱར་ཕྱིན་ཏེ་ཚེས་༢༢ ཉིན་གྱི་མཚན་མོ་རྒྱ་གཞུང་གིས་དམག་མི་མང་པོ་བཏང་སྟེ་གཏེར་ལུང་དགོན་པའི་གྲྭ་བ་ ༦ དང་རུ་ཁག་མགོ་ཁྲིད་ ༢ བཅས་མི་ ༨ འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད། དགོན་གྲོང་གཉིས་དམག་མིས་སྐོར་ཞིང་བརྡ་འཕྲིན་བརྒྱུད་ལམ་ཁག་ཀྱང་བཀག་ཡོད་པ་དང་། ས་གནས་དེ་ཁུལ་གྱི་འགྲིམ་འགྲུལ་ཀྱང་ཉིན་འདི་འགར་བཀག་སྡོམ་བྱས་ཡོད་འདུག  དུས་བབ་དྲ་བ་ནས།