དབྱིན་ཇིའི་སྲིད་གཞུང་གིས་གསར་དུ་ཕྱིར་བསྒྲགས་བྱས་པའི་གྲངས་ཐོ་ལས་མངོན་པ་ལྟར་ན། རྒྱ་ནག་སྐམ་ས་དེ་དབྱིན་ཡུལ་དུ་གནས་སྤོ་བྱེད་པའི་མི་གྲངས་ཆེས་མང་བའི་རྒྱལ་ཁབ་ཆགས་ཡོད་པ་རེད།
ཟླ་འདིའི་ཚེས་༢༨ ཉིན་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཡུལ་རྒྱལ་ཁབ་གྲངས་བཤེར་ལས་ཁུངས་ (Office for National Statistics) ཀྱིས་ཕྱིར་བསྒྲགས་བྱས་པའི་གྲངས་ཐོའི་ནང་། འདས་པའི་ལོ་གཅིག་གི་ནང་རྒྱ་ནག་སྐམ་ས་ནས་མི་གྲངས་ཁྲི་༤ ལྷག་དབྱིན་ཡུལ་དུ་སླེབས་ཡོད་པ་དང་། གྲངས་ཀ་དེ་ནི་རྒྱལ་ཁབ་གཞན་དག་ནས་དབྱིན་ཡུལ་དུ་གནས་སྤོས་བྱས་པའི་མི་གྲངས་ལས་ཆེས་མང་བ་ཡོད་པ་རེད། དབྱིན་ཡུལ་དུ་གནས་སྤོས་བྱས་པའི་རྒྱ་ནག་གི་མི་གྲངས་འཕར་བའི་རྒྱུ་མཚན་གཙོ་བོ་གཅིག་ནི། རྒྱ་ནག་ནས་དབྱིན་ཡུལ་དུ་སློབ་གཉེར་ཡོང་མཁན་གྱི་གྲངས་ཚད་འཕར་བ་དང་། ད་ལྟའི་ཆར་དབྱིན་ཡུལ་དུ་རྒྱ་ནག་གི་སློབ་གཉེར་བ་གྲངས་ཁྲི་༡༠ ཙམ་ཡོད་འདུག
ཕྱི་ཟླ་༡༢ པའི་ཚེས་༡ རེས་གཟའ་ཟླ་བའི་ཉིན། དབྱིན་ཡུལ་གྱི་དབུ་བཞུགས་བློན་ཆེན་ཁེ་མར་རོན་ (Cameron) རྒྱ་ནག་ཏུ་འཚམས་དྲིར་ཕེབས་རྒྱུ་ཡིན་པ་དང་། ཁོང་གིས་“རྒྱ་ནག་གི་སློབ་གཉེར་བའི་གྲངས་ཀར་ཚོད་འཛིན་བྱེད་རྒྱུ་མིན་”ལུགས་བརྗོད་ཡོད་པ་རེད། ཡུལ་མི་གནས་སྤོའི་གནད་དོན་དེ་དབྱིན་ཡུལ་གྱི་ཆབ་སྲིད་ནང་དུ་ཚོར་ཤུགས་ཇེ་རྣོར་འགྱུར་བཞིན་པ་དང་། གྲོས་ཚོགས་འཐུས་མི་ཧ་ཅང་མང་པོ་ཞིག་གིས་ཕྱིའི་ཡུལ་མི་གནས་སྤོ་དེ་སྤྱི་ཚོགས་ཀྱི་ཁུར་པོ་ཞིག་ཆགས་ཡོད་པའི་ངོས་འཛིན་བྱེད་བཞིན་ཡོད་འདུག
དབྱིན་ཡུལ་གྱི་ཆབ་སྲིད་ཚོགས་པ་གཉིས་མཉམ་འབྲེལ་སྲིད་གཞུང་གིས་གཏན་འབེབས་བྱས་པ་ལྟར་ན། ༢༠༡༥ ལོའི་སྔོན་དུ་ཡུལ་མི་གནས་སྤོའི་(དབྱིན་ཡུལ་ནས་ཕྱིར་སྤོས་པའི་མི་གྲངས་འཐེན་པའི་)བསྡོམས་གྲངས་ཁྲི་༡༠ ཡི་ཚད་བཀག་བཟོས་ཡོད་ནའང་། མཉམ་འབྲེལ་སྲིད་གཞུང་གི་འཆར་གཞིའི་གྲངས་ཚད་ལ་སླེབས་པར་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་པ་རེད།
གསར་ཏུ་ཕྱིར་བསྒྲགས་བྱས་པའི་གྲངས་ཐོ་ལས་གསལ་བ་ལྟར་ན། ལོ་སྔོན་མའི་ཕྱི་ཟླ་༦ པའི་བར་དུ་ཡུལ་མི་གནས་སྤོའི་གྲངས་ཚད་ཁྲི་༡༨།༢ ལ་འཕར་ཡོད་པ་དང་། རྒྱུན་རྐྱེན་གཙོ་བོ་དེ་དབྱིན་ཇིའི་མི་ཕྱིར་གནས་སྤོའི་གྲངས་ཀ་དེ་འདས་པའི་ལོ་༡༢ རིང་གི་ཚད་དམའ་ཤོས་སུ་སླེབས་པ་དང་མངོན་གསལ་དོད་པོས་འབྲེལ་བ་ཡོད་པ་ཞིག་ཡིན་འདུག འདས་ལོའི་ཟླ་༦ པ་ནས་བརྩིས་པའི་ལོ་གཅིག་གི་ནང་། དབྱིན་ཡུལ་ནས་ཁ་བྲལ་བའི་མི་གྲངས་ཁྲི་༣༢ ཙམ་ཡོད་པ་དང་། ལོ་སྔོན་མ་དང་བསྡུར་ན་གྲངས་ཚད་དེ་ཁྲི་༣༤།༩ ཡིན་པ་རེད། བང་ཆེན་དྲ་བ་ནས།།