རྒྱ་དམངས་
གནས་ ཚུལ་ མཁོ་ སྤྲོད་ པས་ བརྗོད་ པ་ ལྟར་ ན། གླུ་ བ་ ཚེ་ དཀར་ ལགས་ ད་ ལྟ་ རང་ ལོ་ ༢༢ ཡིན་ པ་ དང་ ། ཁོང་ གི་ ཕ་ དེ་ སྔོན་ ནས་ འདས་ གྲོངས་ ཕྱིན་ ཡོད་ འདུག ད་ ལྟ་ ཁོང་ གི་ ཁྱིམ་ དུ་ བཟའ་ ཟླ་ དང་ ཕྲུ་ གུ་ གཅིག ཨ་ མ་ བཅས་ ཡོད་ འདུག་ ལ། ཁོང་ ནི་ ནམ་ རྒྱུན་ མི་ རིགས་ ཀྱི་ བདེ་ སྡུག་ དབྱངས་ སུ་ གྱེར་ མཁན་ ཞིག་ ཡིན་ པ་ མ་ ཟད། ཁོང་ གིས་ ༼མཐུན་ སྒྲིལ་ གྱི་ ཨ་ ལོང་ ༽ཞེས་ པའི་ འོད་ སྡེར་ གཙོས་ པའི་ མི་ རིགས་ རིག་ གཞུང་ གཅེས་ འཛིན་ སྐོར་ བརྗོད་ དོན་ ཡིན་ པའི་ ཆེད་ སྒྲིག་ འོད་ སྡེར་ འགའ་ ཤས་ སྤྱི་ ཚོགས་ ཁྲོད་ འགྲེམས་ སྤེལ་ བྱས་ ཏེ། སྤྱི་ ཚོགས་ ཁྲོད་ དགའ་ མོས་ བྱེད་ མཁན་ གྱི་ གླུ་ བ་ ཞིག་ ཡིན་ འདུག
ད་ ལོའི་ དབྱར་ རྩྭ་ དགུན་ འབུ་ བརྐོ་ བའི་ དུས་ སྐབས་ སུ། ཤོད་ འབྲི་ རུའི་ གནས་ རི་ ནགས་ ལྷ་ ཛམ་ བྷར། རྒྱ་ གཞུང་ གིས་ གཞུང་ ལམ་ དང་ ཆུ་ གློག་ འཛུགས་ བསྐྲུན་ ལ་ ཁ་ གཡར་ ཏེ། གཏེར་ ཁ་ སྔོག་ འདོན་ གྱི་ ལས་ འཆར་ སྤེལ་ ཡོད་ པ་ དང་ ། སྐབས་ དེར་ འབྲི་ རུ་ སྟོད་ སྨད་ བར་ གསུམ་ གྱི་ ཡུལ་ མི་ ཚོས་ ངོ་ རྒོལ་ ཤུགས་ ཆེན་ བྱས་ སྟབས།རྒྱ་ གཞུང་ གིས་ གཏེར་ ཁ་ སྔོག་ འདོན་ གྱི་ ལས་ འཆར་ དེ་ བཀག་ འགོག་ བྱེད་ ཐུབ་ ཡོད་ པ་ མ་ ཟད། རྗེས་ སུ་ ས་ གནས་ སྲིད་ གཞུང་ རིམ་ པར་ མང་ ཚོགས་ ཀྱིས་ ཞུ་ གཏུག་ བརྒྱབ་ པ་ ལ་ བརྟེན་ ནས། གནས་ རི་ དེ་ ལྗོངས་ རིག་ དངོས་ སྲུང་ སྐྱོབ་ ཀྱི་ གྲལ་ དུ་ ཚུད་ ཡོད་ པ་ དང་ ། གནས་ རི་ སྲུང་ སྐྱོབ་ ཀྱིས་ གཏེར་ ཁ་ སྔོག་ འདོན་ ལ་ ངོ་ རྒོལ་ བྱེད་ མཁན་ རྣམས་ ཀྱང་ ། ཁོར་ ཡུག་ སྲུང་ སྐྱོབ་ ཀྱི་ ཆེད་ དུ་ ཡིན་ པར་ ངོས་ འཛིན་ གྱིས་ ཉེས་ ཆད་ མི་ གཅོད་ པར་ རང་ དགར་ འཇོག་ རྒྱུ་ ཡིན་ སྐོར་ བརྗོད་ ཡོད་ ཅིང་ ། རྗེས་ སུ་ ནགས་ ལྷ་ གནས་ རི་ སྲུང་ སྐྱོབ་ ཞི་ རྒོལ་ ཁྲོད་ ཞུགས་ མཁན་ བོད་ མི་ ཁོང་ གསུམ་ འཛིན་ བཟུང་ གིས་ ཁྲིམས་ ཐག་ བཅད་ ཡོད་ པ་ དང་ ། སྐབས་ དེའི་ ཞི་ རྒོལ་ ཁྲོད་ ཞུགས་ མཁན་ མི་ ཚང་ མ་ འཛིན་ བཟུང་ བྱ་ རྒྱུ་ ཡིན་ པའི་ གནས་ ཚུལ་ ཐོན་ ཡོད་ པ་ སོགས་ ཀྱིས། ད་ ཆར་ ས་ གནས་ ཡུལ་ མི་ ཚོ་ དངངས་ སྐྲག་ དང་ འཇིགས་ སྣང་ འོག་ གནས་ ཡོད་ འདུག
གསར་ འགོད་ པ། དོན་ གོ
དུས་བབ་དྲ་བ་ནས།
