རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བསོད་ནམས་ཤེས་རབ་ལཊ་ཀློད་གྲོལ་བཏང་།

ཟླ་འདིའི་ཚེས་ ༢༣ ཉིན། ཡུལ་ཤུལ་ལྡན་མ་ཟིལ་དཀར་དགོན་པའི་གྲྭ་བསོད་ནམས་ཤེས་རབ་ལགས་ཟི་ལིང་གི་བཙོན་ཁང་ཞིག་ནས་ཀློད་གྲོལ་ཐོབ་སྟེ་ཕྱིར་རང་དགོན་དུ་ལོག་སྐབས་ས་གནས་མང་ཚོགས་ཀྱིས་ཁ་བཏགས་བསྒྲོན་ཏེ་དགའ་བསུ་ཆེན་པོ་བྱས་ཡོད་འདུག
ན་ནིང་ཕྱི་ཟླ་ ༩ ཚེས་ ༡ ཉིན། རྒྱ་གཞུང་གིས་ཡུལ་ཤུལ་ལྡན་མ་ཟིལ་དཀར་དགོན་གྱི་གྲྭ་ཚུལ་ཁྲིམས་སྐལ་བཟང་སོགས་འཛིན་བཟུང་བྱེད་བཞིན་པའི་སྐབས་ལ། གྲྭ་བསོད་ནམས་ཤེས་རབ་ལགས་ཀྱིས་ཁ་པར་ནང་པར་ལེན་གྱིན་ཡོད་པ་མཐོང་སྟེ་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་
ཕྱི་ལོགས་སུ་གཏོང་མཁན་ཡིན་པའི་ཉེས་མིང་འོག་ཁོང་ཡང་འཛིན་བཟུང་བྱས་ཏེ་ལོ་ ༢ ཀྱི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཅིང་། ཟི་ལིང་ངལ་རྩོལ་སྒྱུར་བཀོད་བཙོན་ཁང་དུ་དགོན་པ་དེའི་གྲྭ་བསོད་ནམས་དགེ་བ་དང་བསོད་ནམས་དབྱིག་གཉེན། བློ་བཟང་ཉི་མ། བསྟན་འཛིན་ཤེས་རབ་སོགས་དང་མཉམ་དུ་བཅུགཡོད་འདུག
ད་ལོའིཕྱིཟླ་ ༥ པཡས་མས་སུ་ངལ་རྩོལ་བསྒྱུར་བཀོད་བ་མེད་པར་གཏོང་སྐབས། བཙོན་གྲོགས་གྲྭ་བ་གཞན་རྣམས་ཀློད་གྲོལ་བཏང་ཡོད་ཀྱང་གྲྭ་བསོད་ནམས་ཤེས་རབ་ཀློད་གྲོལ་བཏང་མེད། གནས་ཚུལ་གང་ཡིན་གསལ་ཁ་མེད་པར་ཟླ་ ༤ ལྷག་ལ་བཀག་ཉར་བྱས་རྗེས་ཟླ་འདིའི་ཚེས་ ༢༣ ཉིན་ཀློད་གྲོལ་ཐོབ་སྟེ་ཕྱིར་རང་དགོན་དུ་ལོག་ཡོད་ཅིང་། སྐབས་དེར་ས་གནས་མི་མང་ཚོས་ཁོང་ལ་ཁ་བཏགས་སྒྲོན་ཏེ་དགའ་བསུ་ཆེན་པོ་བྱས་ཡོད་འདུག དུས་བབ་དྲ་བ་ནས།།