རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

དམེ་རུ་མ་ཡུལ་ཚོར་དམ་དྲག་བྱེད་ཀྱི་འདུག

ཉེ་ལམ་རྔ་པ་རྫོང་དམེ་རུ་མ་ཡུལ་ཚོའི་ཁྲོམ་གཞུང་དུ་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་རྗེས་རྒྱ་གཞུང་གིས་ས་གནས་དེ་ཁུལ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པ་ལྷ་མོ་སྐྱབས་ལགས་ཀྱིས་བརྗོད་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱིཕྱི་དྲོར་ཨ་མདོ་རྔ་པ་ཁུལ་རྔ་པ་རྫོང་དམེ་རུ་མ་ཡུལ་ཚོའི་ཁྲོམ་གཞུང་དུ་རྒྱལ་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག
གནང་རྗེས། རྒྱ་གཞུང་གིས་ས་གནས་བོད་མི་ཁག་ཅིག་འཛིན་བཟུང་བྱས་པ་ལས། རྒྱལ་གཅེས་དཔའ་བོ་དཀོན་མཆོག་ཚེ་བརྟན་ལགས་ཀྱི་ཆུང་མ་ནམ་སྣངལགས་ཀློད་གྲོལ་བཏང་ཡོད་ཀྱང་ གཞན་རྣམས་གང་དུ་ཡོད་མེད་ཤེས་རྟོགས་ཐུབ་མེད་པ་དང་། ད་ལྟའི་ཆར་རྒྱ་གཞུང་དྲག་ཆས་ཉེན་རྟོག་པ་དང་ དམག་མི་སོགས་ཀྱིས་དམེ་རུ་མ་ཡུལ་ཚོའི་མཐའ་བསྐོར་ནས་ཡུལ་མིའི་འགྲོ་འོང་ལ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ས་གནས་བོད་མི་ཚོའི་རླངས་འཁོར་དང་སྦག་སྦག དེ་བཞིན་༸གོང་ས་མཆོག་གི་སྐུ་པར་སོགས་བཙན་འཕྲོག་བྱེད་ཀྱི་ཡོད་ཅིང་། བོད་མི་ཚོས་རླངས་འཁོར་དང་སྦག་སྦག་སྒེར་གྱི་སྒོར་མོ་སྤྲད་ནས་ཉོས་པ་ཡིན་སྟབསསྤྲོད་རྒྱུ་མིན་ཞེས་ལབ་སྟེཉེན་རྟོག་པས་གང་བྱུང་གཅར་རྡུང་བཏང་ཡོད་འདུག
ཉིན་དེའི་གནས་ཚུལ་དངོས་སུ་མཐོང་མཁན་ཞིག་གིས་བརྗོད་པར། དཀོན་མཆོག་ཚེ་བརྟན་ལགས་ཀྱིས་གཟུགས་པོར་སྲིན་བལ་དཀྲིསཏེ་ལྕགས་སྐུད་ཀྱིས་དམ་པོར་བསྡམས་ནས་མེར་བསྲེགས་གནང་ཡོད་འདུག མེཤུགས་ཆེན་པོ་འབར་བཞིན་པའི་སྐབས་སུ་ཁོང་གིས་ལག་གཉིས་ཐལ་མོ་སྦྱར་ཏེ་འབོད་ཚིག་སྒྲོག་གི་ཡོད་པ་ལས་ན་ཟུག་བཟོད་བསྲན་ཐུབ་ཀྱི་མེད་པ་དང་འཇིགས་སྐྲག་སོགས་ཀྱི་རྣམ་པ་གང་ཡང་མེད་ཚུལ་རྗོད་འདུག
ཉིན་འདི་འགར་རྒྱ་གཞུང་གི་དམ་དྲག་ལ་མ་འཛེམས་པར་ཆུ་ཁ་མ་ཡུལ་ཚོ་དང་དམེ་རུ་མ་སོགས་སུ་རྒྱལ་གཅེས་དཔའ་བོ་ཁོང་ལ་འདས་ཆོས་སྒྲུབ་བཞིན་ཡོད་འདུག
གསར་འགོད་པ། པདྨ་མཚོ།
དུས་བབ་དྲ་བ་ནས།།