རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བཞི་མཆོད་ཉིན་ལྷ་སར་དམ་དྲག

མདང་ནུབ་སེ་རའི་བཞི་མཆོད་སྐབས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམ་འཇོག་གིས་དམ་དྲག་ཆེན་པོ་བྱས་ཡོད་འདུག
བསོད་ནམས་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བར། བོད་ཟླ་འདིའི་ཚེས་བཅོ་ལྔ་ནས་བཟུང་རྒྱ་ནག་གཞུང་གིས་ལྷ་སའི་བརྡ་འཕྲིན་བརྒྱུད་ལམ་ཁག་དང་། གནས་མཇལ་བ་དང་ཡུལ་མིའི་འགྲོ་འོང་ཐོག་དམ་དྲག་སྔར་ལས་ཤུགས་ཆེ་རུ་
བཏང་ཡོད་ཅིང་། ར་མོ་ཆེ་གཙུག་ལག་ཁང་གི་ཡང་སྟེང་དང་ཇོ་ཁང་གཡས་གཡོན་གྱི་ཁང་རྩེག་དག་གི་སྟེང་སོགས་སུ་དྲག་ཆས་དམག་མི་དང་ཉེན་རྟོག་པའི་ལྭ་བ་གྱོན་མེད་པའི་གསང་བའི་མི་སྣ་ཆེད་འཛུགས་ཀྱིས་ལྟརྟོག་བྱེད་བཞིན་ཡོད་འདུག ལྷག་པར་དུ་ཁ་སང་བོད་ཟླ་ ༡༠ ཚེས་ ༢༤ སྟེ་སེ་རའི་བཞི་མཆོད་ཆེན་མོའི་ཉིན། ལྷ་སའི་གཙུག་ལག་ཁང་གི་མདུན་དང་སྐོར་ལམ་གང་སར་རྒྱ་གཞུང་གིདམག་མི་ཕོན་ཆེན་འགྲེམ་འཇོག་བྱས་ཏེ། ཆོས་མཇལ་བ་རྣམས་ལ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་འདུག  

གསར་འགོད་པ། པདྨ་མཚོ།
དུས་བབ་དྲ་བ་ནས།།