རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

རྒྱ་གཞུང་གི་ཉེན་རྟོག་པས་ཡུ་གུར་པ་༨ བསད་འདུག


དེ་རིང་གཟའ་ཟླ་བའི་ཉིན་ཞིན་ཅང་ས་ཁུལ་གྱི་ཡུ་གར་པ་འདུ་སྡོད་བྱེད་སའི་ས་གནས་ཞིག་ཏུ་སླར་ཡང་རྒྱ་གཞུང་གི་ས་གནས་ཉེན་རྟོག་པ་ཚོས་ཡུ་གུར་པ་མི་བརྒྱད་
ལ་མེ་མདའ་བརྒྱབ་ནས་དམར་གསོད་བྱས་འདུག་ཅིང་། རྒྱ་ནག་གཞུང་གི་འབྲེལ་གསར་ཁང་ཁག་གིས་གནས་ཚུལ་སྤེལ་པ་ལྟར་ན། ད་རེས་ཀྱི་དོན་རྐྱེན་དེ་ཉེན་རྟོག་པ་ཚོས་སྟ་རེ་དང་གྲི་འཁྱེར་ནས་ཚུར་རྒོལ་བྱེད་མཁན་འཇིགས་སྐུལ་དྲག་སྤྱོད་པ་ཚོར་རྒོལ་ལན་སློག་ནས་ཡུ་གུར་པ་དེ་དག་ལ་འཆི་སྐྱོན་བྱུང་བ་དང་། རྒྱ་ནག་གི་ངོས་ནས་མུ་མཐུད་དུ་དྲག་སྤྱོད་པར་རྒོལ་ལན་དྲག་པོ་སློག་རྒྱུ་ཡིན་ཞིག་ཉེན་བརྡ་བཏང་འདུག་པའི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད། ཨ་རིའི་རླུང་འཕྲིན་ཁང་ནས།