རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

མགོ་ལོག་ས་ཁུལ་དུ་དམ་བསྒྲགས་དང་བོད་མི་འཛིན་བཟུང་བྱེད་བཞིན་པའི་སྐོར།

03༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༡ ཉིན་མགོ་ལོག་ཁུལ་པདྨ་རྫོང་ཁོངས་ཇོ་ནང་ཨ་སྐྱོང་དགོན་པའི་དགེ་འདུན་པ་ཚེ་རིང་རྒྱལ་ལགས་ཀྱིས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བའི་གནས་ཚུལ་ཐོན་རྗེས། རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་ས་གནས་སུ་དམ་བསྒྲགས་ཆེན་པོ་བྱེད་བཞིན་པ་མ་ཟད། པདྨ་རྫོང་ཁོངས་སུ་ཡོད་པའི་ཇོ་
ནང་ཨ་སྐྱོང་དགོན་པས་གཙོས་དགོན་སྡེ་ཁག་གི་དགེ་འདུན་པ་སོགས་ལ་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད་འདུག་པ་དང་། ས་གནས་སུ་སེར་སྐྱ་མི་མང་ལ་དྲག་པོའི་རྣམ་པའི་ཐོག་ནས་འཇིགས་བསྐུལ་བྱ་རྒྱུའི་ཆེད།
3dec2013 golok tro (copy)ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༤ ཉིན་མགོ་ལོག་ཁུལ་དུ་ཡོད་པའི་གེ་སར་ཐང་ཞེས་པར་དམིགས་བསལ་དྲག་ཆས་ཉེན་རྟོག་དམག་མིས་དྲག་རྩལ་སྦྱོང་བརྡར་བྱས་ཏེ་དྲག་ཆས་ཉེན་རྟོག་པའི་དྲག་རྩལ་དང་གོ་ལག་འཕྱར་ཏེ་ཞི་བའི་སེར་སྐྱ་མི་མང་ལ་འཇིགས་བསྐུལ་གྱི་སྦྱོང་བརྡར་སྤེལ་ཡོད་འདུག ཕྱོགས་མཚུངས་ཕྱི་ཟླ་ ༡༢ ཚེས་ ༩ ཉིན་ས་གནས་སྤྱི་བདེ་ཉེན་རྟོག་པས་ཇོ་ནང་ཨ་སྐྱོང་དགོན་པའི་དགེ་འདུན་པ་བདེ་ལོ་སྐྱབས་ལགས་དང་། ཆོས་འཕགས་སྐྱབས་ལགས་གཉིས་ཀྱང་འཛིན་བཟུང་བྱས་ཡོད་འདུག་ཅིང་། རྫོང་དེ་གའི་ཁོངས་ཀྱི་དགོན་པ་གཅིག་གི་མཁན་པོའི་ཤག་ཏུ་སྔོག་བཤེར་བྱས་པ་དང་། བོད་རིགས་བུད་མེད་དགེ་རྒན་ཞིག་ལ་རང་ལུས་མེར་སྲེག་གི་ལས་འགུལ་དང་འབྲེལ་བ་ཡོད་པར་བསྙད་དེ་ཉེན་རྟོག་པས་ཉེས་རྡུང་བཏང་སྟེ་སྨན་ཁང་དུ་ལུས་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་འདུག
རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་འཐོན་བཞིན་པའི་ཞི་བའི་ལས་འགུལ་མཐའ་དག་གི་འབྱུང་རྐྱེན་ལ་བསམ་གཞིགས་མ་བྱས་པར། དྲག་པོའི་ཐབས་ལམ་ཁོ་ནས་ཐག་གཅོད་བྱ་རྒྱུའི་ཐབས་ལམ་བེད་སྤྱོད་བྱས་ཏེ་བོད་ཁུལ་ཁྱོན་ཡོངས་སུ་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་མ་ཟད།


    06དམིགས་བསལ་དྲག་ཆས་ཉེན་རྟོག་པ་བེད་སྤྱོད་ཀྱིས་བོད་ཀྱི་ས་གནས་ཁག་ཏུ་དྲག་པོའི་དམག་སྦྱོང་བྱས་ཏེ་ཞི་བའི་མི་སེར་ལ་འཇིགས་བསྐུལ་བྱ་རྒྱུའི་ལས་འགུལ་འདི་ནི་ད་རེས་མགོ་ལོག་ཁུལ་དུ་སྤེལ་བ་ཙམ་མ་ཡིན་པར། ད་བར་ལྷ་ས་དང་། རྔ་པ། དཀར་མཛེས། འབྲི་རུ་སོགས་སུ་སྔ་རྗེས་སུ་སྤེལ་ཏེ་ཞི་བའི་སེར་སྐྱ་མི་མང་ལ་འཇིགས་བསྐུལ་གྱི་ལས་འགུལ་རྩོམ་བཞིན་ཡོད་འདུག   བོད་གཞུང་དྲ་བ་ནས།།