དེ་ རིང་ ཞོགས་ པར་ སྡེ་ དགེ་ དགོན་ ཆེན་ དང་ དཔོན་ མདའ་ རུ་ དམག་ མི་ འབོར་ ཆེན་ འབྱོར་ ཏེ་ ཉེ་ ཆར་ ས་ འོག་ ཕུག་ ལམ་ བཟོ་ བར་ བཀག་ འགོག་ བྱེད་ མཁན་ གྱི་ ཉེས་ འཛུགས་ འོག་ བོད་ མི་ མང་ པོ་ འཛིན་ བཟུང་ བྱས་ ཡོད་ འདུག
བོད་ ནས་ གནས་ ཚུལ་ འབྱོར་ བ་ ལྟར་ ན། དེ་ རིང་ ཞོགས་ པར་ སྡེ་ དགེ་ དགོན་ ཆེན་ དང་ དཔོན་ མདའ་ རུ་ རྒྱ་ ནག་ གི་ དམག་ མི་ ཕོན་ ཆེན་ གློ་ བུར་ དུ་ འབྱོར་ ཏེ། འདས་ ལོའི་ ཕྱི་ ཟླ་ ༡༢ ཚེས་ ༢༧ ཉིན་ ས་ འོག་ ཕུག་ ལམ་ གྱི་ ལས་ གཞིར་ བཀག་ འགོག་ བྱེད་ མཁན་
འདས་ ལོའི་ ཕྱི་ ཟླ་ ལྔ་ པ་ དྲུག་ པ་ ཙམ་ ནས་ བཟུང་ རྒྱ་ གཞུང་ གིས་ སྡེ་ དགེ་ མཐིལ་ ནས་ ས་ འོག་ ཕུག་ ལམ་ བཟོ་ འཆར་ གྱིས། ལོ་ དེའི་ ཕྱི་ ཟླ་ ༥ པའི་ ཚེས་ ༢༠ ཉིན་ ལས་ མི་ དང་ འཕྲུལ་ ཆས་ ཆེད་ གཏོང་ གིས་ ལས་ གཞི་ མགོ་ འཛུགས་ ཀྱི་ མཛད་ སྒོ་ བསྡུས་ ཡོད་ སྟབས། ས་ གནས་ བོད་ མི་ ཚོས་ ས་ བརྐོ་ རྡོ་ སློག་ བྱས་ ཏེ་ ས་ འོག་ ཕུག་ ལམ་ བཟོས་ ན་ ས་ གནས་ མི་ མང་ གི་ འཚོ་ བར་ བརྡབ་ གསིག་ དང་ ཁོར་ ཡུག་ ལ་ གཏོར་ སྐྱོན་ ཐེབས་ ངེས་ ཡིན་ སྟབས། ལས་ གཞི་ དེ་ མཚམས་ འཇོག་ བྱེད་ དགོས་ པའི་ ཞུ་ གཏུག་ རིམ་ པར་ བྱས་ ཀྱང་ ། གཞུང་ གིས་ ཉན་ འཇོག་ མ་ བྱས་ པར་ ལས་ གཞི་ མགོ་ འཛུགས་ བྱས་ ཡོད་ པ་ མ་ ཟད། བཙན་ ཤེད་ ཀྱིས་ ཁྱིམ་ ཚང་ མང་ པོ་ གནས་ སྤོར་ དུ་ བཅུག་ པ་ དང་ སྡོད་ ཁང་ མང་ པོ་ གས་ ཞིག་ ཕྱིན་ པ། ཁག་ ཅིག་ ལ་ རྡིབ་ སྐྱོན་ བྱུང་ བ་ སོགས་ ས་ གནས་ མི་ མང་ ལ་ བརྡབ་ གསིག་ ཆེན་ པོ་ བཏང་ ཡོད་ སྟབས། འདས་ ལོའི་ ཕྱི་ ཟླ་ ༡༢ ཚེས་ ༢༧ ཉིན་ ས་ གནས་ བོད་ མི་ ༡༠༠ ཡས་ མས་ ཤིག་ ས་ འོག་ ཕུག་ ལམ་ རྒྱག་ སར་ འཛོམས་ ཏེ་ བཀག་ འགོག་ བྱས་ ཡོད་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།