
ཟླ་ སྔོན་ མའི་ ཕྱི་ ཚེས་ ༦ ཉིན་ གྱི་ མཚན་ མོར་ སི་ ཁྲོན་ ཁྲིན་ ཏུའུ་ གྲོང་ ཁྱེར་ ནས་ རྒྱ་ གཞུང་ གིས་ འཛིན་ བཟུང་ བྱས་ པའི་ ཡུལ་ ཤུལ་ ནང་ ཆེན་ ཇ་ པ་ དགོན་ པའི་ མཁན་ པོ་ ཀར་ ཚེ་ ལགས་ ད་ ལྟ་ ཆབ་ མདོར་ བཀག་ ཉར་ བྱས་ ཡོད་ པ་ དང་ ། ཕྱི་ ཚེས་ ༣༡
ཉིན་
སྐབས་ དེར་ མཁན་ པོས་ ནང་ ཆེན་ རྫོང་ གི་ ཉེན་ རྟོག་ པ་ བརྒྱུད་ ས་ གནས་ མི་ མང་ ལ་ ཕྱག་ བྲིས་ ཤིག་ བསྐུར་ ཡོད་ པའི་ ནང་ ། ད་ ལྟ་ ཁོང་ ཆབ་ མདོའི་ བཀག་ ཉར་ ཁང་ ན་ ཡོད། རྡུང་ རྡེག་ དང་ ནད་ སྐྱོན་ སོཊ་ གང་ ཡང་ མེད་ པས་ དགོན་ སྡེ་ གྲྭ་ ཚང་ དང་ ། མི་ སྡེ་ ཡོངས་ ལ་ སེམས་ ཁུར་ ཆེན་ པོ་ མི་ བྱེད་ རྒྱུའི་ རེ་ བ་ ཞུ། ཁྱད་ པར་ དུ་ དགོན་ པའི་ བཤད་ སྒྲུབ་ ཀྱི་ བྱ་ བ་ དང་ ། མི་ སྡེའི་ རྒྱུན་ ལྟར་ གྱི་ འཚོ་ བ་ རྒྱུན་ འཁྱོངས་ གནང་ རྒྱུ་ ནི་ ཕུགས་ རྒྱང་ རིང་ པོའི་ མདུན་ ལམ་ ཡིན་ པས་ ངོས་ རང་ གི་ ཆེད་ དུ་ མི་ གཅིག་ ཀྱང་ དཀའ་ ངལ་ མི་ འཕྲད་ པ་ གནང་ རོགས་ ཞེས་ རེ་ བ་ ནན་ མོ་ ཞུ་ རྒྱུ་ ཡིན། ཞེས་ བཀོད་ ཡོད་ འདུག
ཟླ་ སྔོན་ མའི་ ཚེས་ ༡༨ ཉིན། ནང་ ཆེན་ རྫོང་ ཇ་ པ་ དགོན་ པའི་ གྲྭ་ མང་ དང་ ། ས་ གནས་ མི་ མང་ ༢༠༠ ལྷག་ འདུ་ འཛོམས་ ཀྱིས་ དགོན་ པ་ ནས་ མགོ་ བརྩམས་ ཏེ། ལག་ ཏུ་ བོད་ རྒྱ་ ཡིག་ རིགས་ གཉིས་ ཐོག “ དགེ་ རྒན་ དང་ བྲལ་ བའི་ སློབ་ མ་ རྣམས་ ཀྱི་ དཀའ་ ངལ་ ལ་ གཟིགས་ རོགས། མཁན་ པོ་ ཀར་ ཚེ་ བཙོན་ གྲོལ་ གཏོང་ རོགས།”ཞེས་ པའི་ འཕྲེད་ དར་ ཕྱར་ བ་ དང་ སྐད་ འབོད་ བྱེད་ བཞིན་ སྦྱི་ ལེ་ ༡༠ ཙམ་ གྱི་ སར་ ཡོད་ པའི་ ནང་ ཆེན་ རྫོང་ ཐོག་ ཏུ་ གོམ་ བགྲོད་ བྱེད་ སྐབས། གིས་ མཁན་ ཀློད་ གྲོལ་ གཏོང་ དགོས་ པའི་ ཞི་ འབོད་ གོམ་ བགྲོད་ ཅིག་ གནང་ སྟེ་ རྫོང་ ཐོག་ ཏུ་ བསྐྱོད་ འབྱོར་ གྲབས་ སྐབས། རྫོང་ དཔོན་ སོགས་ མཐོ་ རིམ་ དཔོན་ རིགས་ ཁག་ ཅིག་ བསླེབས་ ཏེ། མི་ མང་ ལ་ ཁྱོད་ ཚོས་ ལས་ འགུལ་ དེ་ འདྲ་ མ་ སྤེལ་ དང་ མཁན་ པོ་ མགྱོགས་ པོར་ ཀློད་ གྲོལ་ ཡོང་ བ་ ང་ ཚོས་ འགན་ ཁུར་ ཆོག་ ཅེས་ སོགས་ བརྗོད་ དེ་ མི་ མང་ གིས་ གོམ་ བགྲོད་ མཚམས་ བཞག་ ཡོད་ འདུག


གསར་ འགོད་ པ། དོན་ གོ
དུས་བབ་དྲ་བ་ནས།།