རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

གླུ་བ་རྟ་མགྲིན་ཚེ་རིང་གི་ཆེད་བསྒྲིགས་གསར་བ《ཕ་སའི་བརྩེ་བ》འགྲེམ་སྤེལ་བྱས་པ།

ཉེ་ཆར། བོད་ཀྱི་ན་གཞོན་གླུ་བ་རྟ་མགྲིན་ཚེ་རིང་ལགས་ཀྱི་གླུ་གཞས་ཆེད་བསྒྲིགས་བརྩམས་ཆོས་བརྙན་འཁོར་གསུམ་པ《ཕ་སའི་བརྩེ་བ》ཞེས་པ་འགྲེམ་སྤེལ་བྱས། གླུ་གཞས་ཆེད་བསྒྲིགས་དེའི་ཁྲོད་མི་རིགས་ཀྱི་ཁྱད་ཆོས་དང་དར་ཆེ་བའི་སྲོལ་ལུགས་ལེགས་པོར་ཟུང་དུ་སྦྲེལ་ནས། འགྱུར་ཁུགས་སྙན་མོ་དང་གཞས་འབྲུ་དྲོན་མོ་ལས་གཞས་མོས་པ་རྣམས་ལ་ཐུན་མོང་མ་ཡིན་པའི་ཚོར་བ་ཞིག་བསྐྱེད་ངེས། 
གླུ་བ་རྟ་མགྲིན་ཚེ་རིང་ལགས་ཀྱིས༢༠༡༠ལོར《བླ་བྲང་གི་བུ་མོ》ཞེས་པའི་ཆེད་བསྒྲིགས་འགྲེམ་སྤེལ་བྱས་ནས་བོད་ཁམས་ཀྱི་སྒྲ་བརྙན་ཚོང་རའི་སྟེང་བྲིན་སྐྱེན་པོའི་ཆེད་བསྒྲིགས་ཨང་རིམ་གཉིས་པར་སོན་ཞིང་། དཔེར་ན་ཆེད་བསྒྲིགས་དེའི་ཁྲོད་ཀྱི་གླུ་གཞས《ཕ་ཡུལ་རྒན་གྱ》དང《དྲན་གདུང་གི་ལེགས་སྐྱེས》། 《ཁ་བ་ཅན》སོགས་ལ་བོད་ཁམས་སུ་དར་ཁྱབ་ཏུ་སོང་། མཚོ་སྔོན་པོ་དྲ་བ་ནས།