རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

རྒྱ་ནག་གིས་མཁའ་དབུགས་གཙང་བཟོའི་དམིགས་འབེན་བཟུང་བ།

༢༠༡༣ ལོའི་རྒྱ་ནག་གི་མཁའ་དབུགས་སྦག་བཙོག་ཧ་ཅང་ཚབས་ཆེན་བ་དང་རྒྱལ་སྤྱིའི་ཐོག་ནས་ཀྱང་། དེའི་སྐོར་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་མ་ཟད། རྒྱ་ནག་ནང་ཁུལ་དུའང་ངོ་རྒོལ་བྱེད་མཁན་མང་པོ་བྱུང་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་མ་འོངས་པའི་ལོ་༣ ནང་ཚུད་དུ་གྲོང་ཁྱེར་སོ་སོའི་མཁའ་དབུགས་སྦག་བཙོག་བརྒྱ་ཆ་༢༥ ཉུང་དུ་གཏོང་རྒྱུའི་འཆར་གཞི་བཏོན་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་༧ ཉིན་རྒྱ་ནག་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གིས་བཀའ་རྒྱ་ཞིག་བསྒྲགས་ཡོད་པའི་ནང་། དབུས་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་དམིགས་འབེན་དུ་བཟུང་བའི་ཐག་གཅོད་འོག་མཁའ་དབུགས་སྦག་བཙོག་ནང་གི་བཙོག་དངོས་རིགས། PM2.5 དང་PM10 རྟགས་ཅན་གཉིས་ཉུང་དུ་གཏོང་རྒྱུའི་དམིགས་འབེན་བཟུང་ཏེ། ས་ཁུལ་སོ་སོའི་མཁའ་དབུགས་སྦག་བཙོག་ཟིན་ཐོ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་ལ་གཞིགས་པའི་ཐག་གཅོད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
པེ་ཅིང་དང་ཐེ་ཅིང་སོགས་མཁའ་དབུགས་སྦག་བཙོག་ཅུང་ཚབས་ཆེ་བ་དང་དཔལ་འབྱོར་འཕེལ་རྒྱས་ཡོད་པའི་ས་ཁུལ་དང་། དེའི་ཉེ་འཁོར་གྱི་ཧི་པེ་ཞིང་ཆེན་དུ་ཕྱི་ལོ་༢༠༡༧ ལོའི་སྔོན་ལ་ངེས་པར་དུ་མཁའ་དབུགས་ཁྲོད་ཀྱི་སྦག་བཙོག་དངོས་གཟུགས་བརྒྱ་ཆ་༢༥ ཉུང་དུ་གཏོང་དགོས་པ་དང་། ནང་སོག་སོགས་སུ་བརྒྱ་ཆ་༡༠ ཉུང་དུ་གཏོང་དགོས་པའི་གཏན་འབེབས་བྱས་འདུག
རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་མང་པོས་སྲིད་གཞུང་གི་ཐག་གཅོད་དེར་དགའ་བསུ་ཞུས་ཡོད་པ་དང་། དེ་ནི་དབུས་སྲིད་གཞུང་གིས་གྲོང་ཁྱེར་ནང་གི་མི་སེར་གྱི་བདེ་ཐང་ཕན་པའི་གལ་ཆེའི་ཐག་གཅོད་ཅིག་ཡིན་སྐོར་བརྗོད་ཡོད་ནའང་། ཁ་ཅིག་གིས་གྲོང་ཁྱེར་སོ་སོའི་སྲིད་གཞུང་གིས་གོང་རིམ་གྱི་བཀའ་ལྟར་ལག་ལེན་བསྟར་མིན་དོགས་སློང་བྱས་ཡོད་པ་རེད།
ཤིན་ཧ་སློབ་གྲྭ་ཆེན་མོའི་སློབ་དཔོན་མཱ་ཡུང་ལེའོ་ཡིས་བརྗོད་དོན། འཆར་གཞི་དེ་དག་ལག་ལེན་ཧ་ཅང་བསྟར་ཁག་པོ་རེད། རྒྱུ་མཚན་ནི་རྒྱལ་ཁབ་ཀྱིས་ད་དུང་རྗེས་ལུས་ཀྱི་ས་ཁུལ་མང་པོ་ཞིག་གི་དཔལ་འབྱོར་ཡར་རྒྱས་གཏོང་དགོས། དཔལ་འབྱོར་འཕེལ་རྒྱས་ལ་ཐོན་ཁུངས་ཀྱི་དགོས་མཁོའི་གྲངས་ཚད་འགྱུར་བ་གཏོང་སྲིད་པ་དང་། རྡོ་སོལ་གྱི་དགོས་མཁོའི་ཚད་གཞི་ད་དུང་མུ་མཐུད་དུ་འཕར་བཞིན་པ་རེད་ཅེས་བརྗོད་འདུག
རྡོ་སོལ་ནི་རྒྱ་ནག་གི་ནུས་ཤུགས་ཐོན་ཁུངས་ཆེས་ཆེ་ཤོས་དེ་ཡིན་པ་དང་། མཁའ་དབུགས་སྦག་བཙོག་འབྱུང་ཁུངས་གཙོ་བོ་གཅིག་ཡིན་པ་རེད། རྒྱ་ནག་སྲིད་གཞུང་གིས་མུ་མཐུད་དུ་ནུས་ཤུགས་ཐོན་ཁུངས་སྣ་མང་ཅན་དུ་བསྒྱུར་ཏེ། མ་འོངས་པའི་རྡོ་སོལ་ཐོན་སྐྱེད་ལ་ཚོད་འཛིན་བྱེད་བཞིན་ཡོད་ནའང་། ཉི་འོད་ཤུགས་ཚད་དང་རླུང་ཤུགས་དེ་བཞིན་གློག་ཤུགས་སོགས་སྐྱོན་མེད་ནུས་ཤུགས་རིན་གོང་མཐོ་བ་དང་། ལྟོས་ས་ལྟོས་འཇོག་གི་ཉུང་བ་ཡོད་པས། རྡོ་སོལ་ནི་མགྱོགས་ཚད་མྱུར་བ་དང་སྒོ་འབྱེད་སླ་ཞིང་མི་རྣམས་ཀྱིས་དང་དུ་བླངས་བའི་བདམ་ཀ་གཅིག་པུ་དེ་ཆགས་ཡོད་པ་རེད།
མཱ་ཡུང་ལེའོ་ཡིས་བརྗོད་པ་ལྟར་ན། རྡོ་སོལ་གྱི་ཐོན་སྐྱེད་དང་བཀོལ་སྤྱོད་ཉུང་དུ་གཏོང་དགོས་ན། ངེས་པར་དུ་རྒྱ་ནག་གི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྒྲོམ་གཞི་བསྐྱར་བཅོས་བྱེད་དགོས། ཡིན་ནའང་དེས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐོན་ངེས་རེད་ཅེས་བརྗོད་འདུག
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་བརྗོད་པ་ལྟར་ན། རྒྱ་ནག་གི་མཁའ་དབུགས་སྦག་བཙོག་གིས་ལོ་རེར་མི་ཁྲི་༥༠ ལྷག་རྐྱེན་ལམ་དུ་གཏོང་བཞིན་པ་དང་། དེ་ནི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་མཉམ་དུ་བྱུང་བའི་མཇུག་འབྲས་ངན་པ་གཅིག་ཡིན་པ་རེད། བང་ཆེན་དྲ་བ་ནས།