ཨ་ རིའི་ གྲོས་ ཚོགས་ འོག་ མའི་ ནང་ བརྡ་ འཕྲིན་ སྐོར་ ལ་ གྲོས་ ཆོད་ ཅིག་ བཞག་ ཡོད་ པའི་ ནང་ མ་ འོངས་ པར་ ཨ་ རིའི་ རླུང་ འཕྲིན་ ཁང་ གི་ གསར་ འགྱུར་ དང་ ལས་ རིམ། བརྗོད་ བྱ་ སོགས་ ལ་ གཞུང་ གིས་ སྟངས་ འཛིན་ བྱ་ རྒྱུ་ འཁོད་ ཡོད་ འདུག
ཉེ་ ལམ་ ཕྱི་ ཟླ་ ༧ ཚེས་ ༢༨ ཉིན་ ཨ་ རིའི་ གྲོས་ ཚོགས་ འོག་ མའི་ ནང་ ། ༢༠༡༤ ལོའི་ ཨ་ རིའི་ རྒྱལ་ སྤྱིའི་ བརྡ་ འཕྲིན་ བཅོས་ སྒྱུར་ ཁྲིམས་ (H.R. 4490)ཟེར་ བའི་ ཁྲིམས་ ཀྱི་ གྲོས་ གཞི་ དེར། དམངས་ གཙོ་ ཚོགས་ པ་ དང་ སྤྱི་ མཐུན་ ཚོགས་ པ་ གཉིས་ ཀས་ དགག་ བྱ་
ཨ་ རིའི་ གྲོས་ ཚོགས་ འོག་ མའི་ (H.R. 4490) ཞེས་ པའི་ གྲོས་ གཞི་ དེར་ ནང་ དོན་ མང་ པོ་ ཞིག་ ཡོད་ ཀྱང་ ། བོད་ པ་ ཚོ་ དང་ འབྲེལ་ བ་ ཡོད་< པའི་ གནད་ དོན་ གཙོ་ བོ་ ཞིག་ ནི། སྡེ་ ཚན་ (SEC 124) ཞེས་ པའི་ ནང་ ། "ཨ་ རིའི་ རླུང་ འཕྲིན་ ཁང་ གི་ གསར་ འགྱུར་ དང་ ། ལས་ རིམ། བརྗོད་ བྱ་ ལ་ ཚོད་ འཛིན་ བྱ་ རྒྱུ། ཁུ་ བྷ་ [རྒྱལ་ ཁབ་ ]ལ་ རྒྱང་ སྲིང་ བྱེད་ པར་ དམིགས་ གསལ་ ཡོད" (Limitation on voice of America news, programming, and content; exception for broadcasting to Cuba) ཞེས་ པ་ ཞིག་ ཡོད་ པ་ དེ་ ཡིན་ འདུག
གོང་ གསལ་ གནས་ ཚུལ་ སྐོར་ འདི་ གར་ རྩོམ་ ཡིག་ ཅིག་ འབྱོར་ བ་ ལྟར་ ན། བོད་ སྐད་ སྡེ་ ཚན་ ལ་ ཆ་ བཞག་ ན། རྗེས་ ཕྱོགས་ ཨ་ རིའི་ རླུང་ འཕྲིན་ ཁང་ གི་ བོད་ སྐད་ སྡེ་ ཚན་ གྱི་ ལས་ རིམ་ དེ་ དག་ ལ་ ཨ་ རིའི་ གཞུང་ གིས་ སྟངས་ འཛིན་ བྱས་ ཏེ། ཨ་ རིའི་ གཞུང་ གི་ ལྟ་ བ་ དང་ སྲིད་ ཇུས་ རྒྱང་ སྲིང་ བྱེད་ རྒྱུ་ ཡིན་ པ་ ལས། ཨ་ རིའི་ གཞུང་ གིས་ བོད་ ཀྱི་ གསར་ འགྱུར་ བཤད་ རྒྱུར་ ཚོད་ འཛིན་ བྱེད་ རྒྱུ་ ཡིན་ པ་ གྲོས་ གཞི་ དེའི་ ཤུགས་ སུ་ བསྟན་ ཡོད་ ཅིང་ ། ཁུ་ བྷ་ ལྟ་ བའི་ གསར་ འགྱུར་ ལ་ རང་ དབང་ སྤྲད་ དེ་ ཚོད་ འཛིན་ མི་ བྱེད་ པ་ གྲོས་ གཞི་ དེའི་ ནང་ དངོས་ སུ་ གསལ་ ཡོད་ འདུག
སྤྱིར་ ཨ་ རིའི་ གཞུང་ ལ་ (BBG) ཨ་ རིའི་ རྒྱང་ བསྒྲགས་ འཛིན་ སྐྱོང་ ལྷན་ ཚོགས་ ཞེས་ པ་ དེས་ ཨ་ རིའི་ རླུང་ འཕྲིན་ ཁང་ ལ་ སྟངས་ འཛིན་ བྱེད་ ཀྱིན་ ཡོད་ ཀྱང་ ། གྲོས་ གཞི་ གསར་ པ་ དེའི་ ནང་ ཨ་ རིའི་ རྒྱང་ བསྒྲགས་ འཛིན་ སྐྱོང་ ལྷན་ ཚོགས་ མེད་ པར་ བཏང་ སྟེ། དེའི་ ཚབ་ ལ་ གསར་ དུ། རང་ དབང་ གསར་ འགྱུར་ འབྲེལ་ ལམ་ ལྷན་ ཚོགས་ (Board of the Freedom News Network)ཟེར་ བ་ ཞིག་ འཛུགས་ རྒྱུ་ ཡིན་ སྐོར་ འཁོད་ ཡོད་ པ་ དང་ ། ལྷན་ ཚོགས་ དེས་ ཨ་ རིའི་ རླུང་ འཕྲིན་ ཁང་ ལྟ་ བུའི་ རྒྱང་ སྲིང་ ལས་ ཁུངས་ ཁག་ གི་ འཛིན་ སྐྱོང་ ལ་ སྟངས་ འཛིན་ བྱེད་ རྒྱུ་ ཡིན་ པ་ མ་ ཟད། གསར་ འགྱུར་ དང་ བརྗོད་ བྱ་ སོགས་ ལ་ ཡང་ སྟངས་ འཛིན་ བྱེད་ རྒྱུ་ ཡིན་ སྐོར་ འཁོད་ ཡོད་ འདུག
གྲོས་ ཆོད་ དེའི་ ནང་ གི་ "གསར་ འགྱུར་ རང་ དབང" ཞེས་ པ་ དེར་ ཨ་ རིའི་ གཞུང་ གིས་ འགྲེལ་ བཤད་ ཇི་ ལྟར་ རྒྱག་ གི་ ཡོད་ མེད་ དོགས་ གཞི་ ཡིན་ ཡང་ ། རྒྱལ་ མཚམས་ མེད་ པའི་ གསར་ འགོད་ མཐུན་ ཚོགས་ (Reporters Without Borders) ཀྱིས་ ཁྲིམས་ གཞི་ དེ་ ལ་ སྐྱོན་ བརྗོད་ བྱས་ ཡོད་ འདུག དེ་ བཞིན། ཨ་ རིའི་ ཁཱ་ ལི་ ཧྥོ་ ཉེ་ ཡའི་ མངའ་ སྡེའི་ (Annenberg)ཟེར་ བའི་ ས་ ཆར་ ཡོད་ པའི་ ལྷོ་ ཁཱ་ ལི་ ཧྥོ་ ཉེ་ ཡའི་ སློབ་ ཆེན་ གྱིས་ ཀྱང་ ཁྲིམས་ ཀྱི་ གྲོས་ གཞི་ དེའི་ སྐོར་ ལ་ ཞིབ་ འཇུག་ བྱས་ ཏེ། (USC)ཞེས་ པའི་ དྲ་ ཚིགས་ སྟེང་ སྐྱོན་ བརྗོད་ ཀྱི་ རྩོམ་ ཡིག་ སྤེལ་ ཡོད་ འདུག
འདི་ གར་ འབྱོར་ བའི་ རྩོམ་ ཡིག་ དེའི་ མགོར་ "ཨ་ རིའི་ རླུང་ འཕྲིན་ ཁང་ གིས་ སྤྱི་ ལོ་ ༡༩༩༠ ལོ་ ནས་ བཟུང་ བོད་ སྐད་ སྡེ་ ཚན་ བཙུགས་ ཏེ། ལོ་ དུ་ མའི་ རིང་ ལ་ བོད་ སྐད་ རླུང་ འཕྲིན་ གསར་ འགྱུར་ བོད་ དུ་ མཁོ་ སྒྲུབ་ བྱས་ ཡོད་ པ་ དང་ ། རྗེས་ སུ་ བརྙན་ འཕྲིན་ ལས་ རིམ་ བརྒྱུད་ དེ་ ཀུན་ གླེང་ གསར་ འགྱུར་ དང་ ཀུན་ གླེང་ ལས་ རིམ་ ལ་ སོགས་ པའི་ ལེ་ ཚན་ དུ་ མར་ བརྟེན་ ནས། རང་ དབང་ མེད་ པའི་ བོད་ ནང་ གི་ བོད་ པ་ དང་ ། བཙན་ བྱོལ་ བོད་ པ་ རྣམས་ ལ་ བོད་ དང་ ཕྱི་ རྒྱལ་ གྱི་ གསར་ འགྱུར་ སྣ་ ཚོགས་ ཀྱི་ མཐུན་ རྐྱེན་ སྒྲུབ་ སྟེ་ བོད་ ཕྱི་ ནང་ གཉིས་ ལ་ ཕན་ པ་ རྒྱ་ ཆེན་ པོ་ ཐོབ་ ཡོད། དེ་ ཡང་ ཨ་ རིའི་ གཞུང་ འཛིན་ ཚོགས་ པ་ གཉིས་ མཐུན་ མོང་ གི་ རྒྱབ་ སྐྱོར་ ལ་ བརྟེན་ ནས་ བོད་ སྐད་ སྡེ་ ཚན་ འདི་ བཙུགས་ པ་ རེད" ཅེས་ འཁོད་ འདུག
རྩོམ་ ཡིག་ གི་ མཇུག་ ཏུ། "གལ་ སྲིད་ བོད་ སྐད་ སྡེ་ ཚན་ ལྟ་ བུས་ ཨ་ རི་ དང་ རྒྱལ་ སྤྱིའི་ གསར་ འགྱུར་ བཤད་ པ་ ལས་ བོད་ ཀྱི་ ས་ གནས་ གྱི་ གསར་ འགྱུར་ བཤད་ རྒྱུ་ མིན་ པ་ ཡིན་ ཚེ། ཨ་ རིའི་ རླུང་ འཕྲིན་ ཁང་ གི་ བོད་ སྐད་ སྡེ་ ཚན་ གྱིས་ བོད་ ལ་ ཕན་ ཅི་ ཙམ་ ཐོགས་ རྒྱུ་ ཡིན་ མིན་ དྲི་ བ་ ཞིག་ དང་ ། གལ་ ཏེ་ ཨ་ རིའི་ རླུང་ འཕྲིན་ ཁང་ གི་ བོད་ སྐད་ རླུང་ འཕྲིན་ དང་ བརྙན་ འཕྲིན་ གྱིས་ བོད་ ཀྱི་ གསར་ འགྱུར་ མ་ བཤད་ པ་ ཡིན་ ན། བོད་ ཕྱི་ ནང་ གཉིས་ ཀྱིས་ ཕན་ ཚུན་ གྱི་ གསར་ འགྱུར་ ལྟ་ ཉན་ མི་ ཐུབ་ པ་ ཆགས་ ངེས་ ལ། ད་ ལྟ་ ཡིན་ ན་ ཨ་ རིའི་ ཀུན་ གླེང་ ལས་ རིམ་ ནི་ བོད་ ཕྱི་ ནང་ གཉིས་ ཀྱི་ གསར་ འགྱུར་ རྒྱུད་ ལམ་ ཆེ་ ཤོས་ ཤིག་ ཆགས་ ཡོད། ཆེ་ བ་ ཆུང་ དུ་ གཏོང་ བཞིན་ པ་ དང་ ། ཆུང་ བ་ མེད་ པར་ བཟོ་ སྲིད་ པའི་ གནས་ ཚུལ་ འདི་ ལ་ ཨ་ རིར་ ཡོད་ པའི་ བོད་ མི་ ཚོ་ དང་ ། དབུས་ བོད་ མའི་ སྒྲིག་ འཛུགས། ཨ་ རིའི་ བོད་ ཀྱི་ དོན་ གཅོད་ ཁང་ གི་ བཅས་ ཀྱིས་ ལས་ དོན་ འདིའི་ སྐོར་ མཁྱེན་ རྟོག་ ཡོད་ མེད་ དང་ ། ཡོད་ ན་ དེའི་ ཐད་ ལས་ འགུལ་ ཅི་ ཞིག་ སྤེལ་ དང་ སྤེལ་ འཆར་ ཡོད་ དམ" ཞེས་ སོགས་ འཁོད་ འདུག དུས་བབ་དྲ་བ་ནས།།