
དེ་ རིང་ ཉིན་ གུང་ ཆུ་ ཚོད་ ༡༢ ཙམ་ ལ། སྡེ་ དགེ་ རྒྱལ་ ཡོངས་ ལྷན་ ཚོགས་ ཀྱི་
སྐབས་ དེར་ སྡེ་ དགེ་ རྒྱལ་ ཡོངས་ ལྷན་ ཚོགས་ ཀྱི་ དབུས་ དྲུང་ ཆེ་ འགྱུར་ མེད་ རྡོ་ རྗེ་ ལགས་ ཀྱིས། མར་ མེའི་ ཁྲོམ་ སྐོར་ གྱིས་ འཛམ་ གླིང་ མི་ མང་ ལ་ བོད་ ནང་ གི་ ཛ་ དྲག་ གནས་ སྟངས་ ཤེས་ རྟོགས་ ཡོང་ བར་ ཕན་ ནུས་ ཆེན་ པོ་ ཐོན་ གྱི་ ཡོད་ སྐོར་ དང་ ། འཚེ་ མེད་ ཞི་ བའི་ ལྟ་ སྤྱོད་ ལ་ འཛམ་ གླིང་ མི་ མང་ གིས་ རྒྱབ་ སྐྱོར་ དང་ གུས་ བརྩི་ བྱེད་ བཞིན་ ཡོད་ སྟབས། ཞི་ བའི་ ཐབས་ ལམ་ ལ་ བརྟེན་ ནས་ བོད་ ཀྱི་ བདེན་ མཐའ་ སེལ་ ཐུབ་ པར་ ཡིད་ ཆེས་ བརྟན་ པོ་ ཡོད་ སྐོར་ སོགས་ བརྗོད་ རྗེས། དབྱིན་ བོད་ གཉིས་ ཐོག་ ནས་ ལྷན་ ཚོགས་ ཀྱི་ བསྒྲགས་ གཏམ་ ཡིག་ ཐོག་ ནས་ སྒྲོག་ སྦྱངས་ གནང་ ནང་ ། རྒྱ་ གཞུང་ གིས་ ཆ་ རྐྱེན་ གང་ ཡང་ མེད་ པའི་ ཐོག་ ནས་ འདན་ མ་ ཤུག་ པ་ སྡེ་ བའི་ སྡེ་ དཔོན་ རྒན་ གཞོན་ གཉིས་ མྱུར་ ཏུ་ ཀློད་ གྲོལ་ གཏོང་ དགོས་ པ་ དང་ ། འདན་ མ་ ཁུལ་ གྱི་ དམག་ མི་ རྣམས་ གང་ མགྱོགས་ ཕྱིར་ འཐེན་ གྱིས། ཉེ་ སྔོན་ དྲག་ གནོན་ འོག་ རྨས་ སྐྱོན་ ཕོག་ པའི་ རྨས་ མ་ ཚོར་ མྱུར་ ཏུ་ སྨན་ བཅོས་ ཀྱི་ མཐུན་ འགྱུར་ བསྐྲུན་ དགོས་ པ་ བཅས་ ཀྱི་ དགོས་ འདུན་ བཏོན་ ཡོད་ པ་ མ་ ཟད། རྒྱལ་ སྤྱིའི་ འགྲོ་ བ་ མིའི་ ཐོབ་ ཐང་ ལྷན་ ཚོགས་ སོགས་ ཞི་ བདེ་ དང་ དྲང་ བདེན་ ལ་ དགའ་ བའི་ རྒྱལ་ ཁབ་ དང་ ཚོགས་ སྡེ་ སོགས་ ནས་ འདན་ མའི་ ཛ་ དྲག་ གནས་ སྟངས་ ལ་ རྒྱབ་ སྐྱོར་ གནང་ བའི་ འབོད་ སྐུལ་ བྱས་ འདུག
སང་ ཉིན་ ཤེས་ རབ་ དགའ་ ཚལ་ སློབ་ གླིང་ གི་ དགེ་ སློབ་ ཡོངས་ ཀྱིས་ མཆོད་ འབུལ་ སྨོན་ ལམ་ སོགས་ གདུང་ སེམས་ མཉམ་ སྐྱེད་ ཀྱི་ ལས་ འགུལ་ སྤེལ་ འཆར་ ཡོད་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།